མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ཉེན་རྟོག་པས་གཅར་རྡུང་བཏང་སྟེ་མི་མང་པོ་རྐྱེན་ལམ་དུ་བཏང་།

བོད་ཀྱི་དུས་བབ།
༢༠༡༦/༡༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༠༩ ནས་ ༢༠༡༥ ལོའི་བར་རྒྱ་གར་ཉེན་རྟོག་པས་དོགས་ཡོད་ཉེས་ཅན་མི་མང་ ༦༠༠ ཙམ་ལ་སྡུག་སྦྱོང་མནར་གཅོད་བཏང་སྟེ་རྐྱེན་ལམ་དུ་བཏང་ཡོད་འདུག

དེ་རིང་ཨེ་ཕེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༠༩ ནས་ ༢༠༡༥ ལོའི་བར་རྒྱ་གར་གྱི་བཙོན་ཁང་དང་བཀག་བསྐྱིལ་ཁང་དག་ཏུ་ཉེན་རྟོག་པས་དོགས་ཡོད་མི་སྣར་ཉེས་རྡུང་བཏང་སྟེ་ཁྱོན་མི་ ༦༠༠ ཙམ་རྐྱེན་ལམ་བཏང་ཡོད་འདུག ལྷོ་ཨེ་ཤ་ཡའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ (HRW) རྒྱ་གར་གཞུང་གིས་དོགས་ཡོད་མི་སྣ་འཛིན་བཟུང་བཀག་བསྐྱིལ་དང་བཙོན་ཁང་གི་སྒྲིག་ཁྲིམས་དག་སྒྲིག་བྱས་ཏེ། ཉེན་རྟོག་པ་ཚོས་དོགས་ཡོད་མི་སྣར་མི་སྤྱོད་ལས་འདས་པའི་མནར་གཅོད་གཏོང་བཞིན་པར་ཁྲིམས་བཤེར་བྱེད་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་འདུག

ལྟ་ཞིབ་ཚོགས་པ་དེའི་སྙན་ཐོའི་ནང་། རྒྱ་གར་གྱི་ཉེན་རྟོག་པ་ཚོས་དོགས་ཡོད་མི་སྣ་འཛིན་བཟུང་དང་བཀག་བསྐྱིལ་བྱེད་སྟངས་སྐོར་གྱི་ཁྲིམས་སྒྲིག་བརྩི་སྲུང་མི་བྱེད་པར། གང་བྱུང་མནར་གཅོད་བཏང་སྟེ་འད་གྲོངས་ཕྱིན་རྗེས་ཉེས་ཅན་དེ་དག་གིས་རང་སྲོག་བཅད་པའམ་ན་ཚའི་དབང་གིས་འདས་གྲོངས་ཕྱིན་ཡོད་ལུགས་བཤད་པ་དང་། ཕྱི་ལོ་ ༢༠༡༥ ལོར་དོགས་ཡོད་མི་སྣ་ ༩༧ བཀག་བསྐྱིལ་ཁང་ནས་རྐྱེན་འདས་སུ་གྱུར་བའི་གྲས་ཀྱི་མི་ ༦༧ ཙམ་ཉེས་དོན་ཐག་ཆོད་མ་བྱུང་སྔོན་ལ། ཁོ་ཚོར་ཆུ་ཚོད་ ༢༤ རིང་འདྲི་བཅོད་བཏང་སྟེ་འདས་གྲོངས་སུ་ཕྱིན་ཡོད་འདུག

སྤྱིར་བཏང་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་ན། ཉེན་རྟོག་པ་དང་བཙོན་ཁང་གི་མི་སྣས་དོགས་ཡོད་མི་སྣ་འཛིན་བཟུང་དང་བཀག་བསྐྱིལ་བྱེད་སྟངས་སྐོར་གྱི་ཁྲིམས་སྒྲིག་བརྩི་སྲུང་བྱས་ཏེ། དོགས་ཡོད་མི་སྣའི་ནང་མི་དང་ཁྲིམས་ཁང་ཁག་ལ་གནས་ཚུལ་གསལ་བཤད་དང་། དོགས་ཡོད་མི་སྣའི་འཕྲོད་བསྟེན་བདེ་ཐང་ལའང་བརྟག་དཔྱད་སྨན་བཅོས་སོགས་བྱས་ཏེ་གང་མགྱོགས་ཉེས་དོན་ཐག་གཅོད་དགོས་ཀྱང་རྒྱ་གར་གཞུང་གིས་དེ་ལྟར་བྱས་མེད་སྟབས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས། ༢༠༠༩ ནས་ ༢༠༡༥ ལོའི་བར་བཀག་བསྐྱིལ་ཁང་དང་བཙོན་ཁང་ཁག་ཏུ་སྡུག་སྦྱོང་མནར་གཅོད་བཏང་སྟེ་འདས་གྲོངས་སུ་ཕྱིན་པའི་ཁྲོད་ནས་མི་སྣ་ ༡༧ ཙམ་གྱི་གནད་དོན་ཐོག དཔང་མི་དང་འདས་པོའི་ནང་མི། དེ་བཞིན། ཁྲིམས་ལུགས་ཆེད་མཁས་པ་དང་ཉེན་རྟག་པ་སོགས་མི་གྲངས་ ༧༠ བཅར་འདྲི་བྱས་པ་བརྒྱུད་ནས་རྒྱུས་ལོན་བྱས་ཡོད་འདུག

རྒྱ་གར་ཉེས་དོན་ཞིབ་བཤེར་ཚན་པས། ཕྱི་ལོ་ ༢༠༡༤ ལོར་རྒྱ་གར་བྱང་རྒྱུད་ཨོ་ཊར་ (Uttar) མངའ་སྡེ་ནང་ས་གནས་ཉེན་རྟོག་པ་མིང་ལ་ཤཱ་ཡ་མུ་ས་ཧྥི་ (Shyamu Singh) ཟེར་བ་ཞིག་གིས་དངུལ་དངོས་རྐུ་འཁྱེར་བྱས་པའི་ཉེས་ཅན་ཞིག་འཛིན་བཟུང་གིས་གཅར་རྡུང་བཏང་སྟེ་དྲན་མེད་དུ་རྒྱལ་མ་ཐག ཁོ་ཤི་ཟིན་པར་དོགས་ཏེ་མི་དེའི་ཁའི་ནང་ལ་དུག་རྫས་བླུགས་ཡོད་པ་དང་། རྗེས་སུ་ས་གནས་ཉེན་རྟོག་ཁང་གིས་མི་དེའི་ནང་མི་དང་ཁྲིམས་ཁང་ལ་ཤཱ་ཡ་མུ་ས་ཧྥི་ཡིས་དུག་འཐུང་ནས་རང་སྲོག་བཅད་ཡོད་ཚུལ་བཤད་དེ། ཉེན་རྟོག་ཕྱོགས་ཀྱི་ཁྲིམས་འགལ་གྱི་ནག་ཉེས་གསང་རྒྱ་བྱས་ཡོད་སྐོར་སོགས་བཀོད་འདུག

ལྷོ་ཨེ་ཤ་ཡའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་འགན་འཛིན་ལྕམ་མི་ནག་ཤཱ་གྷན་གྷུ་ལེ་ (Meenakshi Ganguly) ཟེར་བ་ཞིག་གིས། འདས་པའི་ལོ་ངོ་འདི་དག་རིང་ང་ཚོས་ཞིབ་འཇུག་བྱས་པའི་གྲུས་འབྲས་ལྟར་ན། རྒྱ་གར་གྱི་བཀག་བསྐྱིལ་ཁང་དང་བཙོན་ཁང་ཁག་ཏུ་ཉེན་རྟོག་པས་དོགས་ཡོད་མི་སྣ་ཚོར་འདྲི་གཅོད་སྡུག་སྦྱོང་བཏང་ནས་རྐྱེན་ལམ་དུ་ཤོར་བཞིན་པའི་གནད་དོན་ཧ་ཅང་ཚབས་ཆེན་ཆགས་འདུག ཅེས་བརྗོད་འདུག

གནས་ཚུལ་འདིའི་མཇུག་ཏུ། སྤྱིར་རྒྱ་གར་ནང་དོགས་ཡོད་མི་སྣར་སྡུག་སྦྱོང་མནར་གཅོད་གཏོང་ཆོག་གི་མེད་སྟབས། རྒྱལ་ཁབ་ཁག་གིས་རྒྱ་གར་ཉེན་རྟོག་པ་ཚོས་བཀག་བསྐྱིལ་ཁང་དང་བཙོན་ཁང་ཁག་ཏུ་དོགས་ཡོད་མི་སྣ་ཚོར་སྡུག་སྦྱོང་མནར་གཅོད་བཏང་ནས་རྐྱེན་ལམ་དུ་འཆོར་བཞིན་པའི་གནད་དོན་ཐེར་འདོན་བྱེད་ཀྱིན་ཡོད་ནའང་། རྒྱ་གར་ཉེན་རྟོག་ཕྱོགས་ནས་གནད་དོན་དེ་ལ་ཡ་ལེན་གསལ་པོ་ཞིག་སྤྲོད་རྒྱུ་མེད་པ་ཆགས་ཡོད་སྐོར་སོགས་བཀོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese