མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱེད་བཟའ་ཚོ་གཉིས་ཀྱིས་ཧུར་ཐག་རྦད་ཐག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༧/༠༣/༠༩
Share on FacebookShare on TwitterShare on EmailShare on Whatsapp

ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ད་ལྟ་ལས་བྱེད་དང་སློབ་ཕྲུག་ཁྱོན་ ༤༨༤ ཙམ་ཡོད་པ་དང་ད་ཆར་རོབ་རྩིས་བྱས་ན་ལོ་རེའི་ཡོང་འབབ་ཧིན་སྒོར་ས་ཡ་ ༡༢༠.༣༨ དང་འགྲོ་སོང་སྒོར་ས་ཡ་ ༡༡༦.༤༦ ཡིན་འདུག

ཟླ་འདིའི་ཕྱི་ཚེས་ ༩ ཉིན། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དབུ་བརྙེས་ཏེ་ལོ་ངོ་ ༢༡ འཁོར་བ་དང་། རྒྱལ་བའི་འཁྲུངས་རབས་ཀྱི་ཞལ་ཐང་ཉེར་ལྔ་གསར་བཞེངས་ལེགས་འགྲུབ་བྱུང་བའི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་༧གོང་ས་མཆོག་དབུ་བཞུགས་ཐོག་མཁན་བླ་དགེ་འདུན་པ་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཞོན་གྱི་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ། གཞན། ཕྱོགས་ཡོང་སྐུ་མགྲོན་རྣམ་པ་དང་། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ། ནོར་གླིང་རིག་གཞུང་གཅེས་སྐྱོང་ཁང་གི་ངེས་སྟོན་པ་བཀའ་ཟུར་སྐལ་བཟང་ཡེ་ཤེས་མཆོག་གི་གཙོས་མགོ་ལས་སློབ་ཕྲུག ནོར་གླིང་ཁུལ་དུ་གནས་སྡོད་མི་མང་བཅས་འཛོམས་འདུག

མཛད་སྒོའི་སྟེང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་རིག་གཞུང་གཅེས་སྐྱོང་ཁང་ནས་དཔར་སྐྲུན་ཐོག་མ་ཞུས་པའི་གངས་ཅན་ཤེས་རིག་བང་མཛོད་དེབ་ཕྲེང་ ༡༡ ཅན་ཞིག་དབུ་འབྱེད་གནང་རྗེས། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ནོར་གླིང་འགན་འཛིན་ལྷན་ཚོགས་དེབ་སྐྱེལ་གནང་སྟེ་མི་ལོ་ ༢༠ རིང་ཚོགས་མི་གནང་བ་དང་། བཀའ་ཟུར་སྐལ་བཟང་ཡེ་ཤེས་མཆོག་གི་སྐུ་ཟླ་ཀེམ་ཡེ་ཤེས་ཀྱིས་ ༢༠༠༨ ལོའི་བར་སྤྱི་ཁྱབ་འཛིན་སྐྱོང་འགན་འཛིན་གནང་བ་དང་ལྷན་ཚོགས་ཀྱི་ཚོགས་མི་གནང་མུས་བཅས་ལ་༧གོང་ས་མཆོག་གི་ཕྱག་ནས་ཐུགས་རྗེ་ལེགས་འབུལ་གྱི་གཟེངས་རྟགས་གནང་བ། ནོར་གླིང་མཐོ་སློབ་སྐབས་དང་པོ་ནས་དྲུག་པའི་བར་གྱི་སློབ་ཟུར་ཐུན་མོང་ནས་བཀའ་ཟུར་སྐལ་བཟང་ཡེ་ཤེས་མཆོག་དང་སྐུ་ཟླ་ཀེམ་ཡེ་ཤེས་ལགས་རྣམ་གཉིས་ལ་ཐུགས་རྗེ་ཆེ་ཞུའི་གཟེངས་རྟགས་ཤིག་དང་། བཀའ་ཟུར་སྐལ་བཟང་ཡེ་ཤེས་མཆོག་ནས་བོད་ཀྱི་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་ཐད་ཞབས་འདེགས་རླབས་ཆེན་སྒྲུབ་པ་དང་། ལྷག་པར་ནོར་གླིང་མི་མང་ཡོངས་ལ་གཟིགས་སྐྱོང་གནང་མུས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་བཀའ་རྒྱུད་དོན་འགྲུབ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གཟེངས་རྟགས་བཅས་ཕུལ་སོང་། གཞན། རིག་གཞུང་གཅེས་སྐྱོང་ཁང་ནས་ཞབས་ལོ་ ༡༠ དང་ ༢༠ འཁོར་བའི་ལས་བྱེད་རྣམས་ལ་གཟེངས་བསྟོད་ཕྱག་འཁྱེར་དང་། ནོར་གླིང་མཐོ་སློབ་ཀྱི་སྐབས་དྲུག་པའི་སློབ་ཕྲུག་རྣམས་ལ་བསླབ་པ་མཐར་སོན་པའི་ལག་འཁྱེར་བཅས་གནང་སོང་།

ངེས་སྟོན་པ་བཀའ་ཟུར་སྐལ་བཟང་ཡེ་ཤེས་མཆོག་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སྐབས། དེང་སྐབས་ཅོལ་ཆུང་འགས་མགོན་པོ་གང་གི་ཐུགས་སྐྱེད་དང་འགལ་བའི་བསོད་དམན་གྱི་གླེང་སྒྲ་སྒྲོག་བཞིན་ཡོད་པའང་ཀུན་གསལ་དང་། དེ་ལ་འདིར་རྩལ་འདོན་གྱིས་བརྗོད་རྒྱུར་ཚུལ་མིན་ལོག་སྒྲུབ་བྱེད་པོ་དག་གིས་གླེང་གཏམ་བསྒྲགས་ཐུབ་པའི་གོ་སྐབས་ཐོབ་པ་འདི་སུའི་དྲིན་ལས་བྱུང་བ་ཤེས་ཚོར་དགོས་པ་གལ་ཆེའི་ཁར། བོད་ཀྱི་སྤྱི་ཚོགས་ནང་ཀླད་མེད་ཀྱིས་གཏམ་འཆལ་སྤེལ་བར་སྤྱི་ལ་སྨན་པའི་དགོས་གལ་མེད་པའི་ཚུལ་བསམ་ཤེས་བྱེད་ཤེས་པ་ཞིག་དགོས། ཞེས་དང་། ཐེངས་འདིར་ནོར་གླིང་གིས་༧རྒྱལ་བའི་འཁྲུངས་རབས་ཞལ་ཐང་ ༢༥ ཙམ་བཞེངས་སྐྲུན་བྱས་པ་འདི་ལྟ་བུའི་སྒྱུ་རྩལ་གྱི་མངོན་པར་ཕྱུག་པ་ཞིག་བོད་ཕྱི་ནང་གཉིས་སུ་མེད་པ་དང་། སྤྱིར་ནོར་གླིང་ལ་ལས་དོན་མང་པོ་ཡོད་པ་ལས། དེ་དག་གི་ཁྲོད་ནས་འདི་གའི་མགོ་མང་ཡོངས་ཀྱི་སྙིང་གི་དུམ་བུ་ལྟར་ཤིན་ཏུ་གཙིགས་སུ་བྱེད་པ་ནི་རྒྱལ་བའི་འཁྲུངས་རབས་བཞེངས་བསྐྲུན་ཞུ་རྒྱུ་དང་མཛད་རྣམ་གཉིས་ཡིན་སྐོར་སོགས་གསུངས་སོང་།

མཛད་སྒོའི་ཐོག་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་སྤྱི་ཁྱབ་འགན་འཛིན་བདེ་ཆེན་རྣམ་རྒྱལ་ལགས་ཀྱིས་འདས་པའི་ལོ་ངོ་ ༢༡ རིང་གི་ལས་བསྡོམས་མདོར་བསྡུས་སྙན་སྒྲོན་ཞུས་པ་ལྟར་ན། ཕྱི་ལོ་ ༡༩༩༥ ལོར་ལག་ཤེས་སྒྱུ་རྩལ་ཁྱབ་ཁོངས་སུ་སྡེ་ཚན་ ༤ ཆེད་འཛུགས་གནང་ཡོད་པ་དང་། རྟེན་བཞེངས་སྡེ་ཚན་ནང་སློབ་ཕྲུག་ ༣༣ ཙམ་སྐྱེད་སྲིང་གནང་བ་དང་། གསེར་ཟངས་ལས་གྲུབ་པ་སྐུ་བརྙན་ཆེ་ཆུང་ ༡༥༠༠ ཙམ་བཞེངས་བ་དང་། ལྷ་བྲིས་སྡེ་ཚན་ནང་སློབ་ཕྲུག་ ༨༠ ཙམ་སྐྱེད་སྲིང་དང་ལྷ་སྐུའི་ཞལ་ཐང་གྲངས་ ༡༧༠༠ གསར་བཞེངས། གོས་ཐང་སྡེ་ཚན་གྱིས་ལྷ་སྐུ་ ༡༢༠༠ ལྷག་བཞེངས་བ། ཤིང་བརྐོས་སྡེ་ཚན་ནང་སློབ་ཕྲུག་ ༥༥ སྐྱེད་སྲིང་དང་། ཤིང་བརྐོས་ཐོན་རྫས་གྲངས་ ༢༢༠༠ ལྷག་བཟོས་ཡོད་འདུག

ཤེས་ཡོན་དང་རིག་གཞུང་ཁྱབ་ཁོངས་དྲུག་ཡོད་པ་དང་། ཕྱི་ལོ་ ༢༠༠༠ ལོར་ནོར་གླིང་མཛད་རྣམ་སྡེ་ཚན་བཙུགས་ཏེ། ད་ལྟའི་བར་རྩོམ་སྒྲིག་པ་ ༢༢ ལྷག་གིས་ད་བར་༼མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ།༽ཞེས་པ་གླེགས་བམ་ ༡༤ དཔར་འགྲེམས་ཞུས་ཡོད་པ་དང་། ཕྱི་ལོ་ ༡༩༩༧ ལོར་རིག་གཞུང་ཞིབ་འཇུག་སྡེ་ཚན་བཙུགས་ཏེ་ད་བར་རྩོམ་སྒྲིག་པ་ ༥༣ གྱིས་ཕྱག་ལས་གནང་བ་བརྒྱུད། ཟླ་རེའི་ཚགས་ཤོག་དང་ཕྱག་དེབ་ཁག་ ༡༥ ཙམ་དཔར་སྐྲུན་ཟིན་པ་མ་ཟད། གངས་ཅན་ཤེས་རིག་བང་མཛོད་ཅེས་པ་གླེགས་བམ་ ༡༡ དཔར་བསྐྲུན་གནང་སྟེ་མུ་མཐུད་གླེགས་བམ་ ༢༥ བར་འདོན་འཆར་ཡོད་པ། ཕྱི་ལོ་ ༡༩༩༣ ལོར་རིག་གནས་ཆེས་མཐོའི་སློབ་གྲྭ་བཙུགས་ཏེ་ད་བར་སློབ་མ་ ༡༥༤ བསླབ་པ་མཐར་ཕྱིན་ཡོད་འདུག ༡༩༩༣ ལོར་བྱིས་བཅོལ་ཁང་དང་སྔོན་འགྲོའི་སློབ་གྲྭ་བཙུགས་ཏེ། ད་ལྟ་སྔོན་འགྲོའི་ནང་སློབ་ཕྲུག་ ༨༤ དང་། དགེ་ལས་ ༢༠ ཡོད་པ་རེད།

སྤྱི་ཚོགས་བདེ་དོན་ཁྱབ་ཁོངས་སུ་ནོར་གླིང་བདེ་ལྡན་གཙུག་ལག་ཁང་དང་ནོར་གླིང་འཕྲོད་བསྟེན་སྨན་ཁང་། ནོར་གླིང་ལས་སློབ་གསོལ་ཐབ་ཁང་བཅས་གསུམ་ཡོད་པ་དང་། དཔལ་འབྱོར་འདུ་འགོད་ཁྱབ་ཁོངས་སུ་ཐོན་སྐྱེད་ཇུས་འགོད་སྡེ་ཚན་དང་ལག་འཚེམ་སྡེ་ཚན། འཁོར་འཚེམ་སྡེ་ཚན། ཤིང་བཟོ་སྡེ་ཚན། ཤིང་ཚོན་སྡེ་ཚན། འཐག་ལས་སྡེ་ཚན། རས་ཚོན་སྡེ་ཚན། ཐོན་རྫས་དཔར་ཁང་སྡེ་ཚན། རྡུང་ཚགས་སྡེ་ཚན། ཆོས་ནོར་མགྲོན་ཁང་དང་ཟ་ཁང་། ནོར་གླིང་མགྲོན་ཁང་དང་ཟ་ཁང་། ནོར་གླིང་གསེར་སྐོང་མགྲོན་ཁང་དང་ཟ་ཁང་། ནོར་གླིང་ཐོན་སྐྱེད་སྒྱུ་རྩལ་ཚོང་ཁང་། ནོར་གླིང་ཐོན་སྐྱེད་སྒྱུ་རྩལ་ཕྱིར་ཚོང་སྡེ་ཚན་བཅས་སྡེ་ཚན་ ༡༤ ཡོད། འཛིན་སྐྱོང་ཁྱབ་ཁོངས་སུ་སྤྱི་ཁྱབ་འཛིན་སྐྱོང་ཡིག་ཚང་དང་སྤྱི་ཁྱབ་རྩིས་ཁང་དང་སྔོན་རྩིས་སྡེ་ཚན། ཐོན་སྐྱེད་འཛིན་སྐྱོང་སྡེ་ཚན། ཐོན་སྐྱེད་ཅ་དངོས་མཁོ་སྒྲུབ་སྡེ་ཚན། ཅ་དངོས་ཟོག་གཉེར་སྡེ་ཚན། ཚོང་འབྲེལ་སྡེ་ཚན། ཉམས་གསོ་དང་འཆར་འགོད་སྡེ་ཚན། འབྲེལ་མཐུད་དང་སྣེ་ཤན་སྡེ་ཚན་བཅས་སྡེ་ཚན་ ༨ ཡོད་ལ། ད་ལྟའི་ཆར་རིག་གཞུང་གཅེས་སྐྱོང་ཁང་ལ་ལས་བྱེད་དང་ལས་མི་ ༣༥༥ དང་། རིག་གནས་དང་ལག་ཤེས་སྒྱུ་རྩལ་སློབ་ཕྲུག་ ༤༤། བྱིས་པ་ ༨༤ བཅས་ཁྱོན་བསྡོམས་མི་གྲངས་ ༤༨༤ ཡོད། རོབ་རྩིས་བྱས་ན་ནོར་གླིང་རིག་གཞུང་གཅེས་སྐྱོང་གི་ད་ལྟའི་ལོ་རེའི་ཡོང་འབབ་ཧིན་སྒོར་ས་ཡ་ ༡༢༠.༣༨ དང་། ལོ་རེའི་འགྲོ་སོང་སྒོར་ས་ཡ་ ༡༡༦.༤༦། ཟླ་རེའི་ལས་བྱེད་དང་ལས་མིའི་གླ་ཕོགས་སྒོར་ས་ཡ་ ༥.༡༣ བཅས་ཟླ་རེའི་ཁྱོན་ཡོངས་ཀྱི་འགྲོ་སོང་ས་ཡ་ ༩.༧ ཡིན་འདུག

མཇུག་ཏུ་༧གོང་ས་མཆོག་གིས་བཀའ་སློབ་གནང་སྐབས། དེ་རིང་འདིར་བོད་ཀྱི་རིག་གཞུང་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་གྱི་ལས་དོན་མང་པོ་ཞིག་བྱེད་སྡོད་པའི་ཚོགས་པ་འདི་ལོ་ཉེར་གཅིག་འཁོར་བའི་དུས་དྲན་གནང་གི་ཡོད་པ་རེད། དང་པོ་དེ་ལ། དུས་ཡུན་འདིའི་རིང་སྐལ་བཟང་ཡེ་ཤེས་ལགས་ཁྱེད་རང་བཟའ་ཚོ་གཉིས་ལོ་ན་བརྒས་འགྲོ་བཞིན་ཡོད་ཀྱང་། ད་བར་ཧུར་ཐག་འབད་ཐག་གནང་སོང་། དེ་སྔ་གངས་ཅན་སྐྱིད་གཤོང་སྒྲིག་འཛུགས་ནང་དུའང་ལས་ཀ་ལོ་མང་པོར་བྱས་པ་རེད། ཧུར་ཐག་རྦད་ཐག་བྱས་སོང་། འདིར་གཤམ་འོག་གི་ལས་རིགས་སྡེ་ཚན་སོ་སོའི་ནང་དུ་འགན་འཁུར་མཁན་ཚོས་ཀྱང་ཧུར་ཐག་རྦད་ཐག་བྱས་པ་རེད། དེ་བཞིན། འདིར་སློབ་སྦྱོང་བྱེད་མཁན་ཚོས་ཀྱང་སེམས་ཤུགས་སྐྱེད་དེ་ཧུར་ཐག་བྱས་པ་རེད། ཁྱེད་རང་ཚོ་མགོ་ལས་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་གསུངས་སོང་།

འབྲེལ་ཡོད་གསར་འགྱུར།

དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

ཆུ་ཚོད་ ༡༥ སྔོན་ལ།
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

ཆུ་ཚོད་ ༡༥ སྔོན་ལ།
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡

མཆན། 1

  1. རྡོ་རིང་བསྟན་འཛིན་ཕུན་ཚོགས་ says:
    ལོ་ 9 སྔོན།

    ངེས་སྟོན་པ་བཀའ་ཟུར་སྐལ་བཟང་ཡེ་ཤེས་མཆོག་གི་མཛད་རྗེས་ཧ་ཅང་རླབས་ཆེན་རེད་ བཀའ་ཟུར་ཡིན་ཡང་ངལ་གསོལ་མེད་པར་ནོར་གླིང་ཡར་རྒྱས་ཆེད་མཛད་པ་རྒྱ་ཆེ་སྤེལ་སོང་། དངོས་ནས་ཁྲི་ཟུར་ནང་ནས་འགྲན་ཟླ་བྲལ་བ་འགོ་ཁྲིད་ཤིག་ཡིན་པ་སྨོད་མི་དགོས་སམྲ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese