མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཅིག་གི་སྲིད་བྱུས་དགོས་ན། རྒྱ་གར་གཅིག་གི་སྲིད་བྱུས་ཅིའི་ཕྱིར་མི་དགོས།

བོད་ཀྱི་དུས་བབ།
༢༠༡༧/༠༣/༠༤
Share on FacebookShare on TwitterShare on EmailShare on Whatsapp

ད་ལོའི་ཕྱི་ཟླ་ ༤ པའི་ཚེས་ ༡༣ ཕའི་ཉིན་༧གོང་ས་མཆོག་ཨཱ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་དུ་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་པ་མ་ཟད། སྐབས་དེར་རྒྱ་གར་ནང་སྲིད་བློན་ཆེན་གཞོན་པ་དང་ཨཱ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སོགས་དང་མཇལ་འཕྲད་གནང་རྒྱུ་ཡིན་སྟབས། རྒྱ་ནག་པེ་ཅིན་གཞུང་གིས་ཏཱ་ལའི་བླ་མ་ཨཱ་རུ་ན་ཅལ་མངའ་ཁུལ་དུ་ཕེབས་བཅུག་པ་དེས་རྒྱ་དཀར་ནག་གི་འབྲེལ་ལམ་ལ་དོ་ཕོག་བཟོ་རྒྱུ་ཡིན་ལུགས་བཤད་འདུག

རུའུ་ཊིར་(REUTERS)གསར་ཁང་གི་གནས་ཚུལ་ནང་བཀོད་དོན། རྒྱ་གར་བྱང་ཤར་ཨཱ་རུ་ན་ཅལ་མངའ་སྡེ་ནི་ད་ལྟ་རྒྱ་གར་མངའ་ཁོངས་སུ་ཡོད་ཀྱང་། རྒྱ་ནག་གཞུང་གིས་མངའ་ཁུལ་དེ་རྒྱ་ནག་གི་མངའ་ཁོངས་ཡིན་ལུགས་བཤད་ཀྱི་ཡོད་སྟབས། རྒྱ་དཀར་ནག་བར་གྱི་རྣོ་ངར་ལྡན་པའི་རྩོད་རྙོག་ཅིག་ཆགས་ཡོད། རྒྱ་ནག་ཕྱོགས་ནས་ཧི་མ་ལ་ཡའི་ཤར་རྒྱུད་མངའ་སྡེ་ལ་ “ལྷོ་བོད”ཞེས་རྒྱ་ནག་གི་མངའ་ཁོངས་ཡིན་པར་རྗོད་ཀྱི་ཡོད་པ་མ་ཟད། ཕྱིའི་རྒྱལ་ཁབ་ཁག་དང་། ཐ་ན་རྒྱ་གར་གྱི་དཔོན་རིགས་ཚོ་མངའ་ཁུལ་དེའི་ནང་སྐོར་སྐྱོད་བྱེད་པར་ངོ་རྒོལ་བྱེད་ཀྱིན་ཡོད།

རྒྱ་དཀར་ནག་གི་མཐའ་མཚམས་སྲུང་སྐྱོབ་དང་དམག་དོན། དེ་བཞིན། པེ་ཅིན་གཞུང་དང་པ་ཀི་སི་ཐན་བར་གྱི་འབྲེལ་ལམ་སོགས་ལ་བརྟེན་ཏེ། རྒྱ་གར་ལྡི་ལི་གཞུང་དང་རྒྱ་ནག་པེ་ཅིན་གཞུང་གཉིས་བར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་སྐབས་འདིར། ༧གོང་ས་ཏཱ་ལའི་བླ་མ་མཆོག་ཨ་རུ་ན་ཅལ་མངའ་ཁུལ་ཕེབས་རྒྱུ་ཡིན་སྟབས་རྒྱ་དཀར་ནག་གཉིས་བར་གྱི་རྩོད་གླེང་ཆེ་རུ་འགྲོ་སྲིད། རྒྱ་ནག་གཞུང་གིས་དུས་རྒྱུན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི། ཉེན་ཁ་ཆེ་བའི་ཁ་བྲལ་རིང་ལུགས་པ་ཞིག་ཡིན་ལུགས་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཀྱིན་ཡོད།

པེ་ཅིན་གཞུང་གི་གནོན་ཤུགས་འོག རྒྱ་གར་གཞུང་སྔོན་མ་དག་གིས་༧གོང་ས་མཆོག་ལ་གཞུང་འབྲེལ་ཐོག་ནས་མཇལ་འཕྲད་གནང་རྒྱུར་ཐེ་ཚོམ་བྱེད་ཀྱིན་ཡོད་ནའང་། ད་ལྟའི་རྒྱ་གར་སྲིད་བློན་ནཱ་རིན་ཌ་ར་མོ་ཌེ་གཞུང་གིས་ཕྱི་གསལ་ནང་གསལ་ཐོག་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཇལ་འཕྲད་ཞུ་རྒྱུ་ཡིན་སྐོར་གསལ་བཤད་བྱས་ཡོད་སྟབས་པེ་ཅིན་གཞུང་ལ་ཁོང་ཁྲོ་ཆེན་པོ་བསླངས་ཡོད་འདུག

རྒྱ་གར་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ཀེ་རིན་རེ་རྗེ་རྗུ་ (Kiren Rijiju) ལགས་ཀྱིས། རོའུ་ཊར་གསར་འགོད་པའི་བཅར་འདྲིའི་སྐབས་བརྗོད་དོན། “ང་ཚོས་མཐོང་གསལ་ལྟར། འདི་ནི་ད་ལྟའི་རྒྱ་གར་གཞུང་གི་འགྱུར་བ་ཆེན་པོ་ཞིག་རེད་ལ། རྒྱ་གར་གཞུང་གི་གདེང་སྤོབས་ཀྱང་ཆེ་རུ་ཕྱིན་ཡོད།” ཅེས་བརྗོད་འདུག

སྐུ་ཞབས་རེ་རྗེ་རྗུ་ལགས་ནི་རྒྱ་གར་བྱང་ཤར་ཨཱ་རུ་ན་ཅལ་མངའ་སྡེ་ནས་ཡིན་ཞིང་། ཁོང་ནི་སྲིད་བློན་མོ་ཌེ་ཡི་ཐད་བསྐོས་བོད་དོན་འབྲེལ་གཏུག་པ་ཡིན། ཁོང་ཐེངས་འདིར་༧གོང་ས་ཏཱ་ལའི་བླ་མ་མཆོག་རྟ་དབང་དགོན་པར་ཆིབས་སྒྱུར་བསྐྱང་སྐབས་མཇལ་འཕྲད་ཞུ་རྒྱུ་ཡིན་འདུག

སྐུ་ཞབས་རེ་རྗེ་རྗུ་ལགས་ཀྱིས། “ཨཱ་རུ་ན་ཅལ་མངའ་སྡེ་ནང་གི་དད་ལྡན་མི་མང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ཆིབས་སྒྱུར་བསྐྱང་བར་གསོལ་འདེབས་ཞུས་པ་བཞིན་ཐེངས་འདིར་ཕེབས་ཀྱི་ཡོད་པ་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནས་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་གི་ཡོད་སྟབས། རྒྱ་གར་ཕྱོགས་ནས་ཁོང་གི་ཆིབས་སྒྱུར་ལ་བཀག་འགོག་བྱེད་དོན་ཡོད་མེད་ལ། ཁོང་ཉིད་བླ་མ་ཞིག་ཡིན་སྟབས་སུ་གང་ལའང་ཐོག་ཕོག་བཟོ་སྲིད་པ་མ་རེད།” ཅེས་བརྗོད་འདུག

གཟའ་པ་སངས་ཉིན། རྒྱ་ནག་ཕྱི་སྲིད་བློན་ཆེན་ནས་༧གོང་ས་ཏཱ་ལའི་བླ་མའི་ཆིབས་སྒྱུར་དེས་རྒྱ་དཀར་ནག་གི་འབྲེལ་ལམ་ལ་ཉེན་ཁ་ཆེན་པོ་བཟོ་སྲིད་སྟབས། ལྡི་ལི་གཞུང་གིས་རྒྱ་ནག་ལ་རྒོལ་བའི་སྡིངས་ཆ་སྤྲོད་མི་རུང་བའི་ཉེན་བརྡ་བཏང་ཡོད་འདུག རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་གིང་ཧྲང་ (Geng Shuang) གིས་རྒྱ་ནག་ཉིན་རེའི་གསར་འགྱུར་ཁང་གི་གསར་འགོད་པར། “དུས་ཡུན་རིང་བོར་ཏཱ་ལའི་རུ་ཚོགས་ཀྱིས་མེས་རྒྱལ་ཁ་བྲལ་གྱི་ལས་འགུལ་སྤེལ་ཡོད་ལ། རྒྱ་དཀར་ནག་གི་མཐའ་མཚམས་རྩོད་གླེང་དེ་ནི་ལོ་རྒྱུས་རང་བཞིན་གྱི་རྩོད་རྙོག་ཅིག་ཆགས་ཡོད།” ཅེས་བཤད་འདུག

རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ནང་དཔལ་འབྱོར་འཛུགས་སྐྲུན་བྱེད་བཞིན་ཡོད།

འཆར་ཟླ་ ༤ ཚེས་ ༡༣ ཉིན་༧གོང་ས་ཏཱ་ལའི་བླ་མ་མཆོག་ཨ་རུ་ན་ཅལ་མངའ་ཁུལ་དུ་ཆིབས་སྒྱུར་བསྐྱང་རྒྱུའི་དུས་བཅད་བཟོས་པར་བརྟེན་ཏེ། རྒྱ་དཀར་ནག་བར་གྱི་མཐའ་མཚམས་རྩོད་གླེང་ཤུགས་ཇེ་རུ་འགྲོ་བཞིན་ཡོད་འདུག ཡིན་ནའང་། རྒྱ་ནག་གི་དཔལ་འབྱོར་དང་ཆབ་སྲིད་རླུང་འཚུབ་ལྷོ་ཨེ་ཤ་ཡའི་ནང་ལྡིང་བཞིན་པའི་སྐབས་འདིར། ༧གོང་ས་མཆོག་ཨ་རུ་ན་ཅལ་མངའ་ཁུལ་དུ་ཆིབས་སྒྱུར་བསྐྱང་རྒྱུའི་དུས་བཅད་བཟོས་པ་དེས། སྲིད་བློན་མོ་ཌེ་གཞུང་གིས་རྒྱ་ནག་ཐོག་ཕྱི་འབྲེལ་སྲིད་ཇུས་གང་འདྲ་ཞིག་འཛིན་དགོས་མིན་ལ་གྲ་སྒྲིག་ཡོད་པ་བསྟན་ཡོད།

ད་ལྟ་རྒྱ་ནག་གིས་པ་ཀི་སི་ཐན་གཙོས་པའི་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ནང་ཚོང་འབྲེལ་གསར་དུ་འཛུགས་བཞིན་ཡོད་ལ། རྒྱ་ནག་གིས་སི་རི་ལན་ཁ་ (Sri Lanka) དང་བྷང་ལ་ཌེ་ཤཱི་ (Bangladesh) སོགས་ནང་དཔལ་འབྱོར་འཛུགས་སྐྲུན་བྱས་པར་བརྟེན་ཏེ། མཐའ་འཁོར་གྱི་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་གིས་ཁོ་ཚོར་རྒྱ་ནག་གི་དཔལ་འབྱོར་དབང་སྒྱུར་ཐེབས་སྲིད་པའི་དངངས་འཚུབ་བྱེད་ཀྱིན་ཡོད། རྒྱ་ནག་གིས་ཐའེ་ཝན་མཚོ་འགག་ནི་རྒྱ་ནག་སྐམ་ས་ཆེན་མོའི་མངའ་ཁོངས་ཞིང་ཆེན་ཞིག་ཡིན་ལུགས་བཤད་ཀྱིན་ཡོད་སྟབས། ཟླ་སྔོན་མར་ཐའེ་ཝན་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་ནང་སྐོར་སྐྱོད་བྱས་པ་དེས་པེ་ཅིན་གཞུང་ལ་ཕོག་ཐུག་ཆེན་པོ་བསླངས་ཡོད་པ་རེད།

འདས་མ་ཐག་ལོའི་ཕྱི་ཟླ་ ༡༢ ནང་རྒྱ་གར་གྱི་སྲིད་འཛིན་ཕ་ར་ནབ་མུ་ཀིར་རྗེ་ (Pranab Mukherjee) ལགས་ཀྱིས། ༧གོང་ས་ཏཱ་ལའི་བླ་མ་གཙོས་པའི་ནོ་བྷིལ་ཞི་བདེ་གཟེངས་རྟགས་བཞེས་མཁན་འགའ་མགྲོན་འབོད་ཞུས་ཡོད་པ་དང་། དེ་ནི་འདས་པའི་ལོ་ངོ་ ༦༠ རིང་རྒྱ་གར་དབུས་གཞུང་གིས་ཕྱི་གསལ་ནང་གསལ་གྱི་ཐོག་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཇལ་འཕྲད་ཞུས་པ་ཐེངས་དང་པོ་དེ་ཆགས་ཡོད།

རྒྱ་གར་གཞུང་གི་དཔོན་རིགས་ཁ་ཅིག་གིས་ད་ལྟའི་རྒྱ་གར་གཞུང་གི་གློ་བུར་བའི་འགྱུར་ལྡོག་དེས་རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲིད་ཇུས་ཁ་གསལ་མེད་པ་དང་། སྲིད་བློན་མོ་ཌེ་ཡིས་རྒྱ་ནག་གི་སེམས་ཁྲལ་ལ་ཁ་ཡ་བྱེད་དོན་མེད་པའི་རྣམ་འགྱུར་བསྟན་ཡོད། བདུན་ཕྲག་སྔོན་མར་རྒྱ་གར་ཕྱི་སྲིད་དྲུང་ཆེ་རྗེ་ཤཱན་ཀར་ (Subrahmanyam Jaishankar) ལགས་རྒྱ་ནག་རྒྱལ་ས་པེ་ཅིན་དུ་སྐོར་སྐྱོད་བྱས་པའི་ཐད་ལ། སྲིད་དོན་དབྱེ་ཞིབ་པ་ཚོས་དེ་ནི་ཕྱོགས་གཉིས་བར་གྱི་འབྲེལ་ལམ་སྲ་བརྟན་ཡོང་བར་དམིགས་པ་ཞིག་ཡིན་པའི་ཚོད་དཔག་བྱེད་ཀྱིན་ཡོད།

དངོས་བྱུང་འགྱུར་ལྡོག

ཉེ་ལམ་རྒྱ་གར་ཕྱི་སྲིད་བློན་ཆེན་ལྕམ་ས་ཝ་ར་རྗེ་ (Sushma Swaraj)དང་རྒྱ་ནག་གི་ཕྱི་སྲིད་བློན་གཉིས་ཐུག་འཕྲད་སྐབས། ལྕམ་ས་ཝ་ར་རྗེ་ཡིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་རྒྱ་ནག་གཞུང་གིས་ “རྒྱ་གར་གཅིག” གི་སྲིད་ཇུས་ལ་ངོས་ལེན་བྱེད་མིན་དོགས་འདྲི་བྱས་ཡོད་པ་དང་། དོགས་འདྲི་དེ་ནི་པེ་ཅིན་གཞུང་ཕྱོགས་ནས་འབྲེལ་ཡོད་རྒྱལ་ཁབ་ཁག་གིས་ “རྒྱ་ནག་གཅིག” གི་སྲིད་ཇུས་ལ་ངོས་ལེན་བྱེད་དགོས་པའི་དགོས་འདུན་འདོན་བཞིན་པར་བརྟེན་ཏེ་བྱུང་བ་ཞིག་ཡིན། “རྒྱ་གར་གཅིག”གི་སྲིད་ཇུས་ཟེར་བ་དེ་ནི། རྒྱ་གར་དང་པ་ཀི་སི་ཐན་གཉིས་བར་རྩོད་ཉོག་ཆགས་ཡོད་པའི་ཀ་ཤཱི་མེར་ (Kashmir) དང་། བྱང་ཤར་མཐའ་མཚམས་ཀྱི་ཨ་རུ་ན་ཅལ་མངའ་སྡེ་སོགས་རྒྱ་གར་གྱི་མངའ་ཁོངས་ཡིན་པར་རྒྱ་ནག་གིས་ངོས་ལེན་བྱེད་དགོས་པ་དེ་ཡིན།

པེ་ཅིན་གཞུང་གིས་དུས་ཡུན་རིང་པོར་བཙན་འཛུལ་བྱས་མཐར་བོད་ཕམ་ཉེས་བྱུང་རྗེས་ ༡༩༥༩ ལོར་རྒྱ་གར་གཞུང་ཕྱོགས་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་སྐྱབས་བཅོལ་དུ་ཕེབས་པར་སྣེ་ལེན་ཞུས་ཡོད་ཀྱང་། ད་བར་རྒྱ་གར་སྲིད་བློན་རིམ་པས་ཕྱི་གསལ་ནང་གསལ་ཐོག་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཇལ་འཕྲད་ཞུ་རྒྱུར་འཛེམ་དོགས་བྱས་ཡོད།

བཅར་འདྲི་ཞིག་གི་ཐོག རྒྱ་གར་དྷ་རམ་ས་ལར་རྟེན་གཞི་བྱས་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས། སྔོན་ཆད་རྒྱ་གར་དབུས་གཞུང་དང་༧གོང་ས་ཏཱ་ལའི་བླ་མའི་བར་མཇལ་འཕྲད་ཐེངས་མང་བྱུང་ཡོད་ཀྱང་། ཐེངས་འདིའི་མཇལ་འཕྲད་ནི་ཕྱི་གསལ་ནང་གསལ་ཞིག་ཡིན་སྐོར་བརྗོད་འདུག

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས། “ངས་རྒྱ་གར་གྱི་སྲིད་ཇུས་ལ་འགྱུར་བ་ཕྱིན་ཡོད་པར་དོ་སྣང་བྱུང་སོང་། རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ནང་དཔལ་འབྱོར་འཛུགས་སྐྲུན་བྱེད་བཞིན་པའི་ཐད་རྒྱ་གར་ནང་གླེང་གཞི་ཆེན་པོ་ཆགས་ཡོད།” ཅེས་བརྗོད་འདུག

ན་ནིང་ཕྱི་ཟླ་ ༡༠ ནང་། རྒྱ་གར་རྒྱལ་ས་ལྡི་ལིར་ཨཱ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་༧གོང་ས་ཏཱ་ལའི་བླ་མར་མཇལ་འཕྲད་ཞུས་སྐབས། ཁོས་༧གོང་ས་ཏཱ་ལའི་བླ་མ་མཆོག་ཨཱ་རུ་ན་ཅལ་མངའ་སྡེ་ནང་གདན་འདྲེན་ཞུས་ཡོད། ༢༠༠༩ ལོར་༧གོང་ས་ཏཱ་ལའི་བླ་མ་མཆོག་ཨཱ་རུ་ན་ཅལ་མངའ་ཁུལ་དུ་ཕེབས་སྐབས། སྐབས་དེའི་མངའ་སྡེ་བློན་ཆེན་༧གོང་ས་ཏཱ་ལའི་བླ་མར་མཇལ་འཕྲད་གནང་ཡོད་པ་དང་། ཐེངས་འདིར་ཨཱ་རུ་ན་ཅལ་མངའ་སྡེའི་བློན་ཆེན་མཆོག་དང་རྒྱ་གར་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ཀེ་རིན་རེ་རྗེ་རྗུ་གཉིས་ལྷན་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཇལ་འཕྲད་ཞུ་འཆར་ཡོད་སྟབས། རྒྱ་ནག་གཞུང་གིས་ཐེངས་འདིའི་༧ཏཱ་ལའི་བླ་མའི་ཆིབས་སྒྱུར་དེ་རྒྱ་གར་གཞུང་གིས་ཆེད་དུ་གོ་སྒྲིག་བྱས་པ་ཞིག་ལ་མཐོང་ངེས་རེད།

ཉེ་ལམ་རྒྱ་ནག་གིས་རྒྱ་གར་རྒྱལ་སྤྱིའི་རྡུལ་ཕྲན་ཚོང་གཉེར་སྔོན་འགོག་ཚོགས་པའི་ (NSG) ཁོངས་སུ་ཞུགས་རྒྱུར་འགོག་རྐྱེན་བཟོས་ཡོད་སྟབས་ལྡི་ལི་གཞུང་ལ་ཕོག་ཐུག་ཆེན་པོ་བཏང་ཡོད། རྒྱ་གར་གཞུང་གིས་པ་ཀི་སི་ཐན་གྱི་དྲག་ཆས་དམག་དཔུང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གི་ཐོ་གཞུང་ནག་པོའི་ནང་བཞག་སྟེ་བཀག་སྡོམ་བྱེད་དགོས་པའི་རེ་འདུན་བཏོན་པ་དེར་པེ་ཅིན་གཞུང་གིས་འགོག་རྐྱེན་བྱས་ཡོད་ལ། སྐབས་དེར་རྒྱ་གར་གཞུང་གིས་ཀྱང་པེ་ཅིན་གཞུང་གི་འགོག་རྐྱེན་དེར་སྐྱོན་བརྗོད་བྱས་ཡོད།

ཨོ་སི་ཊིར་ལེ་ཡའི་རྒྱལ་ཡོངས་གཙུག་ལག་སློབ་ཆེན་གྱི་རྒྱལ་ཡོངས་བདེ་སྲུང་ཚན་པའི་འགན་འཛིན་སྐུ་ཞབས་མི་ཌ་ཁལ་ཧྥི་(Rory Medcalf) ལགས་ཀྱིས། སྲིད་བློན་མོ་ཌེ་ཡིས་རྒྱ་གར་གྱི་སྲིད་དབང་བཟུང་སྟེ་རྒྱ་གར་གྱི་བདེ་སྲུང་དམ་འཛིན་བྱས་པ་ནས་བཟུང་། རྒྱ་ནག་གི་མཁྲེགས་འཛིན་སྲིད་ཇུས་ཀྱིས་ལྡི་ལི་གཞུང་ཧ་ལས་སུ་བཅུག་ཡོད་སྐོར་བརྗོད་འདུག སྐུ་ཞབས་མི་ཌ་ཁལ་ཧྥིས་བརྗོད་དོན། “རྒྱ་གར་གཞུང་གིས་ཆབ་སྲིད་ཤོ་རྡེའུ་མང་བོ་ཕྱོགས་གཅིག་ཏུ་སྤུངས་ཏེ་ཉར་ཚགས་དང་བེད་སྤྱོད་ལ་དམིགས་ཡོད། ༧ཏཱ་ལའི་བླ་མ་དང་བཙན་བྱོལ་སྤྱི་ཚོགས་གཉིས་ཤོ་རྡེའུ་དེ་དག་ཁྲོད་ཀྱི་གཅིག་རེད” ཅེས་བརྗོད་ཡོད་སྐོར་སོགས་བཀོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

ཆུ་ཚོད་ ༨ སྔོན་ལ།
Front Slider

Public Reactions to the Election Results | Real Opinions & Views

ཆུ་ཚོད་ ༩ སྔོན་ལ།
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

ཆུ་ཚོད་ ༡༠ སྔོན་ལ།
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

ཆུ་ཚོད་ ༡༢ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་དམར་ཤོག་དྲིལ་བསྒྲགས་སྤེལ་བ། ༢༠༢༣ བོད་འབྱོར་པར།
Mobile App

ཉིན་གྲངས་ ༡༥ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༥/༡༩
Mobile App

བོད་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་།

༢༠༢༦/༠༥/༡༨

མཆན། 1

  1. རིག་འཛིན། says:
    ལོ་ 9 སྔོན།

    གསར་འགྱུར་འདིའི་ཁ་བྱང་ལ་གནད་འགག་ཆེན་པོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese