མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཤག་གིས་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིར་བརྩི་བཀུར་དང་། གྲོས་ཚོགས་ལ་འགན་འཁུར་བཞེས་ཕྱོགས་དེ་ག་འདྲ་ཞིག་ཆགས་ཀྱི་ཡོད་ན་བསམ་པའི་ཚོར་སྣང་བྱུང་།

བོད་ཀྱི་དུས་བབ།
༢༠༡༧/༠༣/༢༥
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་འཐུས་ཚོགས་གཙོ་མཆོག་ནས་ད་ལན་གྱི་གྲོས་ཚོགས་ཚོགས་དུས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡༧། ༢༠༡༨ ཀྱི་སྔོན་རྩིས་གཏན་འབེབས་ཟིན་པ་ལྟར་དབུས་སའི་འབྲེལ་ཡོད་ལས་བྱེད་རྣམ་པས་དངུལ་རྣམས་བསྲི་ཚགས་དང་འགན་འཁུར་ཆེ་བཞེས་ཀྱིས་དོན་ཕན་ལྡན་པ་ཞིག་ཡོང་ཐབས་དགོས་པའི་འབོད་སྐུལ་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཙམ་ལ་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་ལེགས་པར་མཇུག་བསྡུས་སོང་བ་དང་། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་མཇུག་བསྡོམས་གསུང་བཤད་གནང་སྐབས་ད་ལན་བཀའ་ཤག་ལྷན་རྒྱས་གྲོས་ཚོགས་ནས་ཕྱིར་ཐོན་སོང་བ་དེར་ཚོགས་གཙོ་སྦྲེལ་པོའི་ངོས་ནས་བཀའ་ཤག་གིས་ཚོགས་འདུའི་འགྲོ་ལུགས་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལ་བརྩི་བཀུར་དང་ཉམས་ལེན། དེ་བཞིན་གྲོས་ཚོགས་ལ་འགན་འཁུར་བཞེས་ཕྱོགས་དེ་ག་འདྲ་འདྲ་པོ་ཆགས་ཀྱི་ཡོད་ན་བསམ་པའི་ཚོར་སྣང་བྱུང་སྐོར་དང་། གྲོས་ཚོགས་ནང་ཆ་ཤས་ལེན་སྐབས་སྐད་ཡིག་གཞན་བེད་སྤྱོད་གཏོང་བར་ཚོགས་གཙོའི་བཀའ་འཁྲོལ་དགོས་པ་དང་། གྲོས་ཚོགས་ནས་ཕྱིར་འགྲོ་ནང་འོང་བྱེད་སྐབས་གྲོས་ཚོགས་ཀྱི་ཞབས་བཀྱག་ལ་གུས་འདུད་དགོས་པ་སོགས་ཀྱི་ཐད་སྐྱོན་གནད་ཡང་ཡང་ཡོང་གི་ཡོད་པ་དེར་ཐུགས་གཟབ་དགོས་སྐོར་གསུངས་སོང་།

དེ་ཡང་ད་ལན་གྱི་ཚོགས་དུས་ཐོག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡༧།༢༠༡༨ ཀྱི་སྔོན་རྩིས་གཏན་འབེབས་གནང་ཟིན་པའི་སྐོར་ལ་སྤྱི་འཐུས་ཚོགས་གཙོ་མཆོག་གིས། བཙན་བྱོལ་བའི་གནས་སྟངས་ཀྱི་ཐོག་ནས་དཔལ་འབྱོར་ཐད་རང་ཁ་རང་གསོ་བྱེད་ཐུབ་པ་ཁག་པོ་ཆགས་ཡོད་ཀྱང་། རྩིས་ལོ་ ༢༠༡༧།༢༠༡༨ ནང་ས་ཡ་ཉིས་སྟོང་བཞི་བརྒྱ་ལྷག་ཞིག་བཀའ་འཁྲོལ་གཏན་འབེབས་ཞུས་ཐུབ་ཡོད་པ་དང་། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ལས་འཆར་མང་པོ་ཞིག་ལ་འཆར་འབུལ་ཞུས་ཐུབ་པ་དེ་ལེགས་གསོལ་བསྔགས་བརྗོད་ཞུ་རྒྱུ་ཡིན་ལ། དངོས་སུ་བཀའ་འཁྲོལ་གཏན་འབེབས་བྱུང་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་སའི་ལས་ཁུངས་ཁག་གི་འབྲེལ་ཡོད་ལས་བྱེད་ཚང་མའི་ངོས་ནས་ལྷག་བསམ་དང་འགན་འཁུར་ཆེ་བཞེས་ཀྱི་ཐོག་ནས་བཀའ་འཁྲོལ་ཐོབ་པའི་དངུལ་འབོར་དེ་ཚོར་བསྲི་ཚགས་ཀྱི་ཐོག་ནས་ལས་དོན་རྣམས་དོན་ཕན་ལྡན་པ་ཞིག་ཡོང་ཐུབ་དགོས་པ་དེ་གལ་ཆེན་པོ་ཆགས་ཡོད་སྟབས། ལས་དོན་རྣམས་དོན་ལ་སྨིན་པ་ཡོང་བར་ཚང་མས་ཧུར་ཐག་འབད་ཐག་དང་འགན་འཁུར་མཉམ་བཞེས་ཡོང་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད་སྐོར་གསུངས་སོང་།

བཀའ་ཤག་ལྷན་རྒྱས་གྲོས་ཚོགས་ནས་ཕྱིར་ཐོན་པ་དེར་ཚོགས་གཙོ་སྦྲེལ་པོའི་ངོས་ནས་དགོངས་ཚུལ་ཅི་ཡོད་སྐོར་ལ་ཁོང་གིས། ཚོགས་དུས་འདིའི་ནང་ཕེབས་པའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་སྙན་ཐོ་དང་འཆར་ཟིན་གྱི་ལས་དོན་རྣམས་ཞིབ་ཚགས་དང་ཡག་པོ་ཡོང་འདུག་ཅེས་བསྔགས་བརྗོད་ཞུ་རྒྱུ་དང་། གྲོས་ཚོགས་ནང་དངོས་སུ་སྙན་ཐོ་དང་འཆར་ཟིན་ཕེབས་སྐབས་དེ་ལ་བཀའ་ཤག་ནས་དགག་པ་བརྒྱབ་པ་དང་། བཀའ་ཤག་ལྷན་རྒྱས་གྲོས་ཚོགས་ནས་ཕྱིར་ཕེབས་པའི་གནས་ཚུལ་བྱུང་ཡོད་སྟབས། ཚོགས་གཙོ་སྦྲེལ་པོའི་ངོས་ནས་བཀའ་ཤག་གིས་ཚོགས་འདུའི་འགྲོ་ལུགས་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལ་བརྩི་བཀུར་དང་ཉམས་ལེན། དེ་བཞིན་གྲོས་ཚོགས་ལ་འགན་འཁུར་བཞེས་ཕྱོགས་དེ་ག་འདྲ་འདྲ་པོ་ཆགས་ཀྱི་ཡོད་ན་བསམ་པའི་ཚོར་སྣང་ཞིག་བྱུང་། ཚོགས་གཙོས་འོས་བསྡུའི་སྔོན་འགྲོ་དང་དངོས་གཞི་གཉིས་དགོས་དང་མི་དགོས་ཀྱི་ཐོག་ལ་ཞིབ་ཕྲ་ཞུ་བའི་འབད་བརྩོན་ཞུ་རྒྱུ་མིན་ཡང་། འོས་བསྡུའི་བྱུང་རིམ་གྱི་རྩོད་རྙོག་ལས་དེའི་གྲུབ་འབྲས་དེ་བས་ཀྱང་ཉེན་ཁ་ཆེ་བ་ཞིག་ཆགས་ཡོད་སྟབས། འོས་བསྡུའི་གྲུབ་འབྲས་དེ་ཡག་པོ་ཞིག་བྱུང་མ་ཐུབ་པ་ཡིན་ན་ཉེན་ཁ་ཆེ་བ་དང་མི་མང་གི་ཡིད་ཆེས་བརླག་པ། ༧སྐྱབས་མགོན་རིན་པོ་ཆེའི་དགོངས་བཞེད་གཞིར་བཟུང་བོད་མིའི་རྩ་དོན་འཐབ་རྩོད་ཐོག་མདུན་སྐྱོད་བྱེད་མ་ཐུབ་པ་དེ་འདྲ་བྱུང་བ་ཡིན་ན། མི་རིགས་ཀྱི་རྩ་དོན་དང་འཐབ་རྩོད་སོགས་གང་ཅིའི་ཐོག་ལའང་འཐུས་ཤོར་ཆེ་ཤོས་ཤིག་ཆགས་འགྲོ་ཡི་ཡོད་པར་བརྟེན། ལོ་ལྔ་ཚན་ནང་ཟང་ངེ་ཟིང་ངེ་རྐྱང་རྐྱང་དང་དངོས་ཤུགས་བརྒྱུད་གསུམ་ནས་སྤྱི་ཚོགས་ལ་བརྡབ་གསིག་འདྲ་རྐྱང་རྐྱང་ཡོང་བསྡད་པ་ཡིན་ན། ང་རང་ཚོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་འགན་དབང་བསྐུར་བ་དེ་མ་འགྲུབ་ཅིག་ཆགས་ཀྱི་ཡོད་པར་བརྟེན། དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་གྲོས་ཚོགས་ཀྱི་ཚོགས་མི་རྣམ་པ་དང་རྒྱ་ཆེའི་མང་ཚོགས་ཀྱི་ངོས་ནས་ཀྱང་དེ་ལ་ཐུགས་སྣང་དང་འགན་འཁུར་བཞེས་དགོས་པ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

སྤྱི་འཐུས་རྣམ་པ་དང་བཀའ་ཤག་ལྷན་རྒྱས་ནས་གྲོས་ཚོགས་ནང་ཆ་ཤས་ལེན་སྐབས་སྐྱོན་གནད་ཡང་ཡང་ཡོང་གི་སྐོར་ཁོང་གིས། གྲོས་ཚོགས་ཀྱི་ལས་རིམ་སྐྱོང་སྐབས་བཀུར་འོས་སྤྱི་འཐུས་རྣམ་པ་རིགས་ཤིག་དང་། འཛིན་སྐྱོང་བཀའ་ཤག་ནས་ཚོགས་འདུའི་འགྲོ་ལུགས་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་གཞིར་བཟུང་ཕེབས་མ་ཐུབ་པའི་སྐྱོན་གནད་ཡང་ཡང་ཐོན་གྱི་འདུག ཚོགས་གཙོས་ཁ་ཐུག་དེར་སྟངས་འཛིན་བྱས་པ་ཡིན་ན་ཡང་གནས་ཚུལ་ཆེད་མངགས་བཟོས་བསྡད་པ་ནང་བཞིན་ཆགས་མི་སྲིད་པ་མི་འདུག་པས་བཟོད་སྒོམ་དེ་འདྲ་གནང་གི་ཡོད་པ་རེད། སྐྱོན་གནད་ཀྱི་དཔེ་མཚོན་ཞིག་ཞུས་པ་ཡིན་ན། གྲོས་ཚོགས་ནང་སྐད་ཡིག་གཞན་བེད་སྤྱོད་གཏོང་སྐབས་ཚོགས་གཙོ་ལ་བཀའ་འཁྲོལ་ཞུ་དགོས་པ་དང་། དེ་བཞིན་གྲོས་ཚོགས་ཀྱི་ཚོགས་མི་དང་ཟུར་ཉན་པ། ལས་བྱེད་ཚོ་དངོས་འབོད་ཞུ་དགོས་ན་ཚོགས་གཙོ་ལ་བཀའ་འཁྲོལ་ཞུ་དགོས།  གྲོས་ཚོགས་ནས་ཕྱིར་ཐོན་པ་དང་ནང་ལ་ཕེབས་པའི་སྐབས་སུ་གྲོས་ཚོགས་ཀྱི་ཞབས་བཀྱག་ལ་གུས་འདུད་ཞུ་དགོས་པ་སོགས་དེ་ཚོའི་རིགས་ཤིག་རྩ་བ་ནས་ཡོང་གི་མེད་པ་དང་། དེ་ཚོའི་གྲས་དེ་གྲོས་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་ ༢༣ པའི་ནང་ལྷན་ཚོགས་སྐབས་སྒྲིག་སྲུང་དགོས་པ་ཞེས་བཀོད་ཡོད་པ་དང་། དེ་བཞིན་ཚོགས་འདུའི་ནང་བག་ཡོད་བསྟེན་ཕྱོགས་ཞེས་ཟུར་དུ་སྒྲིག་གཞིའི་ནང་བཀོད་ཡོད་པ་དེ་ཚོ་ཉམས་ལེན་བྱེད་ཐུབ་དགོས་པ་གལ་ཆེན་པོ་ཞིག་ཏུ་མཐོང་གི་ཡོད་སྐོར་དང་། གྲོས་ཚོགས་ནང་འཐུས་མི་སྒེར་སོ་སོའི་བསམ་ཚུལ་གཙོ་བོར་བཏོན་བསྡད་པ་དང་། སྒེར་གྱི་ཁེ་ཕན་སྲུང་སྐྱོབ་ཀྱི་རྣམ་པ་རེ་གཉིས་ཡོང་གི་ཡོད་པ་དེ་ཚོར་ཐུགས་གཟབ་གནང་དགོས་པ་གལ་ཆེན་པོ་ཡིན་སྐོར་དང་། སྒེར་གྱི་འཚོ་བ་དང་སྤྱི་པའི་ལས་དོན་གཉིས་མཉམ་བསྲེས་མ་ཡིན་པའི་ཐོག་ནས་ཐོག་མའི་དམ་བཅའ་ལྟར་བོད་མིའི་འཕྲལ་ཕུགས་རྒྱང་གསུམ་ལ་ཕན་པའི་ལས་དོན་ནང་ཞུགས་ཐུབ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

སྤྱི་པའི་ལས་དོན་ཐོག་ནུས་པ་མཉམ་སྤུངས་ཀྱིས་སྔར་ལས་ནུས་པ་ཐོན་ཐབས་དགོས་པའི་སྐོར་ལ་ལམ་སྟོན་གནང་དོན། བོད་མིའི་སྒྲིག་འཛུགས་ལ་བཅའ་ཁྲིམས་ཀྱིས་བཙན་བྱོལ་སྤྱི་ཚོགས་བདེ་ཐབས་བྱེད་པ་དང་། བོད་དོན་བདེན་མཐའ་སེལ་ཐབས། དེ་བཞིན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཡོང་ཐབས་བཅས་ཀྱི་འགན་དབང་གཙོ་བོ་བསྐུར་ཡོད་པ་དེ་ཚོ་སྒྲུབ་ཐུབ་དགོས་པ་གཅིག་དང་། ལྷག་པར་དུ་ང་རང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་ཆགས་བསྡད་ཡོད་སྟབས། བོད་དོན་བདེན་མཐའ་སེལ་ཐབས་ལ་དངོས་ཤུགས་བརྒྱུད་གསུམ་ནས་ནུས་པ་ཆེ་རུ་གཏོང་ཐུབ་དགོས་པ་དེ་གལ་ཆེན་པོ་ཞེ་དྲགས་མཐོང་གི་ཡོད་ལ། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་དེ་ལྟར་གནང་གི་ཡོད་ལ། བཀུར་འོས་འཐུས་མི་རྣམ་པ་དང་མང་ཚོགས་ཀྱི་ངོས་ནས་ཡིནའང་གནང་གི་ཡོད་པ་རེད། ཡིན་ནའང་། ང་ཚོའི་ནུས་པ་སྔར་ལས་མཐོ་རུ་གཏོང་ཐུབ་པ་ཞིག་དང་ཤུགས་རྐྱེན་སླེབ་ཐུབ་པར་ནུས་པ་གཅིག་སྒྲིལ་གནང་བར་འབད་བརྩོན་དགོས་པ་གལ་ཆེན་པོ་ཆགས་ཡོད།

བོད་མིའི་སྒྲིག་འཛུགས་འདི་གཙོ་བོ་བླ་ན་མེད་པ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེས་གཟིགས་པ་དང་། བོད་ནང་གི་བོད་མིའི་ལྷག་བསམ་དང་སྙིང་སྟོབས། རེ་བ། དེ་བཞིན་བཙན་བྱོལ་བོད་མི་རྣམས་ཀྱི་ཡིད་ཆེས་དང་བརྩི་བཀུར། གནས་ཡུལ་རྒྱ་གར་གཞུང་གི་མཐུན་འགྱུར་གྱི་ཐོག་ནས་འགྲོ་ཡི་ཡོད་སྟབས། རྒྱུན་དུ་ལས་དོན་གང་བརྩམ་པ་ཡིན་ནའང་དེ་ཚོའི་བཀའ་དྲིན་དྲན་ཐུབ་དགོས་པ་ཞིག་དང་། ཡིད་ཆེས་བརླག་མ་བཅུག་པ་བྱེད་དགོས་པ་དེ་གལ་ཆེན་པོ་ཞེ་དྲགས་ཡིན་ལ། དེ་འདྲའི་བསམ་བློ་གཏང་བའི་ཐོག་ནས་སོ་སོར་ཀུན་སློང་མ་དག་པ་སྐྱེས་པ་ཡིན་ནའང་བཅོས་ཏེ། སྤྱི་པའི་ལས་དོན་ཐོག་ལ་ནུས་པ་མཉམ་སྤུང་དང་ཡིད་ཆེས་མ་བརླག་པ་བྱེད་དགོས་པ་དེ་གལ་ཆེན་པོ་ཞེ་དྲགས་ཡིན་པ་དང་། ལྷག་པར་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་རེ་གནང་བ་ནང་བཞིན་ང་ཚོས་ཞབས་འདེགས་སྒྲུབ་ཐུབ་དགོས་པ་དེ་ལས་འགན་གལ་ཆེ་ཤོས་ནང་གི་ཆེ་ཤོས་ཤིག་ཆགས་ཡོད་སྟབས། དེ་ཚོ་དུས་རྒྱུན་དུ་བསམ་བློའི་ནང་བཅང་དགོས་པ་ཞིག་དང་། གྲོས་ཚོགས་ཚོགས་པའི་སྐབས་སུ་ཡིན་ནའང་དེ་འདྲར་དགོངས་པ་བཞེས་པའི་ཐོག་ནས་ལས་རིམ་ནང་ཆ་ཤས་ལེན་ཐུབ་དགོས་པ་དེ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

བཙན་བྱོལ་བོད་མི་རྣམས་ཀྱིས་བོད་ནང་གི་བོད་མིར་གདུང་སེམས་མཉམ་སྐྱེད་ཙམ་མིན་པར་ཆབ་སྲིད་ཀྱི་མདུན་སྐྱོད་ཆེན་པོ་ཞིག་བྱེད་པར་འབད་བརྩོན་དགོས་པ་དང་། དེ་བཞིན་རྒྱ་ནག་གཞུང་གི་ངོས་ནས་བོད་མིའི་མངོན་འདོད་ལ་བསྐྱར་ཞིབ་ཀྱི་ཐོག་ནས་མདུན་སྐྱོད་ཀྱི་གོ་སྐབས་ལེན་དགོས་སྐོར་ཁོང་གིས། ད་ལན་གྱི་གྲོས་ཚོགས་ལས་རིམ་འགྲོ་བཞིན་པའི་དུས་སྐབས་སུའང་བོད་གསེར་རྟ་རུ་ཛ་དྲག་གི་གནས་སྟངས་ཆགས་བསྡད་ཡོད་པ་དང་། དེ་བཞིན་ཁམས་ཉག་རོང་ནས་བོད་མི་པདྨ་རྒྱལ་མཚན་ཞུ་བ་ཞིག་གིས་སྐུ་ལུས་མེར་བསྲེགས་གནང་ཡོད་པ་དང་། ད་ལྟའང་ཁོང་འདས་གསོན་གང་ཡིན་གྱི་གནས་སྟངས་གསལ་ཆ་མེད་པ་ཆགས་བསྡད་ཡོད། ཕྱི་ལོ་ ༢༠༠༩ ནས་༢༠༡༧ བར་དུ་བོད་མི་ ༡༤༦ གིས་སྐུ་ལུས་མེར་བསྲེགས་གནང་ཡོད་པའི་ནང་ནས་ ༡༢༥ འདས་གྲོངས་སུ་ཕྱིན་ཟིན་པ་དང་། མི་ ༢༠ ཙམ་འདས་གསོན་ཅི་ཡིན་གྱི་གནས་སྟངས་ཁ་གསལ་མེད་པ་ཆགས་ཡོད། ཁོང་རྣམ་པའི་བློས་གཏོང་དང་མངོན་འདོད་གཙོ་བོ་དེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ནང་ཕེབས་བཅུག་དགོས་པ་དང་། བོད་མིར་རང་དབང་དགོས་པ་དེ་ཆགས་ཡོད་སྟབས། ཁོང་རྣམ་པའི་བློས་གཏོང་དང་མངོན་འདོད་ལ་ང་ཚོས་གདུང་སེམས་མཉམ་སྐྱེད་ཙམ་མ་ཡིན་པར་མངོན་འདོད་འགྲུབ་པར་ཆབ་སྲིད་ཀྱི་རླབས་ཆེན་མདུན་སྐྱོད་བྱེད་ཐུབ་པར་འབད་བརྩོན་བྱེད་དགོས་པ་དེ་བོད་མིའི་སྒྲིག་འཛུགས་དང་། རྒྱ་ཆེའི་མང་ཚོགས་ཀྱི་ཐོག་ནས་ཧ་ཅང་གལ་ཆེན་པོ་ཆགས་ཡོད་ལ། ལྷག་པར་དུ་རྒྱ་ནག་གཞུང་ངོས་ནས་མཁྲེགས་བཟུང་གི་སྲིད་བྱུས་དེ་དོར་བའི་ཐོག་ནས་བོད་མི་རྣམས་ཀྱི་མངོན་འདོད་ལ་བརྩི་བཀུར་དང་དང་ལེན་གྱིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དང་། བོད་ནང་གི་བོད་མི་ཚོའི་མངོན་འདོད་ལ་བསྐྱར་ཞིབ་ཀྱི་ཐོག་ནས་མདུན་སྐྱོད་བྱེད་པའི་གོ་སྐབས་ལེན་དགོས་སྐོར་གསུངས་སོང་།

མཇུག་ཏུ་ཚོགས་གཙོ་མཆོག་ནས་གྲོས་ཚོགས་ལེགས་པར་གྲུབ་རྗེས་སྤྱི་འཐུས་རྣམ་པ་ས་བགོས་ཕྱོགས་ཕེབས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་བོད་ནང་གི་བོད་མིའི་གནས་སྟངས། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ། དེ་བཞིན་མང་ཚོགས་ཀྱི་ཤེས་ཡོན་དང་འཕྲོད་བསྟེན། འཚོ་བའི་གནས་སྟངས་སོགས་ཀྱི་ཐོག་གཟིགས་ཞིབ་གནང་རྒྱུ་དེ་ལས་རིམ་གལ་ཆེན་ཞིག་ཏུ་བརྩི་ཡི་ཡོད་སྟབས། ས་གནས་ཁག་གི་མང་ཚོགས་ནས་ལས་རིམ་དེའི་ནང་མཉམ་ཞུགས་དང་ཆ་ཤས་ལེན་ཐུབ་པའི་རེ་བ་ཞུ་ཡི་ཡོད་སྐོར་བཅས་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Front Slider

འཇམ་དབྱངས་བཀྲ་ཤིས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ།

ཆུ་ཚོད་ ༡༢ སྔོན་ལ།
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

ཆུ་ཚོད་ ༡༥ སྔོན་ལ།
སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

ཆུ་ཚོད་ ༡༨ སྔོན་ལ།
 ཚེ་དབང་དབྱངས་མཚོ་ལགས་དང་བསྟན་འཛིན་སྲི་སྒྲུབ་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༧།༣
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་གཟེངས་ཐོན་སྲི་ཞུ་བ་གཉིས།

ཆུ་ཚོད་ ༡༩ སྔོན་ལ།
Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

༢༠༢༥/༠༧/༠༢
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

༢༠༢༥/༠༧/༠༢

མཆན། 2

  1. བསྟན་འཛིན་དབང་རྒྱལ་ says:
    ལོ་ 8 སྔོན།

    གྲོས་ཚོགས་འཚོགས་མུས་བོད་མིའི་གནས་རིམ་མཐོ་ཤོས་དེས་རང་བློ་མི་ཁེངས་སྟབས་ཕྱིར་ཐོན་པའི་གནས་སྟངས་དེ་གཞིས་བཞུགས་བོད་མིའི་སེམས་ནང་མི་བདེ་བའི་བག་ཆགས་ངན་པ་ཞིག་གང་སར་གོ་རྒྱུ་འདུག་

    Reply
  2. སྲས་སྐུ་ངོ་། says:
    ལོ་ 8 སྔོན།

    ལེགས་བྱུང་། བཀའ་ཤག་གྲོས་ཚོགས་ནས་ཕྱིར་ཐོན་པ་ནོར་འཁྲུལ་རེད། ད་རུང་འགྲིག་པའི་སྤྱི་འཐུས་རེ་ཟུང་ཡོད་པ་རྣམས་ཆོལ་ལོགས་ཞེན་ལོགས་ཀྱི་རྣམ་པ་བསྟན་པ་རེད།
    གྲོས་ཚོགས་ནས་ཡར་མར་ཕེབས་སྐབས་གུས་བརྩི་མ་བྱས་པ་དེ་ཚོགས་གཙོ་གཞོན་མ་གུས་པ་མ་ཡིན་པར་བོད་རྒྱ་ཆེ་མི་མང་ལ་མ་གུས་པ་དང་གཅིག་མཚུངས་རེད།
    རྒྱལ་བའི་སྐུ་ཚེ་བརྟན་ཞིང་མཛད་དོན་ལྷུན་འགྲུབ།བོད་ཀྱི་བདེན་མཐའ་གང་མགྱོགས་སེལ་བའི་སྨོན་འདུན་གྲངས་མེད་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese