མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པར་ཐོན་རྫས་ཡག་པོ་འདུག་ཀྱང་ཚོང་རྟགས་དགོས་པ་གལ་ཆེན་པོ་ཆགས་འདུག

བོད་ཀྱི་དུས་བབ།
༢༠༡༧/༠༤/༢༤
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༡༢ པའི་ཐོག་སྲིད་སྐྱོང་མཆོག་ནས་བོད་རིགས་ཚོང་པ་ཚོས་ཡ་རབས་བཟང་སྤྱོད་ལྡན་ཞིང་ཡུལ་ཁྲིམས་དང་མཐུན་པའི་ཐོག་ནས་ཚོང་ལས་གཉེར་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།
དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ པའི་ཐོག་དྷ་ས་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༡༢ པ་མགོ་འཛུགས་གནང་སོང་བ་དང་།  མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དམིགས་བསལ་སྐུ་མགྲོན་ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་སྐུ་ཞབས་རམ་སི་ཝར་ཕི་(Ram Swaroop )ལགས་དང་། རྒྱ་གར་གྱི་རྩིས་ཞིབ་པ་སཱ་ཏི་ཡ་ཀུ་མུར་(Sathya Kumar)ལགས། དེ་བཞིན་དྷ་ས་ཁུལ་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་དང་ཚོང་ལས་བདེ་ཚོགས་ཀྱི་ས་གནས་ཁག་གི་སྐུ་ཚབ། དྷ་ས་ཁུལ་གྱི་ཚོགས་མི་རྣམ་པ་བཅས་མི་གྲངས་ ༡༠༠ མ་ཟིན་ཙམ་འཛོམས་འདུག མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་མཆོག་ནས་ཕྱི་ལོ་ ༢༠༡༧ ལོའི་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་དེབ་(TCC Journal 2017)དབུ་འབྱེད་དང་། ཚོགས་པ་ཐོག་མར་འཛུགས་མཁན་གྱི་གྲས་བོད་མི་ཚོང་པ་ཉི་མ་སྟོབས་རྒྱལ་ལགས་སུ་ཞབས་ལོ་བཅུའི་གཟེངས་བསྟོད་བྱ་དགའ་དང་། སྤྱི་ཟུར་རྒྱལ་ནོར་ཚེ་དབང་ལགས་སུ་ཚེ་གང་གྲུབ་འབྲས་གཟེངས་ཐོན་གྱི་ཆེད་བསྟོད་བྱ་དགའ། དེ་བཞིན་ཚོགས་མི་གསར་པ་ཁག་ཅིག་ལ་ཆེ་མཐོང་བྱ་དགའ་བཅས་གནང་སོང་།

མཛད་སྒོའི་ཐོག་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་གཙོ་བློ་བཟང་དངོས་གྲུབ་ལགས་ཀྱིས། བདེ་ཚོགས་བཙུགས་ནས་ལོ་ངོ་ ༡༢ ཕྱིན་པའི་རིང་རྒྱ་བལ་གཉིས་ཀྱི་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཁྱོན་ནས་ཚོང་ལས་ཆེ་འབྲིང་ཆུང་གསུམ་གཉེར་མཁན་གྱི་བོད་མི་ཚོང་པ་ ༣༦༧ ཙམ་འཛུལ་ཞུགས་གནང་ཡོད་པ་དང་། ཕྱི་ལོ་ ༢༠༡༦ དང་ ༢༠༡༧ ལོར་བོད་མི་ཚོང་པ་ ༡༤༢ ཚོགས་པའི་ནང་གསར་དུ་འཛུལ་ཞུགས་གནང་ཡོད་ལ། བོད་རིགས་སློབ་ཕྲུག་གཉིས་ལ་ཚོང་ལས་སློབ་སྦྱོང་ཐད་སློབ་ཡོན་རོགས་སྐྱོར་གནང་ཡོད་པ་དང་ལལ་ཀེ་ལ་བོད་མི་སུད་ཚོང་བའི་མེ་སྐྱོན་ཐད་ཧིན་སྒོར་ ༥༠༠༠༠ ཞལ་འདེབས་སུ་གནང་ཡོད་སྐོར་དང་། བོད་མིའི་སྒྲིག་འཛུགས་ནས་བོད་མི་སུད་ཚོང་བ་ ༡༠༠༠ ལ་ཧིན་སྒོར་ས་ཡ་གཅིག་སྐྱེད་ཀ་བརྒྱ་ཆ་ ༣ བྱས་ཏེ་དངུལ་བུན་གཏོང་གི་ཡོད་པ་དེར་ཐུགས་རྗེ་ཆེ་ཞུས་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ནས་དངུལ་ཁང་འཛུགས་འཆར་ཡོད་པ་ལྟར་བོད་མིའི་ཚོང་ལས་བདེ་ཚོགས་ནས་དངུལ་བུན་ཞུ་རྒྱུའི་གྲ་སྒྲིག་ཡོད་ལུགས་དང་། བོད་མིའི་ཚོང་ལས་བདེ་ཚོགས་བཙུགས་ཐུབ་པ་བྱུང་བ་དེ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་ཡིན་ལ། ད་ལྟའི་བར་ལམ་སྟོན་དང་རོགས་རམ་གནང་བ་ལྟར་མ་འོངས་པར་མུ་མཐུད་ཚོགས་མི་རྒྱ་སྐྱེད་སོགས་ཀྱི་ཐད་ལམ་སྟོན་གཟིགས་སྐྱོང་ཡོང་བའི་རེ་བ་ཞུས་སོང་ལ། བོད་མི་ཚོང་པ་རྣམས་བོད་མིའི་ཚོང་ལས་བདེ་ཚོགས་ནང་འཛུལ་ཞུགས་ཡོང་བའི་འབོད་སྐུལ་ཞུས་སོང་།

བདེ་ཚོགས་ཀྱི་དྲུང་ཆེ་ཚེ་རིང་རྡོ་རྗེ་ལགས་ནས་ཚོགས་པའི་ལས་བསྡོམས་སྙན་སྒྲོན་ཞུ་སྐབས། ཚོང་ལས་བདེ་ཚོགས་ཀྱི་རྒྱུན་ལས་སྐབས་སོ་སོ་ནས་སྤྱི་དོན་གལ་ཆེར་བརྩིས་ཏེ་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་དགོས་དོན་དམིགས་ཡུལ་གོང་འཕེལ་དང་། བོད་རིགས་ཚོང་པ་ཆེ་འབྲིང་ཆུང་གསུམ་ལ་ཁྱབ་པའི་ཚོང་པའི་ཟབ་སྦྱོང་དང་ཁྲིམས་མཐུན་དཔྱ་ཁྲལ་འབུལ་ཕྱོགས་སོགས་ལ་ལས་འགུལ་སྣ་མང་ཞིག་སྤེལ་ཐུབ་ཡོད་པ་དང་། འདས་པའི་ལོ་ངོ་ ༡༢ ནང་ཡུ་རོབ་ནང་བོད་མིའི་ཚོང་པའི་སྐུ་ཚབ་ཐེངས་གཅིག་དང་ཨ་རིའི་ནང་ཐེངས་གཉིས་ཕེབས་ཐུབ་ཡོད་པ་དང་། མ་འོངས་པར་བོད་ནང་དུའང་སྐུ་ཚབ་འགྲོ་ཐུབ་པར་འབད་བརྩོན་གནང་རྒྱུ་ཡིན་སྐོར་བརྗོད་སོང་། དེའི་རྗེས་བདེ་ཚོགས་ཀྱི་རྩིས་པ་ཚེ་རིང་དཔལ་སྒྲོན་ལགས་ནས་རྩིས་ལོ་ ༢༠༡༦ དང་ ༢༠༡༧ ལོའི་རྩིས་ཁྲ་སྙན་སྒྲོན་ཞུས་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་དེང་སང་བོད་ནང་དུ་བོད་རིགས་ཚོང་པ་མང་པོ་གཞན་གྱི་མགོ་སྐོར་འོག་ཚུད་དེ་སྒོར་མོའི་སྐྱེད་ཀ་ཕར་ཞོག ཐ་ན་མ་རྩའང་ཕྱིར་མ་རག་པར་གྱོང་གུད་ཆེན་པོ་ཕོག་བཞིན་ཡོད་སྟབས། ཚོགས་པའི་ལས་བསྡོམས་ནང་མ་འོངས་པར་བདེ་ཚོགས་ཀྱི་སྐུ་ཚབ་བོད་ནང་ཕེབས་ཐབས་གནང་རྒྱུ་ཡིན་སྐོར་བརྗོད་པ་ལྟར། སྐུ་ཚབ་བོད་ནང་དུ་ཕེབས་ཐུབ་པ་ཡིན་ན་བོད་ནང་གི་བོད་རིགས་ཚོང་པ་ཚོར་ཚོང་ལས་གཉེར་ཕྱོགས་ཐད་ལམ་སྟོན་དང་བསམ་བློ་བརྗེ་རེས་ཐུབ་ན་ཕན་ཐོགས་ཡོད་སྐོར་སོགས་གསུངས་སོང་།

ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་སྐུ་ཞབས་རམ་སི་ཝར་ཕི་(Ram Swaroop)ལགས་ཀྱིས། ༧གོང་ས་མཆོག་གི་དབུས་པའི་བོད་མི་རྣམས་བཙན་བྱོལ་དུ་བསླེབས་སྐབས་ཀྱི་གནས་སྟངས་དེ་བརྗེད་མི་སྲིད་ལ། ད་དུང་ཁོང་གིས་གསལ་པོར་དྲན་པ་ཞིག་ལ་བོད་པའི་བུད་མེད་ཚོ་དྷ་ས་ཁུལ་གྱི་ཁྱིམ་ཚང་རེ་རེར་ཕྱིན་ཏེ། བུད་མེད་ཚོར་བལ་སྟོད་(Sweater)སླ་རོགས་ཞེས་ཉིན་ཤས་རྗེས་ལེན་དུ་འགྲོ་ཡི་ཡོད་པ་དང་། ནམ་དུས་ཚ་གྲང་ལ་བཟོད་སྒོམ་ཆེན་པོས་དཀའ་སྤྱད་སྡུག་རུས་བྱས་ཏེ་རྒྱ་གར་གྱི་ས་ཆ་གང་སར་སོང་ནས་སུད་ཚོང་གཉེར་ཡོད། སྔོན་མའི་དཀའ་སྡུག་གི་དུས་ཚོད་མཐོང་མྱོང་བ་དང་། ད་ལྟའི་འཚོ་བའི་གནས་སྟངས་དེ་མཐོང་སྐབས་སེམས་ལ་དགའ་བ་སྐྱེ་བཞིན་ཡོད་སྐོར་བརྗོད་སོང་།

རྩིས་ཞིབ་པ་སཱ་ཏི་ཡ་ཀུ་མུར་(Sathya Kumar)ལགས་ཀྱིས། བོད་མིའི་ཚོང་ལས་བདེ་ཚོགས་དེ་གལ་ཆེན་པོ་ཞེ་དྲགས་ཡིན་ལ། ཚོང་ལས་གཉེར་སྐབས་སྤྱི་ཚོགས་ཨང་དང་པོ་དང་། ཚོང་ཨང་གཉིས་པར་འཇོག་དགོས་རྒྱུ་གལ་ཆེན་པོ་ཡིན་ལ། བོད་མི་ཚོང་ལས་གཉེར་མཁན་ཚོས་ཚོང་ཟོག་དང་ཞབས་ཞུའི་དཔྱ་ཁྲལ་སྤྲོད་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་དང་། བོད་པ་ཚོར་བོད་སྨན་དང་བོད་ཟས་རིགས་སོགས་ཀྱི་ཐོན་རྫས་ལེགས་པོ་ཡོད་པ་ལྟར་ཚོང་རྟགས་བཟོ་སྐྲུན་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་ལ། དེང་དུས་ཀྱི་ཚོང་རའི་ནང་ཐོན་རྫས་དཀྱུས་མ་ཞིག་ཡིན་ནའང་ཚོང་རྟགས་ཀྱིས་ཁྱད་པར་ཆེན་པོ་བཟོ་ཡི་ཡོད་པ་དང་། བོད་མི་ཚོས་སོ་སོའི་ཐོན་རྫས་རིགས་ཀྱི་ཐོག་ནས་ཚོང་ལས་གཉེར་བར་དམིགས་པ་འཛིན་རྒྱུ་གལ་ཆེན་ཡིན་སྐོར་སོགས་བརྗོད་སོང་།

ཡ་རབས་བཟང་སྤྱོད་ལྡན་ཞིང་ཡུལ་ཁྲིམས་དང་མཐུན་པའི་ཐོག་ནས་ཚོང་ལས་གཉེར་དགོས་པའི་སྐོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ལ་དཔྱ་ཁྲལ་ལག་དེབ་ཀྱི་དངུལ་འབུལ་མཁན་མང་ཤོས་སྲི་ཞུ་ལས་བྱེད་དང་དམག་མི་ཚོས་སོ་སོའི་ཕོགས་ལས་བརྒྱ་ཆ་ ༤ འབུལ་བཞིན་ཡོད་པ་ལྟར། བོད་རིགས་ཚོང་པ་རྣམས་ཀྱིས་ཀྱང་བརྒྱ་ཆ་ ༤ འབུལ་ཐུབ་པར་དེ་སྔོན་ནས་རེ་བ་ཞུས་ཡོད་ལ། བདེ་ཚོགས་བཙུགས་ཏེ་ལོ་ངོ་ ༡༢ འཁོར་བའི་སྐབས་འདིར་བརྒྱ་ཆ་ ༤ རེ་འབུལ་ཐུབ་པ་བྱུང་ན་ཞེ་དྲགས་ཡག་པོ་ཡོད་སྐོར་དང་། རྒྱ་གར་གྱིས་བཙན་བྱོལ་བོད་མི་ཚོ་མགྲོན་པོ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་ལས་སྐྱབས་བཅོལ་བ་ཞིག་ཏུ་ངོས་འཛིན་གནང་གི་མེད་གསུང་པ་ལྟར། བོད་མི་ཚོས་ཚོང་ལས་ཆེ་ཆུང་ག་རེ་གཉེར་བ་ཡིན་ནའང་ཡུལ་ཁྲིམས་དང་མཐུན་པའི་ཐོག་ནས་གཉེར་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན་ལ། བོད་མི་རྒན་པ་ཚོས་རྒྱ་གར་གྱི་ཚོང་དཔོན་ཚོར་ཡིད་ཆེས་དང་བཟང་སྤྱོད་ཀྱི་བག་ཆགས་ལེགས་པོ་བཞག་གནང་ཡོད་པ་དེ་ཉམས་ཆག་ཏུ་མི་གཏོང་བར་ཡ་རབས་བཟང་སྤྱོད་དང་ཆེ་མཐོང་ལྡན་པའི་ཐོག་ནས་ཚོང་གཉེར་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

སང་ཉིན་སྐུ་ཞབས་སཱ་ཊི་ཡཱ་ཀུ་མུར་ལགས་ནས་ཚོང་ཟོག་དང་ཞབས་ཞུའི་དཔྱ་ཁྲལ་(GST)སྐོར་ལ་ཟབ་སྦྱོང་གནང་རྒྱུ་དང་། ཚོགས་མི་ནང་ཁུལ་དུ་མ་འོངས་བདེ་ཚོགས་ཀྱི་ལས་འཆར་སྐོར་ལ་གོ་བསྡུར་བགྲོ་གླེང་དང་རྒྱུན་ལས་གསར་འདེམས་བཅས་གནང་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༡༤ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 1

  1. དཔའ་ཆེན་དོན་གྲུབ་ says:
    ལོ་ 9 སྔོན།

    བཙན་བྱོལ་གྱི་ཚོང་པ་ཚོ་སོང་ནས་བོད་ནང་གི་ཚོང་པ་ཚོར་སློབ་སྟོན་བྱོས་ཟེར། ཧ་ཧ་ཧ་ཧ་་་་ཡོད་པ་མ་རེད་དཱ་་་་དེ་བྱེད་ཡ་ཡོད་པ་མ་རེད་དཱ་་་་་་ཉེན་ཁ་ཆེན་པོ་ཞེ་བོ་རེད་དཱ་་་་་ཅེས་མེད་མིན་མི་རྐྱང་ཟེར་དགོས་པ་ཡིན་ན། ཧ་ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese