མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཆུ་ངོཊ་གཏམ་རྒྱུད་བོད་སྒྱུར་བ་སྐུ་གྲོངས།

བོད་ཀྱི་དུས་བབ།
༢༠༡༨/༠༧/༢༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ལོ་ཙཱ་བ་དང་དགེ་རྒན་ཆེན་མོ་མཁས་དབང་འཕྲིན་ལས་ཆོས་གྲགས་ལགས་སྙུང་གཞི་ཤིག་གིས་སྐུ་གྲོངས་ཡོད་འདུག

དེ་རིང་བོད་ནང་གི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་གྱི་མཚན་གུང་ཆུ་ཚོད་༢༣།༦ ཐོག རྒྱ་ནག་གི་སྒྲུང་རྩོམ་གྲགས་ཅན་བཞིའི་ཡ་གྱལ་ཆུ་ངོགས་གཏམ་རྒྱུད་རྒྱས་པ་བོད་སྒྱུར་བྱེད་མཁན་གྱི་གྲས་མཁས་དབང་འཕྲིན་ལས་ཆོས་གྲགས་ལགས་སྙུང་གཞིའི་རྐྱེན་གྱིས་སྐུ་གྲོངས་ཡོད་པ་དང་། ད་ལྟ་དགུང་ལོ་ ༨༡ ཡིན་འདུག

ལོ་ཙཱ་བ་འཕྲིན་ལས་ཆོས་གྲགས་ལགས་ནི། ཕྱི་ལོ་ ༡༩༣༧ ཟླ ༢ པར་བོད་ལྗོངས་ལྷ་སར་འཁྲུངས་ཤིང་། ཕྱི་ལོ་ ༡༩༥༨ ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན། དེ་སྔ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་དབུ་འཛིན་དང་། སྤྱི་ཁྱབ་རྩོམ་སྒྲིག་པ། བོད་ལྗོངས་རྟེན་རྫས་བཤམས་སྟོན་ཁང་གི་དབུ་འཛིན། དེ་བཞིན་བོད་རང་སྐྱོང་ལྗོངས་སྲི་གྲོས་ཀྱི་རྒྱུན་ལས་དང་། བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས། བོད་ལྗོངས་དམངས་ཁྲོད་སྒྱུ་རྩལ་མཁས་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ལྷོ་ནུབ་ཁུལ་གྱི་བོད་རིག་པའི་ལས་འཛིན་པ་བཅས་ཀྱི་འགན་འཁུར་མྱོང་ཡོད་འདུག ལས་འཁྱུར་ངལ་གསོ་གནང་རྗེས་སུ་མུ་མཐུད་དུ་ཞིབ་འཇུག་གི་ཕྱག་ལས་གནང་བ་དང་སྦྲགས། བོད་ལྗོངས་སློབ་གྲྭ་ཆེན་མོའི་གདན་ཞུས་དགེ་རྒན་ཆེན་མོ་དང་རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་དཔོན་ཡང་གནང་ཡོད་འདུག

ཁོང་གིས་ལོ་ངོ་ ༤༠ ལྷག་ཙམ་ནང་དགེ་རྒན་གྱི་ཕྱག་ལས་གནང་ཡོད་པ་དང་སྦྲགས། ཡིག་སྒྱུར་དང་རྩོམ་སྒྲིག་སོགས་ཀྱི་ཕྱག་ལས་མང་པོ་གནང་ཡོད་འདུག རྒྱལ་ཁབ་ཕྱི་ནང་གི་ཚགས་པར་དང་དུས་དེབ་ཐོག་ཏུ་སྲོང་བཙན་སྒམ་པོའི་ལོ་རྒྱུས་ཀྱི་མཛད་རྗེས་ཞེས་པ་དང་།  བོད་ཀྱི་གླུ་གར་ལ་རགས་ཙམ་དཔྱད་པ།  གེ་སར་རྒྱལ་པོའི་སྒྲུང་གཏམ་གྱི་རིག་གནས་ནང་དོན་དང་བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས། ལྷ་སའི་ལོ་རྒྱུས་ཞེས་པ་སོགས་དཔྱད་ཞིབ་རྩོམ་ཡིག་མང་པོ་སྤེལ་མྱོང་ཡོད་པ་མ་ཟད། རྒྱ་བོད་ཚིག་མཛོད་ཆེན་མོ་རྩོམ་སྒྲིག་དང་།  ཆུ་ངོགས་གཏམ་རྒྱུད་རྒྱས་པ་ཡིག་སྒྱུར་དང་ཞུ་དག་གི་བྱ་བར་ཞུགས།  ཆུ་ངོགས་གཏམ་རྒྱུད་རྒྱས་པ་ཡིག་སྒྱུར་དང་ཞུ་དག་གི་བྱ་བར་ཞུགས་པ་དེར་རྒྱ་ནག་རྒྱལ་ཡོངས་རྒྱ་བོད་ཡིག་སྒྱུར་གྱི་བྱ་དགའ་ཨང་དང་པོ་ཐོབ་འདུག

 ཁོང་གིས་བརྩམས་པའི་བོད་ཀྱི་ཡུལ་སྲོལ་རྣམ་བཤད་དང་བོད་ལྗོངས་ང་ཡི་ཕ་ཡུལ་ཞེས་པ་སོགས་དབྱིན་ཡིག་དང་།  འཇར་མན་དང་སི་པིན། ཉི་ཧོང་སོགས་ཀྱི་སྐད་ཡིག་ནང་བསྒྱུར་ཡོད་འདུག

བསོད་ནམས་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་དབུ་འཛུགས་མཛད་པ། ༢༠༢༣།༠༥།༣༠ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

གཞོན་སྐྱེས་རྣམས་ལ་ནང་ཆོས་ངོ་སྤྲོད་དབུ་འཛུགས་མཛད།

ཆུ་ཚོད་ ༡༣ སྔོན་ལ།
ཡུན་ནན་ཐོང་ཧེ་རྫོང་ཁོངས་ཀྱི་ཁ་ཆེའི་ལྷ་ཁང་རྙིང་ཤོས་ནཱ་ཇཱ་ཡེན། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་ཁ་ཆེའི་ལྷ་ཁང་རྙིང་ཤོས་ཤིག་གཏོར་རྩིས་བྱས་ཏེ་གདོང་ཐུག་ཆེན་པོ་བྱུང་འདུག 

ཆུ་ཚོད་ ༡༤ སྔོན་ལ།
བོད་རེབ་གོང་རྫོང་མི་མང་སྲིད་གཞུང་ཟེར་བས་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་བསྡུ་རྒྱུ་ཡིན་པའི་བཀའ་བཏང་། ༢༠༢༣།༠༥།༢༩
Mobile App

རེབ་གོང་གི་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་གཞུང་བཞེས་གཏོང་རྒྱུ་ཡིན་པའི་བཀའ་བཏང་།

༢༠༢༣/༠༥/༢༩
༧གོང་ས་མཆོག་དང་ཏུར་ཀིའི་སྲིད་འཛིན་ཨེར་ཌོ་གྷན། པར་དུས་བབ་ཀྱིས་བསྒྲིགས།
༸གོང་ས་མཆོག གསར་འགྱུར།

ཏུར་ཀིའི་སྲིད་འཛིན་ལ་བསྐྱར་དུ་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུག

༢༠༢༣/༠༥/༢༩
Representative image. Credit: DH Photo

Read more at: https://www.deccanherald.com/national/east-and-northeast/all-meat-shops-in-sikkim-to-remain-closed-till-june-4-in-view-of-tibetan-festival-1222433.html
Mobile App

ཧི་མ་ལ་ཡའི་རི་རྒྱུད་པ་ཚོས་གཞུང་འབྲེལ་ཐོག་ནས་ས་ག་ཟླ་བའི་རིང་ཤ་ཁང་སྒོ་བརྒྱབ།

༢༠༢༣/༠༥/༢༩
༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

༢༠༢༣/༠༥/༢༧

མཆན། 2

  1. དགེ་འདུན says:
    ལོ་ 5 སྔོན།

    ཆུ་ངོགས་གཏམ་རྒྱུད་དེ་ཐེངས་འགའ་ཤས་ལ་བཀླགས་མྱོང་། དེབ་དང་བོ་ནི་བསྒྱུར་བ་ཡག་པོ་ཞིག་མཐོང་མ་སོང་། གཉིས་པ་དང་གསུམ་པ་ནི་དཔེ་མི་སྲིད་པའི་ཡག་པོ་བསྒྱུར་འདུག་སྙམ། གློག་བརྙན་དང་རྩོམ་ཡིག་གཉིས་མི་མཐུན་པ་མང་ལ། མི་སྣའི་གསར་འདེམ་ཁྲོད་ཁ་མི་གསལ་བ་དང་མགོ་མེད་མཇུག་རྡུམ་དེ་འདྲ་ཡང་འདུག རྩོམ་པ་པོ་སྔ་ཕྱིའི་ཁྱད་པར་ཡིན་ནམ་སྙམ།
    གང་ལྟར་ཁོང་ལ་མྱ་ངན་ཞུ།

    Reply
  2. གཞུང་པ་ཚེ་དབང་བསོད་ནམས་་ཉེh says:
    ལོ་ 5 སྔོན།

    རྒྱལ་གཅེས་འཕྲིན་ལས་ཆོས་གྲགས་།
    དོན་དམ་མཁས་པའི་ཕུལ་བྱུང་།
    རང་གི་སྐད་ཡིག་རིག་གཞུང་།
    མི་ཚེ་ཧྲིལ་པོར་སྲུང་འདུག་།

    ལྷག་བསམ་དེ་ལས་དཀར་བ་།
    ལྷག་བསམ་དེ་ལས་ཆེ་བ་།
    ལྷག་བསམ་རྨ་མེད་མཛད་རྗེས་།
    ལྷག་བསམ་ངོ་མ་བསྟན་འདུག་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist