མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབྱིན་ཇུ་ཡུ་རོབ་མཐུན་ཚོགས་ལས་ཕྱིར་ཐོན་པ་དེས་ཡུ་རོབ་མཐུན་ཚོགས་ལ་ཤུགས་རྐྱེན་ག་འདྲ་ཐེབས།

བོད་ཀྱི་དུས་བབ།
༢༠༡༧/༠༣/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྙིང་ཞེན་ཚོགས་པ་ཁག་གིས་ཡར་ལངས་བྱས་བ་དང་། ང་ཚོས་ད་དུང་ཡུ་རོབ་རྒྱལ་ཁབ་གཞན་དག་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ནས་ཕྱིར་འཐེན་བྱས་བ་ཡིན་ན། ཡུ་རོབ་ཀྱི་མ་འོངས་པར་འགྱུར་བ་ཅི་འདྲ་ཐེབས་སམ་ཞེས་དྲིས་ན།

དབྱིན་ཇུའི་གཞུང་གིས་ ༢༠༡༦ ལོར་ཆབ་སྲིད་དང་དཔལ་འབྱོར་གཉིས་ཐད་ནས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ལས་ཕྱིར་འཐོན་གྱི་ཡོད་མེད་ནི་སྐབས་དེའི་མང་མོས་འོས་བསྡུའི་བརྗོད་གཞི་རེད།

ལོ་རྒྱུས་ཀྱི་ཀྱོག་མཚམས་ཆེན་པོ་ཞིག་ཏུ་དབྱིན་ཇུ་གཞུང་གིས་ལོ་ངོ་ ༤༣ ཡི་མཛའ་འབྲེལ་དོར་ཏེ། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ལས་ཕྱིར་འཐོན་རྒྱུའི་ཐག་གཅོད་བྱས་ཡོད། ཐག་གཅོད་དེས་རྒྱལ་ཁབ་དེ་ཕྱོགས་གཉིས་གྱེས་ཡོད་པ་དང་། མཇུག་མཐའི་གྲུབ་འབྲས་མ་ཐོན་སྔོན་ལ་ཐག་གཅོད་དེར་རྒྱལ་ཁའི་བདེན་ཁ་སྟེར་མི་ཐུབ་ཀྱང་། མཐར་དབྱིན་ཇུ་ཡུ་རོབ་མཐུན་ཚོགས་ལས་ཕྱིར་འཐོན་རྒྱུ་ཡིན་ཟེར་མཁན་གྱི་ཕྱོགས་ལ་བརྒྱ་ཆ་ ༥༢ ཐོབ་ཡོད་སྟབས། འོས་གྲངས་བརྒྱ་ཆ་ ༢ ཙམ་གྱིས་མང་བ་ཆགས་ཏེ་མང་མོས་ཐོག་ཕྱིར་འཐོན་ཕྱོགས་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་རེད།

ཟླ་བ་བཞིའི་རིང་མང་མོས་འོས་བསྡུ་བྱས་པ་དེས་དབྱིན་ཇུའི་སྤྱི་ཚོགས་ཕྱི་དཀྲིག་ནང་དཀྲིག་བྱས་ཡོད་པ་མ་ཟད། ལངས་ཕྱོགས་མི་འདྲ་བའི་དབང་གིས་མི་མང་ནང་ཕན་ཚུན་གྱི་སེམས་ལ་རྨ་ཁ་ཆེན་པོ་བཟོས་ཡོད་ལ། ཡུ་རོབ་ཁྱོན་ཡོངས་ལའང་གཡོ་འགུལ་ཆེན་པོ་ཞིག་ཐེབས་ཡོད།

སྐུ་ཞབས་ཁཱ་སི་མཱོ་ཌཱ་ (Cas Mudde) ལགས་ཀྱིས་ “དབྱིན་ཇུ་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ལས་ཕྱིར་ཐོན་པ་དེ་གཡས་ལྷུང་སྲིད་དོན་ཚོགས་པ་ཚོས་ཕྱི་སྲིད་ཀྱི་རྒྱལ་ཁ་ཆེན་པོ་ཞིག་ཏུ་ངོས་འཛིན་བྱས་ཏེ། ཧྥ་རན་སུའི་མཱ་རིན་ནེ་ལེ་པན་ ( Marine Le Pen ) དང་། ཧོ་ལན་ཌའི་གཱི་ཌ་བཱ་ཌར་སུ་ (Geert Wilders)སོགས་གཙོ་བྱས་པའི་གཡས་ལྷུང་སྲིད་དོན་པ་མང་པོ་ཞིག་ལ་སེམས་ཤུགས་སྤེལ་ཡོད།” ཅེས་བརྗོད་ཡོད། སྐུ་ཞབས་ཁཱ་སི་མཱོ་ཌཱ་ལགས་ནི། ‘ཕྱོགས་སུ་མ་ལྷུང་བའི་དྲང་བདེན་ལྟ་གྲུབ་(The Ideology of the Extreme Right)’ ཞེས་བའི་དཔེ་དེབ་རྩོམ་པ་པོ་ཡིན།

ན་ནིང་དབྱིན་ཇུའི་སྲིད་བློན་ཟུར་བ་ཌཱ་བི་ཌི་ཁཱ་མཱི་རོན་ (David Cameron) ལགས་ཀྱིས་གལ་སྲིད་དབྱིན་ཇུ་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ནས་ཕྱིར་འཐོན་པ་ཡིན་ན། ཁོས་རྒྱལ་ཁབ་དེའི་མ་འོངས་པའི་ཉེན་ཁར་འགན་ལེན་བྱེད་ཐབས་མེད་པའི་བརྡ་ལན་སྤྲད་ཡོད་པ་དང་། འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་བྱས་མ་ཐག་ཁོ་རང་ལས་གནས་ནས་རྩ་དགོངས་ཞུས་ཡོད།

ཁཱ་མཱི་རོན་གྱིས། “ང་སྲིད་བློན་ཞིག་ཡིན་པའི་ཆ་ནས་འབྱུང་འགྱུར་གྱི་ཟླ་བ་འགའི་རིང་རྒྱལ་ཁབ་འདི་གང་ཐུབ་ཀྱིས་ཁ་ཕྱོགས་ཡག་ས་ཞིག་ལ་འཁྲིད་ཐབས་བྱེད་དགོས་བསམ་ཡོད་ཀྱང་། ད་ལྟ་འོས་བསྡུའི་མཇུག་འབྲས་དེས་ང་རྒྱལ་ཁབ་འདིའི་མགོ་ཁྲིད་བྱས་ན་འོས་འཚམ་མེད་པ་བསྟན་ཡོད་” ཅེས་བརྗོད་ཡོད།

དབྱིན་ཇུའི་གཞུང་གིས་གྲོང་ཁྱེར་ཁག་མང་པོའི་ནང་འོས་བསྡུ་བྱས་བའི་ཁྲོད། རྒྱལ་ས་ལོན་ཌོན་ (London) གྱིས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཁོངས་འདུག་རྒྱུའི་ཐག་གཅོད་དང་། ལྷོ་རྒྱུད་གྲོང་ཁྱེར་ཁག་གཙོ་བྱས་བའི་གྲོང་ཁྱེར་བཱལ་སི་ (Wales) སོགས་ཀྱིས་ཡུ་རོབ་མཐུན་ཚོགས་ལས་ཕྱིར་འཐོན་རྒྱུའི་མང་མོས་ཐག་གཅོད་བྱུང་ཡོད།

གཞན། དབྱིན་ཇུའི་བྱང་ཕྱོགས་གྲོང་ཁྱེར་ཁག་གིས་ཡུ་རོབ་མཐུན་ཚོགས་འོག་སྡོད་རྒྱུའི་ཐག་གཅོད་དང་། གྲོང་གསེབ་ཁག་གིས་ཡུ་རོབ་མཐུན་ཚོགས་ལས་ཕྱིར་འཐོན་རྒྱུའི་ཐག་གཅོད་བྱས་ཡོད་སྟབས། ཁྱོན་ཡོངས་ནས་རྒྱལ་ཁབ་དེའི་ན་གཞོན་ཚོས་ཡུ་རོབ་མཐུན་ཚོགས་འོག་འདུག་འདོད་ཡོད་པ་དང་། ལོ་ན་ ༦༥ ལས་བརྒལ་བ་དག་གིས་ཡུ་རོབ་དང་ཁ་བྲལ་འདོད་ཀྱི་ཐག་གཅོད་བྱས་ཡོད།

‘དབྱིན་ཇུ་གཞུང་ཨང་དང་པོ།’

ལོ་སྔོན་མའི་ནང་། དབྱིན་ཇུའི་གྲོས་ཚོགས་འཐུས་མི་དང་ཡུ་རོབ་སྐྱབས་བཅོལ་ཞབས་ཞུའི་ལས་འགུལ་བ་ལྕམ་ཇཱོ་ཁཱི་སི་ (Jo Cox)ལགས། སྲིད་གཞུང་གིས་མང་མོས་འོས་བསྡུ་མ་གནང་སྔོན་ཏག་ཏག་གི་བདུན་ཕྲག་ནང་། ལྐོག་གསོད་པ་ཞིག་གིས་གྲིས་བརྒྱབ་སྟེ་བསད་ཡོད། སྐབས་དེར་ལྐོག་གསོད་པ་དེས་ “དབྱིན་ཇུ་གཞུང་ཨང་དང་པོ་ཡིན། འདི་ནི་དབྱིན་ཇུའི་ཆེད་དུ་ཡིན།” ཞེས་སྐད་འབོད་བརྒྱབ་ཡོད།

ལྕམ་ཇཱོ་ཁཱི་སི་ལགས་ཀྱི་ཆབ་སྲིད་ལོ་རྒྱུས་ཁྲོད། མོ་རང་གིས་སྤྱི་ཚོགས་གནས་བབ་འདྲ་མིན་ཐོག་ཕྱག་ལས་གནང་ཡོད་པ་དང་། ཁོང་མོས་སེ་རི་ཡའི་འཐབ་འཁྲུག་ཁྲོད་གནོད་འཚེ་ཕོག་པའི་སྐྱབས་བཅོལ་བ་དང་ཁོ་ཚོའི་བྱིས་པ་རྣམས་ཀྱི་ཆེད་ལས་འགུལ་མང་པོ་སྤེལ་ཡོད་པ་མ་ཟད། པཱ་ལི་སི་ཐན་ནང་གི་གྷ་རྫ་ (Gaza) ས་གནས་ཀྱི་ཡུལ་མི་ཚོའི་ཆེད་དང་། ད་དུང་བྲན་གཡོག་རིང་ལུགས་དང་། མུག་ཤི་ཐེབས་བཞིན་པའི་མང་ཚོགས་སོགས་ཀྱི་ཆེད་དུ་ལས་འགུལ་སྣ་ཚོགས་སྤེལ་ཡོད།

ལྐོག་གསོད་དོན་རྐྱེན་དེ་ནི། ལོ་ངོ་ ༢༥ ནང་དབྱིན་ཇུའི་གྲོས་ཚོགས་འཐུས་མི་ཞིག་ལྐོག་གསོད་བྱས་བ་ཐེངས་དང་པོ་དེ་ཆགས་ཡོད།

གཞུང་ལ་མི་དགའ་མཁན།

རྙིང་ཞེན་པ་ཚོས་དབྱིན་ཇུ་ཡུ་རོབ་མཐུན་ཚོགས་ལས་ཕྱིར་ཐོན་རྒྱུའི་ཐག་གཅོད་བྱས་ཡོད་སྟབས། ད་ལྟ་ཡུ་རོབ་ཁྱོན་ཡོངས་སུ་ཕྱི་མིས་རང་ཉིད་ཀྱི་གཞུང་འཛིན་བཟུང་བྱས་ཡོད་པའི་ཚོར་སྣང་ཞིག་གི་འོག་ཏུ། མང་ཚོགས་ནང་གཞུང་ལ་མི་དགའ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད།

ན་ནིང་ཇར་མན་གྱི་ས་གནས་འོས་བསྡུའི་སྐབས། (AFD) ཟེར་བའི་རྙིང་ཞེན་ཚོགས་པས་སྲིད་བློན་ཨན་ཇི་ལཱ་མཱར་ཁེལ་ལགས་ཀྱི་ཡེ་ཤུ་དམངས་གཙོ་ (Angela Merkel’s Christian Democrats) ཚོགས་པ་ཕམ་ཉེས་སུ་བཏང་ཡོད་པ་དང་། ལོ་དེར་ཇར་མན་ནང་སྐྱབས་བཅོལ་བའི་སྲིད་བྱུས་དང་འབྲེལ་ཏེ། དྲག་གཅོད་དོན་རྐྱེན་ཐེངས་མང་བྱུང་ཡོད། ཧྥ་རན་སུའི་རྙིང་ཞེན་མདུན་སྐྱོད་ཚོགས་པ་(France’s Front National)ཡི་ཚོགས་གཙོ་མཱ་རིན་ནེ་ལེ་པན་ (Marine Le Pen) ལགས་ལ་སྲིད་འཛིན་འོས་བསྡུའི་ཁྲོད་རྒྱལ་ཁ་ཆེན་པོ་ཐོབ་ཡོད་དང་། ཨོ་སི་ཊིར་ཡའི་རྙིང་ཞེན་ཚོགས་མི་གཙོ་བོ་ཞིག་མངའ་སྡེ་དེའི་མགོ་ཁྲིད་དུ་འདེམས་གྲབས་བྱས་ཡོད། དེ་བཞིན། ཨི་ཊ་ལི་ཡའི་གཞུང་གིས་བཅའ་ཁྲིམས་བསྐྱར་བཅོས་ལས་གཞིར་རྙིང་ཞེན་ཚོགས་པས་འདོད་མོས་མེད་པའི་རྣམ་འགྱུར་བསྟན་ཡོད་སྟབས། རྒྱལ་ཁབ་དེའི་མགོ་ཁྲིད་ཀྱིས་ལས་གནས་ནས་རྩ་དགོངས་མ་ཞུས་ཙམ་གྱི་གནས་སྟངས་ཆགས།

ཨ་རིའི་ཧྥི་ལོ་རི་ཌ་སློབ་ཆེན་གྱི་རྒྱལ་སྤྱིའི་ཆབ་སྲིད་མཉམ་ཞིབ་པ་སྐུ་ཞབས་རཱ་མེ་པེ་ཌ་ (Rami Peit) ལགས་ཀྱིས་ “གལ་སྲིད་ཧྥ་རན་སུའི་ལྕམ་ལེ་པན་ལགས་སུ་འོས་འཐོབ་པ་ཡིན་ན། ཧྥ་རན་སུ་ཡང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ལས་ཕྱིར་འཐོན་རྒྱུར་གྲ་སྒྲིག་ཡོད་པ་ང་ཚོས་ཤེས་གསལ་ལྟར་རེད། དེ་དག་ཁྲོད་ཇར་མན་ནི་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱལ་སྤྱིའི་ཚོང་འབྲེལ་དང་ཆབ་སྲིད་འཁྲབ་སྟོན་པ་གཅིག་པུ་དེ་ཆགས་ཡོད་པ་རེད།” ཅེས་བརྗོད་ཡོད།

རྙིང་ཞེན་པ་ཚོས་ཕྱི་མིའི་ཚོགས་པ་ཁག་གིས་ལས་མེད་མི་འབོར་ཇེ་མང་དུ་ཕྱིན་ཏེ། རྒྱལ་ཁབ་དཀའ་ངལ་ཆེན་པོ་བཟོ་བཞིན་ཡོད་པ་དང་། སྐྱབས་བཅོལ་བ་ཇེ་མང་དུ་ཕྱིན་པའི་དབང་གིས་རྒྱལ་ཁབ་ནང་དྲག་སྤྱོད་དོན་རྐྱེན་ཇེ་མང་དང་། སྲོལ་རྒྱུན་སྲིད་དོན་ལམ་ལུགས་རིགས་རྩ་མེད་གཏོང་གི་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད།

སྐུ་ཞབས་ཌན་སཱི་ཊཱོ་ནེ་(Dan Stone)ལགས་ཀྱིས་བརྗོད་དོན། “འདི་ནི་ཡུ་རོབ་ལ་ཆེས་ཉེན་ཁ་ཆེ་བའི་སྐབས་ཤིག་རེད་” ཅེས་བརྗོད་པ་དང་འབེལ་ཏེ། “དབྱིན་ཇུ་ཡུ་རོབ་མཉམ་འབྲེལ་ལས་ཕྱིར་འཐོན་རྒྱུའི་ཐག་གཅོད་བྱས་རྗེས། ཇར་མན་དང་ཧྥ་རན་སུའི་ནང་དུའང་གཉིད་ལས་སད་པ་ལྟར་འོས་ལངས་བྱུང་སྐབས། ང་ཚོས་རྙིང་ཞེན་ཚོགས་པའི་མདུན་སྐྱོད་གོམ་འགྲོས་མཐོང་བྱུང་། དེ་ནི་ཡུ་རོབ་ཁོ་ན་མ་ཡིན་པར་ཨ་རི་དང་འཛམ་གླིང་གང་སར་རྙིང་ཞེན་པ་ཚོས་ཡར་ལངས་བྱེད་བཞིན་པ་དེ་དག་རེད།” ཅེས་བརྗོད་ཡོད།

སྐུ་ཞབས་ཌན་སཱི་ཊོ་ནེ་ལགས་ནི། ‘དེ་ཚོ་ཚང་མར་བདེ་མོ་ (Goodbye to All That)’ ཞེས་བའི་དེབ་ཀྱི་རྩོམ་པ་པོ་ཡིན་ཞིང་དཔེ་དེབ་དེ་ནི་ ༡༩༤༥ ལོའི་ཚུན་གྱི་ཡུ་རོབ་ལོ་རྒྱུས་སྐོར་ཡིན།

སྐུ་ཞབས་སཱི་ཊཱོ་ནེ་ལགས་ཀྱིས་ “འཛམ་གླིང་དམག་ཆེན་གཉིས་བའི་མཐའ་སྡོམ་གྱིས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་མཐུན་སྒྲིལ་དེ་བསྐྲུན་ཡོད་ལ། དེའི་བརྒྱུད་རིམ་དེ་འདྲའི་ཡང་དག་པ་ཞིག་མིན་རུང་། ང་ཚོས་ད་ལྟ་མཐུན་ཚོགས་དེ་འདི་ལྟར་གཡུག་བཞག་ན་མཇུག་འབྲས་ཅི་ལྟ་བུ་ཞིག་ཆགས་སྲིད་དམ།”ཞེས་བརྗོད་འདུག

དབྱིན་ཇུ་ཡུ་རོབ་མཐུན་ཚོགས་ལས་ཕྱིར་ཐོན་པ་དེས་ཡུ་རོབ་རྒྱལ་ཁབ་མང་པོའི་ནང་ཆབ་སྲིད་ཡོ་ལང་ཆེན་པོ་བསླངས་ཡོད་པ་དང་། ད་ལྟ་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་ལམ་ཁ་གསར་བ་ཞིག་ལ་གྲ་སྒྲིག་ཨང་གསར་མ་བྱས་ཚེ། དུས་ཡུན་རིང་པོ་མི་འགོར་བར་ཡུ་རོབ་མཐུན་ཚོགས་ཁ་འཐོར་དུ་འགྲོ་རྒྱུའི་ཉེན་ཁ་ཧ་ཅང་ཆེ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༦ སྔོན་ལ།
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

ཆུ་ཚོད་ ༦ སྔོན་ལ།
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

ཆུ་ཚོད་ ༦ སྔོན་ལ།
Sakkar Tashi’s profile on X. Screenshot taken on 24 June 2026.
Mobile App

རྒྱ་ནག་གཞུང་གིས་ས་དཀར་བཀྲ་ཤིས་ལགས་ཀྱི་བོད་ནང་གི་ནང་མི་རྣམས་ནག་ཉེས་ཅན་གྱི་ཐོ་གཞུང་དུ་བཅུག་འདུག

ཆུ་ཚོད་ ༧ སྔོན་ལ།
སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་བསྒྲིལ། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༢༤
Mobile App

སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཁུལ་གྱི་ཕྱོགས་ཕེབས་མཇུག་བསྒྲིལ། 

ཆུ་ཚོད་ ༡༡ སྔོན་ལ།
Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

༢༠༢༦/༠༦/༢༣

མཆན། 2

  1. Karma rangdol says:
    ལོ་ 9 སྔོན།

    དབྱིན་འཇི་འབྲི་དགོས་ས་ལ་དབྱིན་ཇུ་བྲིས་པ་དེ་གང་ཡིན་ནམ་ལ།
    ཁམས་སྐད་རེད་བས་ལ། དེ་ལྟར་ན་ཨིན་འཇི་ཞེས་བྲིས་ན་ལེགས། ཡིན་ཡང་ཡོངས་གྲགས་སུ་ད་བར་དུ་ དབྱིན་འཇི་ ཟེར།

    Reply
  2. སྲས་སྐུ་ངོ་། says:
    ལོ་ 9 སྔོན།

    དབྱིན་ཡུལ་རྒྱུ་རྐྱེན་གང་ལ་བརྟེན་ནས་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱས་པ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese