མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཤག་ནས་གོ་སྐབས་སྤྲོད་ཀྱི་ཡོད་ཀྱང་གོ་སྐབས་ལེན་མཁན་གྱི་བུད་མེད་དཔེ་ཉུང་ཉུང་རེད་འདུག

བོད་ཀྱི་དུས་བབ།
༢༠༡༧/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་གྱི་ཚོགས་ཆེན་ཐེངས་དང་པོ་མཇུག་བསྡོམས་ཐོག་སྲིད་སྐྱོང་མཆོག་ནས་ནུས་སྟོབས་གོང་སྤེལ་གྱི་སྲིད་བྱུས་གཏན་འབེབས་བྱུང་བ་ཁོ་ནས་མི་འགྲིག་པར་བུད་མེད་རང་ངོས་ནས་ཀྱང་ལག་ལེན་བསྟར་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

དེ་རིང་སྔ་དྲོར་༧གོང་ས་མཆོག་ནས་བོད་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་གྱི་ཚོགས་ཆེན་ཐོག་ཚོགས་བཅར་བའི་ཚོགས་ཞུགས་པ་ཚང་མར་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་བསྐྱངས་གྲུབ་རྗེས། བོད་ཀྱི་སྨན་རྩིས་ཁང་གི་ཚོགས་ཁང་དུ་ཐེངས་འདིའི་ཚོགས་ཆེན་མཇུག་བསྡོམས་ཀྱི་མཛད་སྒོ་ཚོགས་སོང་བ་དང་། མཛད་སྒོའི་ཐོག་མར་ཚོགས་ཆེན་གྱི་ཟིན་བྲིས་ཚོགས་ཆུང་ནས་ཚོགས་བཅར་པས་ཁྱོན་བསམ་འཆར་ ༣༠༠ ལྷག་བཏོན་ཡོད་པ་རྣམས་དོན་བསྡུས་བྱས་ཏེ། དོན་ཚན་ ༥༧ དུ་བཟོས་ནས་བརྙན་རས་བརྒྱུད་སྒྲོག་སྦྱངས་དང་། བརྗོད་གཞི་རེ་རེའི་ཐོག་དགོངས་ཚུལ་བསྡུ་ལེན་བཅས་གནང་སོང་།

མཇུག་བསྡོམས་ཐོག་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ནས་ཚོགས་བཅར་བའི་བསམ་ཚུལ་དང་འབྲེལ་བའི་ཐོག་གསུང་བཤད་གནང་སྐབས། ཚོགས་བཅར་བས་བཏོན་པའི་ཕྱོགས་བསྡོམས་དགོངས་འཆར་དོན་ཚན་ ༥༧ དེ་ཚང་མ་བཀའ་ཤག་ནས་ལག་བསྟར་ཐུབ་པ་ཡིན་ན་དགོས་པ་དེ་ཡིན་ཡང་། སྲིད་བྱུས་ཟེར་བ་དེ་སྒྲིག་འཛུགས་ནས་གཏན་འབེབས་བྱེད་ཀྱི་ཡོད་ཀྱང་། ལག་བསྟར་དེ་སྒྲིག་འཛུགས་གཅིག་པུས་བྱེད་དགོས་པའི་ཁྱབ་པ་མེད་པར་སྤྱི་ཚོགས་ཀྱི་ཚོགས་པ་དང་མང་ཚོགས། ཕ་མ་བཅས་ཚང་མར་འགན་ཡོད་པ་དང་། སྲིད་བྱུས་གཏན་འབེབས་གནང་རྗེས་རྡོ་ལ་རི་མོ་བརྐོས་པ་ལྟར་འགྱུར་བ་གཏོང་རྒྱུ་མེད་པ་ཞིག་མིན་སྟབས། སྐབས་དུས་དང་བསྟུན་ནས་བསྐྱར་བཅོས་དེ་འདྲ་ཡོང་སྲིད་ཀྱང་། དེ་རིང་འདི་འདྲ་བཤད་པ་དང་སང་ཉིན་འགྱུར་བ་གཏོང་བ་དེ་འདྲ་ཡོང་གི་མེད་པས་ལག་བསྟར་བྱས་ཏེ་རིམ་གྱིས་མ་ཐུབ་པ་དེ་ཐུབ་པ་བཟོ་བ་དང་། རྒྱུ་དང་རྐྱེན་ལ་བལྟས་ནས་འགྲོ་དགོས་སྐོར་དང་། དེ་བཞིན་༧གོང་ས་མཆོག་ནས་ཚོགས་བཅར་བ་རྣམས་ལ་བཀའ་སློབ་རྩ་ཆེན་པོ་གནང་ཡོད་པ་དེ་དུས་རྒྱུན་སེམས་ལ་བཞག་སྟེ་ལག་བསྟར་བྱེད་དགོས་པ་གལ་ཆེན་པོ་ཞེ་དྲགས་ཡིན་ལ། ལག་བསྟར་བྱེད་སྐབས་སྒྲིག་འཛུགས་དང་མང་ཚོགས། འགན་འཁུར་མཁན་བཅས་སོ་སོར་དཔག་པའི་ལག་བསྟར་དགོས་པ་རེ་ཡོད་སྟབས། ཧུར་ཐག་གིས་སོ་སོའི་ལས་འགན་དེ་ལག་བསྟར་བྱས་པ་ཡིན་ན་༧གོང་ས་མཆོག་ལ་མཇལ་ཁ་ཞུས་པའི་དོན་འགྲུབ་པར་བརྟེན། ཚང་མས་བཀའ་སློབ་སྙིང་ལ་བཅངས་ཏེ་སྲིད་བྱུས་དེའི་ཐོག་ནུས་པ་མཉམ་དུ་སྤུངས་དགོས་སྐོར་དང་། ཚོགས་ཆེན་སྐབས་ཚང་མས་འཚང་ཁ་ཤིག་ཤིག་གིས་ཆ་ཤས་བླངས་ཏེ་བགྲོ་གླེང་དང་དགོངས་འཆར་ལྷུག་པོར་གནང་བར་བཀའ་ཤག་ནས་དགའ་བསུ་དང་ཐུགས་རྗེ་ཆེ་ཞུ་ཡི་ཡོད་ལ། བཀའ་ཤག་གི་ངོས་ནས་སྔོན་རྩིས་ནང་བུད་མེད་ཀྱི་ཤེས་ཡོན་དང་འཕྲོད་བསྟེན་སོགས་གང་ཅིའི་ཐད་ནས་དགོངས་པ་རྒྱ་ཆེན་པོ་བཞེས་ཡོད་པས། དཔལ་འབྱོར་གྱི་མཐུན་རྐྱེན་དེ་ས་གནས་ས་ཐོག་ལ་ཁ་ཡོད་ལག་ཡོད་ཀྱིས་དོན་སྨིན་ཡོང་བར་ས་གནས་མགོ་འཛིན་རྣམ་པས་གཙོ་འགན་འཁུར་དགོས་སྐོར་སོགས་གསུངས་སོང་།

སྲིད་སྐྱོང་མཆོག་ནས་མཇུག་བསྡོམས་ཀྱི་གསུང་བཤད་གནང་སྐབས། བཀའ་ཤག་གི་ཆེད་མངགས་བུད་མེད་ནུས་སྟོབས་གོང་སྤེལ་གྱི་གླུ་གཞས་བརྩམས་དུ་བཅུག་ཡོད་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་དྲུང་ཆེ་དང་དྲུང་འཕར་སོགས་ཀྱིས་གྲུབ་པའི་བུད་མེད་ཀྱི་སློབ་སྟོན་ཚོགས་ཆུང་ཞིག་གཏན་འཇགས་སུ་བསྐོས་བཞག་གནང་ཚར་ཡོད་སྐོར་གསུངས་བ་དང་འབྲེལ། ད་ལན་བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་བུད་མེད་ཀྱི་ཚོགས་ཆེན་ཐེངས་དང་པོ་ཆགས་ཀྱི་ཡོད་ལ། བཀའ་ཤག་དང་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་བུད་མེད་སྤྱི་འཐུས་དང་བཀའ་ཟུར་རྣམས་ལ་མགྲོན་ཤོག་ཕུལ་ཏེ་ཕེབས་རོགས་ཞུས་ཡོད་ཀྱང་། སྒེར་གྱི་དུས་ཚོད་དང་ནང་གི་དཀའ་ངལ་གྱི་རྐྱེན་པས་ཕེབས་མ་ཐུབ་པ་དེ་ཐུགས་ཁག་མེད་ཀྱང་མགྲོན་ཤོག་མ་བཏང་བར་ལྷག་སོང་བ་དེ་འདྲ་མེད་ལ། ད་ལོའི་ཕྱི་ཟླ་དང་པོའི་ཚེས་ ༢ ཉིན་ཚོགས་འདུ་གསལ་བསྒྲགས་གནང་ཡོད་པ་དང་། ཚོགས་ཞུགས་པ་མི་གྲངས་ ༣༥༠ བསླེབ་པའི་ཚོད་དཔག་གནང་སྟེ་འཚང་ཁ་ཤིག་ཤིག་གིས་ཁ་པར་དང་གློག་འཕྲིན་བཏང་ནས་ཡོང་གི་རེད་བསམ་ཡོད་ཀྱང་། ཚོགས་བཅར་ཐོ་འགོད་ཀྱི་དུས་ཚོད་ཕྱི་ཟླ་དང་པོའི་ཚེས་ ༣༡ ཉིན་བར་ཐོ་འགོད་བྱེད་མཁན་ ༤༥ ཙམ་ལས་བྱུང་མེད་སྟབས། ཕྱི་ཟླ་ ༢ ཚེས་ ༡༥ བར་དུ་ཕྱིར་འགྱངས་བྱེད་དགོས་ཁེལ་ཡོད་སྟབས། མ་འོངས་པར་རང་འགན་རང་འཁུར་གྱིས་བུད་མེད་ཀྱི་ཚོགས་ཆེན་ཐོག་འཚང་ཁ་ཤིག་ཤིག་གིས་བཅར་དགོས་པ་དེ་གལ་ཆེན་པོ་ཡིན་སྐོར་དང་། ང་ཚོའི་སྤྱི་ཚོགས་ནང་བུད་མེད་ལ་གོ་སྐབས་སྤྲོད་དགོས་ཀྱི་འདུག ས་གནས་མགོ་འཛིན་བུད་མེད་མང་པོ་དགོས་ཀྱི་འདུག་ཅེས་བརྗོད་ཀྱི་ཡོད་པ་ལྟར། བཀའ་ཤག་ནས་ཀྱང་བུད་མེད་ཚོར་གོ་སྐབས་སྤྲོད་ཐུབ་པའི་ཐུགས་རེ་གནང་གི་ཡོད་ཀྱང་གོ་སྐབས་ལེན་མཁན་གྱི་བུད་མེད་ཉུང་ཉུང་ཡིན་སྐོར་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་ནས་ཞབས་བཀྱག་དང་ཐོབ་ཐང་གི་ཆེད་དུ་མིན་པར་བྱམས་སྙིང་རྗེ་སྒོམ་པའི་ཐོག་ནས་བོད་མི་ས་ཡ་དྲུག་གི་ཆེད་དུ་ངས་དཀའ་ལས་མི་རྒྱག་ན་སུས་རྒྱག སྐྱོ་བོ་ཉམ་ཐག་གི་ཆེད་དུ་ངས་དཀའ་ལས་མི་རྒྱག་སུས་རྒྱག་དེའི་དོན་དུ་དཀའ་ལས་བརྒྱབ་སྟེ་ཞབས་ཞུ་ཞུ་རུ་འགྲོ་ཡི་ཡིན་བསམ་པའི་མགོ་འཁྲིད་ཅིག་དགོས་ཀྱི་ཡོད་ལ། དེའི་ནང་ནས་ཀྱང་བུད་མེད་ཅིག་དགོས་ཀྱི་ཡོད་པ་དང་། ༧གོང་ས་མཆོག་ནས་བུད་མེད་ལ་བྱམས་སྙིང་རྗེ་ཡི་གཞི་དང་རེ་བ་ཆེ་བ་འདུག་གསུང་གི་ཡོད་པ་ལྟར། བྱམས་སྙིང་རྗེ་ཟེར་བ་དེ་ཧ་ལས་པའི་གཏིང་ཟབ་པོ་ཡིན་ལ། བྱམས་སྙིང་རྗེ་ཅན་གྱི་མགོ་འཁྲིད་ཅིག་ཡོད་ན། དང་པོ་ཀུན་སློང་རང་ལ་མིང་དང་གཏམ། དབང་ཆ་བཅས་མེད་དུས། དཀའ་ངལ་གདོང་ལེན་ག་ཚོད་བྱེད་དགོས་ཀྱི་ཡོད་ནའང་སྙིང་སྟོབས་ཤིག་རང་བཞིན་གྱིས་ཡོང་གི་ཡོད་པ་དང་། དེ་བཞིན་མགོ་འཁྲིད་ཆགས་ཏེ་མིང་དང་གཏམ། དབང་བཅས་ཡོད་བསམ་པའི་ང་རྒྱལ་གྱི་མགོ་གནོན་ཐུབ་ལ། གཞན་གྱིས་སྐྱོན་བརྗོད་སོགས་བྱས་ཏེ་སེམས་ཤུགས་མར་ཆགས་པའང་ཡར་འཕར་ཐུབ་པ་སོགས་བྱམས་སྙིང་རྗེ་ཟེར་བ་དེ་ནུས་སྟོབས་ཆེ་ཤོས་དང་གཏིང་ཟབ་ཤོས་དེ་ཡིན་སྟབས། དེ་འདྲ་ཀུན་སློང་འཁུར་ཏེ་མགོ་འཁྲིད་བྱེད་ཐུབ་མཁན་ཞིག་ཡིན་ན་སྐྱེས་པ་དང་བུད་མེད་སུ་ཡིན་མིན་ལ་མ་ལྟོས་པར་སྤྱི་པར་ཕན་ཐོགས་ཀྱི་ཡོད་སྐོར་སོགས་གསུངས་སོང་།

ཉེ་སྔོན་བཀའ་ཤག་ནས་གཏན་འབེབས་གནང་བའི་སྲིད་བྱུས་དོན་ཚན་ ༧ དེ། བུད་མེད་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་དང་ཤེས་འཕྲོད་དཔལ་གསུམ། འཛིན་སྐྱོང་དང་མགོ་འཁྲིད། སྤྱི་ཚོགས། བུད་མེད་ལ་བཙན་དབང་དང་རྩུབ་སྤྱོད་རིགས་འགོག་ཐབས་བཅས་ཀྱི་བརྗོད་གཞིའི་ཐོག་ཚོགས་བཅར་བ་རྣམ་པས་ཉིན་གྲངས་གཉིས་ལྷག་རིང་བགྲོ་གླེང་གནང་བ་བརྒྱུད། བོད་ཕྱི་ནང་གཉིས་ཀྱི་བུད་མེད་བར་འབྲེལ་ལམ་དམ་ཟབ་ཏུ་གཏོང་བ་དང་། བོད་ནས་གསར་དུ་ཡོང་བའི་བུད་མེད་ཚོར་སྣེ་ལེན་དང་བསམ་ཚུལ་བརྗེ་ལེན་དགོས་པ་མ་ཟད། བཙན་བྱོལ་ནང་གི་བུད་མེད་ཚོས་བོད་ནང་གི་བུད་མེད་ཀྱི་གནས་སྟངས་ལ་ཞིབ་འཇུག་མཐར་ཕྱིན་གྱིས་དཔེ་དེབ་བཏོན་ཏེ། རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་སུ་འབུལ་དགོས་པ། དེ་བཞིན། བཙན་བྱོལ་ནང་གི་བུད་མེད་ཤེས་ཡོན་རྩེ་ཕུད་རྣམས་ལ་ས་གནས་ཀྱི་ཁོངས་སོ་སོ་ནས་ལོ་ལྟར་གཟེངས་རྟགས་སྤྲོད་པ་དང་། སློབ་སྦྱོང་གི་གོ་སྐབས་ཤོར་བའི་བུད་མེད་ལ་གོ་སྐབས་བསྐྱར་བསྐྲུན། སློབ་ཕྲུག་བུ་མོར་མངལ་ཆགས་ཚེ་སློབ་གྲྭ་དང་ཕ་མ་ཐུན་མོང་ནས་མ་སྨད་གཉིས་ལ་ལྟ་སྐྱོང་མུ་མཐུད་དགོས་པ་དང་། དེ་བཞིན་སློབ་གྲྭ་ཁག་གི་བསླབ་གཞིའི་ནང་བྱིས་པ་དང་བུད་མེད་ལ་ཕན་པའི་སེམས་ཁམས་རིག་པའི་སློབ་ཚན་དགོས་ངེས་པ་དང་། བུད་མེད་ཚོང་བདག་ཆེན་མོ་གསོ་སྐྱོང་དང། ས་གནས་མགོ་འཛིན་བུད་མེད་མང་དུ་གཏོང་བ་གང་མྱུར་ལག་བསྟར་དགོས་པ།

གཞན་ཡང་། འཛིན་སྐྱོང་བཀའ་ཤག་ནང་བུད་མེད་བཀའ་བློན་གཉིས་དང་། ས་འཐུས་དང་རང་བདེན་ཚོགས་ཆུང་ནང་བུད་མེད་ཀྱི་ཚོགས་མི་བརྒྱ་ཆ་ ༢༠ ལས་མ་ཉུང་བའི་ས་མིག་ཟུར་བཅད་དགོས་པ། བུད་མེད་རྣམས་སྤྱི་ཚོགས་དང་ཆབ་སྲིད་མགོ་འཁྲིད་ཀྱི་ལས་སྒོར་ཞུགས་པར་བུད་མེད་ཚོས་དམིགས་བསལ་རྒྱབ་སྐྱོར་དགོས་པ། ཕ་མས་སོ་སོའི་བྱིས་པ་བུ་དང་བུ་མོར་གཟིགས་ཕྱོགས་འདྲ་མཉམ། ཕོ་མོ་འདྲ་མཉམ་མ་ཡོང་བའི་རྒྱུ་རྐྱེན་ལ་ཞིབ་འཇུག་ཆེད་ཚོགས་ཆུང་ཟུར་འཛུགས་དགོས་པ། བོད་པའི་སྤྱི་ཚོགས་ནང་དང་ལྷག་པར་སློབ་གྲྭ་ཁག་ནང་བུད་མེད་ལ་བཙན་དབང་དང་རྩུབ་སྤྱོད་རིགས་བྱུང་ཚེ་ས་གནས་ཉེན་རྟོག་པར་ཡ་ང་སྙིང་རྗེ་མེད་པར་རྩིས་སྤྲོད་དགོས་པ་དང་། གནད་དོན་དེ་རིགས་ལ་ཞིབ་འཇུག་སྙན་ཐོ་འདོན་པ་དང་སྔོན་འགོག་གི་གོ་བསྐོན་སློབ་གསོ་སྤྲོད་པ་མ་ཟད། བུད་མེད་ལ་བརྙས་བཅོས་རིགས་བྱུང་ན་ཐད་ཀར་ཞུ་གཏུག་བྱེད་སའི་སྡེ་ཚན་ཟུར་འཛུགས་དགོས་པ་སོགས་ཀྱི་བསམ་འཆར་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

From left 1. BTSM women members, 2. Shri Rupesh Kumar, National Central Executive Member of Rashtriya Swayamsevak Sangh (RSS), 3. Shri Lt. Gen. R.K. Sharma (Retd.), 4. Shri Indresh Kumar, Patron of BTSM, 5. Thupten lungrig, Former Cabinet Minister, 6. Shri Pankaj Goyal, National Organisational Secretary, BTSM, 7. Shri Sanjeev Manmotra, BTSM Jammu.
Mobile App

ལུས་སེམས་གཉིས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན།

ཆུ་ཚོད་ ༡༡ སྔོན་ལ།
དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་གར་གསར་ལམ་ཁག་གི་པར།
Mobile App

དགེ་འདུན་པ་ཞིག་དམར་གསོད་བཏང་བའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༡༣ སྔོན་ལ།
བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

༢༠༢༦/༠༥/༠༥
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

༢༠༢༦/༠༥/༠༥
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

༢༠༢༦/༠༥/༠༥
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤

མཆན། 3

  1. ྗAbharu Jigwang says:
    ལོ་ 9 སྔོན།

    ༄༅། ད་རིང་ཁ་སང་བུད་མེད་ལ་དབྱེ་མེད་ཐོབ་ཐང་གཅིག་པ་དགོས་སྐོར་ཡང་སེ་བཤད་ཀྱི་འདུག་པ་བེུད་རང་ཉིད་ནས་
    མ་བྱོན་པ་དང་སྤྱི་ཚོགས་ནང་ལ་ཡར་ཐོན་མ་ཐུབ་པར་བསྡད་ཡོད་པ་མ་གཏོགས་༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་
    བཞི་པ་འདིའི་ཕྱི་ལོ་ ༡༩༦༠ ནས་བཟུང་ནས་བཅའ་ཁྲིམས་གཏན་འདེབས་དང་། ལྷག་པར་དུ་སྤྱི་འཐུས་ནང་བུད་མེད་ས་མིག་དམིགས་བསལ་ཟུར་བཅད་གནང་ཡོད་པ་ཤེས་དགོས་པ་རེད།གཞུང་གི་ལས་བྱེད་ནང་ཕོ་མོ་དབྱེ་བ་མེད་པ་འཛུལ་ཞུགས་ཆོག་པའི་ལམ་ཀ་ཡོད་པ་རེད།ལྷག་པར་དུ་བོད་ཀྱི་ལོ་རྒྱུས་ནང་བྱུང་མ་མྱོང་བ་སྔ་མོ་ནས་སྐྱབས་མགོན་རིན་པོ་ཆེས་བཙུན་མ་ཚོའི་མདོ་སྔགས་གཞུང་ལ་ངེས་པར་སློབ་སྦྱོང་བྱས་ཏེ་དགེ་བཤེས་མ་
    ཆགས་ཐུབ་པ་བྱེད་དགོས་བཀའ་ནན་ཡང་སེ་བ་ལ་བརྟེན་ནས་ཉེ་ཆར་བཙུན་མ་ ༢༠ དགེ་བཤེས་མ་ཆགས་ཐུབ་པ་རེད། སོ་སོ་རང་ཉིད་ནས་འབད་བརྕོན་བྱེད་དགོས་པ་ཞིག་རེད།
    གཉིས་པ་ནི།བེུད་ལ་བཙན་དབང་རྩུབ་སྤྱོད་བརྙས་བཅོས་འགོག་ཐབས་སྐོར་འདི་ནི་འཛམ་གླིང་རྒྱལ་ཁབ་མང་པོའི་ནང
    སེལ་ཐབས་མེད་པར་ཡོད་པ་ཞིག་རེད་། གཙོ་ཆེ་ཤོས་ནི་་དཔལ་འབྱོར་གྱི་ཐོག་ནས་ཡོང་གི་ཡོད། དཔེར་ན་ང་རང་ཚོའི་གནས་ཚང་རྒྱ་གར་ལ་ལྟོས་དང་་ད་ལྟ་ཡང་གྲངས་ཀྱི་མི་ལངས་པ་ཡོད་པ་རེད།
    ཕྱི་རྒྱལ་ནང་ལ་དཔེ་བཞག་ན་ཨ་རི་དང་་་ཁེ་ན་ཌའི་ནང་ལ་ཁྲིམས་མཐུན་ཆང་ས་མ་བརྒྱབ་པར་ཕྲུ་གུ་མངལ་དུ་ཆགས་པ
    ཕལ་ཆེར་བརྒྱ་ཆ་བཞི་བཅུ་ལྔ་བཅུ་ལྷག་ཡོད་ལབ་ལ་འགྲིགས་པ་ལྟ་བུ་རེད།ཕོ་མོའི་འདོད་ཆགས་ཟེར་བ་འདི་སེམས་ཅན་ཡོད་དོ་ཅོག་ལ་རང་བཞིན་གྱི་རང་དབང་མེད་པར་ཡོང་གི་ཡོད་པ་རེད།
    ཁྲིམས་སྒྲིག་མང་པོ་བཟོས་ཀྱང་ལག་ལེན་དུ་མ་འཁེལ་བ་གྲངས་ལས་འདས་པ་རེད།ནང་ལུས་ངག་ཡིད་གསུམ་ལ་འགྱུར་བ་
    ཞིག་ཐེབས་དགོས་པ་རེད། འདི་ནི་ལས་སླ་བོའི་ཐོག་ནས་འགྱུར་བ་ཡོང་རྒྱུ་དཔེ་མི་སྲིད་པའི་ཁག་པོ་རེད།
    དེ་ཡང་བོད་ཀྱི་མཁས་པས།
    བློ་སྦྱོང་བློ་སྦྱོང་རང་གི་བློ་སྦྱོང་ཤིག། བྱང་ཆུབ་སེམསས་ཀྱི་རང་གི་བློ་སྦྱོང་ན་།
    ལུས་ངག་དགེ་བ་སྣ་གཅིག་མ་འགྲུབ་ཀྱང། ཐར་པའི་ལམ་ལས་གཞན་དུ་འགྲོ་ས་མེད་། ཅེས་གསུངས་པ་ལྟར་རོ།
    འདི་ལྟ་བུ་ཞུ་རྒྱུ་མང་པོ་ཡོད་ཀྱང་དེ་རིང་འདི་ཙམ་ཡིན།

    Reply
  2. གཡུ་སྒང་དགེ་འདུན། says:
    ལོ་ 9 སྔོན།

    ཡིག་ནོར་རེ་ཟུང་ཤོར་འདུག་པས་ཀློག་མཁན་རྣམས་ལ་དགོངས་དག་ཞུ། ནོར་བཅོས། “བསམ་བཏོན་པ་”བསམ་ཚུལ་བཏོན་པ་ཞེས་བཅོས་དགོས། “འགོ་བཙུགས་ན་ཞིབ་འཇུག་བྱེད་མཁན་དེ་ཚོའི་བུད་མེད་” ་་་་ཞིབ་འཇུག་བྱེད་མཁན་དེ་ཚོས་་་ཞེས་བཅོས་དགོས།

    Reply
  3. གཡུ་སྒང་དགེ་འདུན། says:
    ལོ་ 9 སྔོན།

    བསམ་བཏོན་པ་དེ་དག་ལས་ནང་དོན་གསུམ་གྱི་ཐད་ལ་ཚིག་གསུམ་བཤད་འདོད་བྱུང་།
    1བོད་ནས་གསར་དུ་ཡོང་བའི་བུད་མེད་ཚོར་སྣེ་ལེན་དང་བསམ་ཚུལ་བརྗེ་ལེན་དགོས་པ་མ་ཟད། བཙན་བྱོལ་ནང་གི་བུད་མེད་ཚོས་བོད་ནང་གི་བུད་མེད་ཀྱི་གནས་སྟངས་ལ་ཞིབ་འཇུག་མཐར་ཕྱིན་གྱིས་དཔེ་དེབ་བཏོན་ཏེ། རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་སུ་འབུལ་དགོས་པ། ཞེས་པ་དེ་ལས་བོད་ནས་གསར་དུ་ཞེས་པ་ནས་མ་ཟད་ཅེས་པ་དེ་དགོས་ངེས་ཤིག་རེད། འོན་ཀྱང་བཙན་བྱོལ་ནང་གི་བུད་མེད་ཚོས་ཞེས་པ་ནས་བཏོན་ཏེ། ཞེས་པའི་བར་དེ་ལ་གཟབ་དགོས་ངེས་འདུག ང་ཚོ་བཙན་བྱོལ་ཁྲོད་ནས་བུད་མེད་ཞིབ་འཇུག་བྱེད་པའི་ཤེས་ཚད་ལོན་མཁན་ཡོད་མེད་ཀྱི་ཐད་ཐེ་ཚོམ་དུ་གྱུར་ཡོད། དེར་བརྟེན་ཞིབ་འཇུག་བྱེད་དུས་དངོས་ཡོད་གནས་ཚུལ་རང་ནས་འགྲོ་རྒྱུ་ལས་དེང་སྐབས་ཞིབ་འཇུག་ཡིན་མདོག་གིས་དེབ་རེ་ཟུང་བཏོན་བཞིན་པའི་སྐོར་ལ་བལྟས་ན་དོན་དངོས་དང་མ་མཐུན་པ། མ་ཡིན་པ་ཡིན་པ་ཡིན་པ་མིན་པ་བཏང་སྟེ་ཁ་ནང་ལ་ཡོང་ཚོད་བཤད་ཀྱི་ཡོད་པའི་རྣམ་པ་ངང་ངམ་ཤིག་གེར་ཡོང་གི་འདུག དེ་གཟབ་བྱ་ཞིག་རེད། གལ་སྲིད་ཞིབ་འཇུག་བྱེད་པའི་ལས་འགོ་བཙུགས་ན་ཞིབ་འཇུག་བྱེད་མཁན་དེ་ཚོའི་བུད་མེད་དང་སྐྱེས་པ་སུ་ཡིན་ཡང་དོན་དངོས་ཡིན་པའི་རྗེས་ལ་ཡག་ཉེས་གང་ཡིན་ཡང་ཕྱི་གསལ་ནང་གསལ་གྱིས་བཏོན་དགོས་པ་གལ་ཆེན་རེད། སྐྱོན་ཡོད་པ་རྣམས་སྦས་ཅི་ཐུབ་གཏན་ནས་བྱེད་རྒྱུ་མེད།

    2སློབ་སྦྱོང་གི་གོ་སྐབས་ཤོར་བའི་བུད་མེད་ལ་གོ་སྐབས་བསྐྱར་བསྐྲུན། སློབ་ཕྲུག་བུ་མོར་མངལ་ཆགས་ཚེ་སློབ་གྲྭ་དང་ཕ་མ་ཐུན་མོང་ནས་མ་སྨད་གཉིས་ལ་ལྟ་སྐྱོང་མུ་མཐུད་དགོས་པ་དང་། ཞེས་པའི་སློབ་སྦྱོང་གི་གོ་སྐབས་ཤོར་བའི་བུད་མེད་ལ་གོ་སྐབས་བསྐྱར་བསྐྲུན་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་རེད། ཡིན་ནའང་སློབ་གྲྭ་ནས་མ་སྨད་གཉིས་ལ་ལྟ་སྐྱོང་བྱེད་པའི་ལམ་ལུགས་སྲོལ་དེ་དར་ན་སློབ་ཕྲུག་བུ་མོ་མང་པོས་མ་སྨད་གཉིས་ལ་སློབ་གྲྭའི་བདག་པོ་རྒྱག་གི་རེད་ཅེས་མངལ་ཆགས་མཁན་མང་པོ་བྱུང་ན་ག་རེ་བྱེད་དགོས། ངན་པ་ལངས་ཤོར་དུ་འགྲོ་ཐག་ཆོད་རེད། འདི་བསམ་བློ་གཏོང་དགོས་ཡུལ་ཞིག་རེད། རང་གི་བྱས་པ་རང་དང་། ལྕགས་ཀྱི་ཕུར་བུ་སྙིང་ཞེས་པའི་དཔེ་ལྟར་རང་འགན་རང་ལ་འཁུར་བཅུགས་ན་ཞེ་སྣང་གི་དོག་ཟོན་བྱེད་པའི་དགོས་པ་ཡོད་རེད་སྙམ།

    3གཞན་ཡང་། འཛིན་སྐྱོང་བཀའ་ཤག་ནང་བུད་མེད་བཀའ་བློན་གཉིས་དང་། ས་འཐུས་དང་རང་བདེན་ཚོགས་ཆུང་ནང་བུད་མེད་ཀྱི་ཚོགས་མི་བརྒྱ་ཆ་ ༢༠ ལས་མ་ཉུང་བའི་ས་མིག་ཟུར་བཅད་དགོས་པ། བུད་མེད་རྣམས་སྤྱི་ཚོགས་དང་ཆབ་སྲིད་མགོ་འཁྲིད་ཀྱི་ལས་སྒོར་ཞུགས་པར་བུད་མེད་ཚོས་དམིགས་བསལ་རྒྱབ་སྐྱོར་དགོས་པ། ཞེས་པར་འཛིན་སྐྱོང་བཀའ་ཤག་ནང་བུད་མེད་བཀའ་བློན་གཉིས་དང་། ས་འཐུས་དང་རང་བདེན་ཚོགས་ཆུང་ནང་བུད་མེད་ཀྱི་ཚོགས་མི་བརྒྱ་ཆ་༢༠་ལས་མ་ཉུང་བའི་ས་མིག་ཟུར་བཅད་དགོས་པ། ཞེས་པ་དེ་ཧ་ཅང་གི་བསམ་བློ་གཏོང་དགོས་པ་ཡུལ་རེད། བསམ་བློ་ཞིབ་ཏུ་མ་བཏང་ན་བྱས་ཉེས་བྱུང་ན་ང་ཚོ་བོད་སྤྱིའི་ལས་དོན་ལ་གནོད་ངེས་རེད། བུད་མེད་འཛིན་སྐྱོང་བཀའ་བློན་ལ་སྡོད་ཐུབ་པའི་འཇོན་ཐང་ཡོད་ན་བཀའ་བློན་གྱི་ས་མིག་ཆ་ཚང་ཡོད་པ་རེད། འོན་ཀྱང་། དེ་ལ་སྤྱི་འཐུས་ཁྲོད་དུ་བུད་མེད་གཉིས་ཀྱི་ས་མིག་འཇོག་སྟངས་དེ་འདྲ་བྱས་ན་གཏན་ནས་ཡོང་གི་མ་རེད། འདི་གཞུང་གི་བཀའ་བློན་རྣམ་པའི་གཙོས་ལས་སྣེ་ཡོང་གིས་ཐུགས་བསམ་ནན་ཏན་གཏོང་དགོས་ངེས་རེད། དེ་འདྲ་བྱས་ན་ཉི་མ་ཞིག་ལ་ང་ཚོའི་འཛིན་སྐྱོང་འདི་རྒྱུ་མ་མི་ལ་མ་ཕན། རྒྱུ་ཁུ་ཁྱི་ལ་མ་ཕན་ཞེས་པའི་དཔེ་རུ་འགྱུར་ཐག་ཆོད་རེད། ས་འཐུས་དང་རང་བདེན་ཚོགས་ཆུང་ནང་བུད་མེད་ཚོགས་མི་བརྒྱ་ཆ་༢༠ ཟེར་པ་དེ་ལའང་བུད་མེད་རང་གི་འཇོན་ཐང་གི་སྒང་ནས་ཡོང་ན་བུད་མེད་ཡར་སླེབས་མཁན་དེ་རིན་ཐང་དང་ཕན་ནུས་ལྡན་པ་རེད། དེ་མིན་ང་ཚོས་སྤྱི་འཐུས་ཁྲོད་བུད་མེད་གཉིས་ཨུ་ཚུགས་བརྒྱབ་སྟེ་འགྲོ་སྟངས་བཞིན་སོང་ན་དེ་འདྲའི་ནུས་པ་མེད་པ་མིག་མཐོང་ལག་ཟིན་རེད། སྐུ་མཁྱེན་དེ་འདྲ་མི་ཡོང་བའི་རེ་བ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese