མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་མ་བེད་སྤྱོད་གཏོང་བའི་རིག་གསར་གྱི་ལོ་རྒྱུས་ནག་ཉེས་བསྐྱར་དུ་བཟོ་ཉེན་འདུག

བོད་ཀྱི་དུས་བབ།
༢༠༡༩/༠༤/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ས་ཁུལ་ཁག་དང་དབུལ་ཕོངས་གྲོང་གསེབ་ཁག་ལ་དྭང་བླངས་སློབ་མ་མང་ཤོས་གཏོང་རྒྱུ་ཡིན་ཟེར།

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན། ཨ་རིའི་གོ་ལའི་ཆ་འཕྲིན་གསར་ཁང་གཙོས་རྒྱལ་སྤྱིའི་གསར་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པས་ཕྱི་ལོ་ ༢༠༢༢ བར་དྭང་བླངས་སློབ་མ་ས་ཡ་ ༡༠ ལྷག་དཔལ་འབྱོར་དང་ཚན་རིག་ལག་རྩལ་ཡར་རྒྱས་གཏོང་ཆེད་གྲོང་གསེབ་ཁུལ་དུ་གཏོང་ཚར་བ་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་དང་། བོད་རྒྱའི་གནད་དོན་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ཀྱིས་ལས་འགུལ་འདིའི་རིགས་ཕྱིའི་རྣམ་པ་དང་ཚིག་བེད་སྤྱོད་བྱེད་སྟངས་ལ་ཧ་ཅང་ཛ་དྲག་དང་ཉེན་ཁ་མི་མངོན་ཡང་། དོན་གྱིས་རིག་གསར་ལས་འགུལ་དང་གཅིག་མཚུངས་ཀྱི་ནུས་པ་དང་འབྲས་བུ་ཐོན་གྱི་ཡོད་སྐོར་བརྗོད་བྱུང་།

ཉི་ཧོང་དུས་བབ་ཀྱིས་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་དམར་ཤོག་ཚོགས་པའི་གཞུང་འབྲེལ་ཡིག་ཆ་ལྟར་ན། རྒྱ་ནག་གི་ན་གཞོན་ཚོགས་པས་དྭང་བླངས་སློབ་མ་ས་ཡ་ ༡༠ ལྷག་གྲོང་གསེབ་ཁུལ་དུ་གཏོང་རྒྱུའི་ཁས་ལེན་དམ་བཅའ་བྱས་ཡོད་པ་དང་། དྭང་བླངས་སློབ་མ་མང་པོ་གྲོང་ཁྱེར་དང་གྲོང་གསེབ་ཁུལ་དུ་གཏང་སྟེ། དཔལ་འབྱོར་དང་ཚན་རྩལ་དོ་མཉམ་པའི་གནད་དོན་ཁག་ཐག་གཅོད་དང་། ཚན་རིག་དང་འཕྲུལ་ལས་ཤེས་བྱ་ཁྱབ་སྤེལ་གཏོང་ཆེད་དུ་ཡིན་སྐོར་བརྗོད་འདུག

གནད་དོན་དེའི་ཐད་རྒྱ་ནག་ཧེ་ནན་ཞིང་ཆེན་གྱི་གྲོང་གསེབ་ཅིག་གི་མགོ་འཁྲིད་གཞོན་པ་ཀྲང་ལིན་པིན་(Zhang Linbin)ཟེར་བ་ཞིག་གིས། ང་ཚོས་ན་གཞོན་ཚོ་བེད་སྤྱོད་ཀྱིས་གྲོང་གསེབ་ཁུལ་དུ་ཚན་རིག་དང་འཕྲུལ་ལས་ལག་རྩལ་ཐད་རོགས་སྐྱོར་དང་སྲོལ་རྒྱུན་ཡར་རྒྱས་ལམ་ལུགས་སྐོར་ལ་ལམ་སྟོན་བྱེད་དུ་གཏོང་གི་ཡོད་པ་རེད། སློབ་མ་ཚོ་དབྱར་ནང་གི་གུང་གསེང་དང་བསྟུན་ནས་གྲོང་གསེབ་ཁག་ནང་འགྲོ་རྒྱུ་ཡིན་པ་དང་། མི་འབོར་བརྒྱ་ཆ་ ༩༠ ཟིན་པའི་རྒྱ་ནག་ཧན་མི་རིགས་དང་བོད་དང་ཡུ་གུར་ལྟ་བུའི་གྲངས་ཉུང་མི་རིགས་བར་གྱི་འབྲེལ་ལམ་དེ་རྒྱུན་དུ་དཀའ་རྙོག་ཅན་ཞིག་ཡིན་པ་དང་། དྭང་བླངས་སློབ་མ་ཚོ་ཆེད་དམིགས་གྲངས་ཉུང་མི་རིགས་ཁག་དང་རྒྱ་ནག་གི་དབུལ་ཕོངས་གྲོང་གསེབ་ཁག་ལ་མང་ཤོས་གཏོང་རྒྱུ་ཡིན་པ་རེད། ཅེས་བརྗོད་འདུག

འདི་གའི་གསར་འགོད་པས་བོད་རྒྱའི་གནད་དོན་ཉམས་ཞིབ་པ་དང་རྒྱ་ཡིག་རྩོམ་པ་པོ་སངས་རྒྱས་སྐྱབས་ལགས་སུ། ཐེངས་འདིར་དྭང་བླངས་སློབ་མ་མང་པོ་གྲོང་གསེབ་ཁུལ་དུ་གཏོང་གི་ཡོད་པ་དེའི་རྒྱབ་ལྗོངས་དམིགས་ཡུལ་ཅི་ཡིན་དྲིས་པར་ཁོང་གིས། ད་ལྟ་རྩོད་གཞི་རུ་གྱུར་པའི་ན་གཞོན་གཞི་རིམ་ལ་གཏོང་རྒྱུ་ཟེར་བ་དེར་དམིགས་ཡུལ་མང་པོ་ཡོད་སྲིད་ན་ཡང་། གཅིག་ནི་ད་ལྟའི་ཆར་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་ན་གཞོན་མང་པོར་ལས་ཀ་མེད་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་དང་། དེ་ཚོ་གྲོང་ཁྱེར་ནང་ལས་ཀ་མེད་པར་ཡུན་རིང་སོང་ན་རྒྱ་ནག་གིས་བཤད་བཞིན་པའི་སྤྱི་ཚོགས་བདེ་འཇགས་ལ་ཉེན་ཁ་ཡོད་སྟབས། མར་གཞི་རིམ་དུ་བཏང་ནས་དཀའ་ངལ་དེ་དག་ཡུད་ཙམ་རིང་སེལ་ཐབས་དང་། ཕྱོགས་གཅིག་ནས་ན་གཞོན་དེ་དག་བོད་སོགས་གྲངས་ཉུང་མི་རིགས་ས་ཁུལ་ཁག་ལ་གཏང་པ་ཡིན་ན། སོ་ཉུལ་ལས་ཀ་དང་བདེ་འཇགས་ཆེད་བེད་སྤྱོད་གཏོང་ཐུབ་བཞིན་ཡོད་ཀྱང་། རྒྱ་ནག་གི་མི་རབས་བརྗེ་བོ་རྒྱག་གི་ཡོད་པ་དང་། ད་ལྟ་དེ་སྔོན་བཞིན་ན་གཞོན་ཚོ་བེད་སྤྱོད་གཏོང་ཆོག་ཆོག་མེད་པ་དང་། སྔོན་ཆད་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཚོའི་བུ་དང་བུ་མོ་ཚོའང་བཏང་ཡོད་ན་ཡང་། ད་ལྟའི་ཆར་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཚོའི་བུ་ཕྲུག་ཚང་མ་ཕྱི་རྒྱལ་ལ་བཏང་། དེ་བཞིན་ཕྱུག་བདག་ཚོས་ཀྱང་རང་གི་བུ་ཕྲུག་ཚོ་ཕྱི་རྒྱལ་ལ་བཏང་ཚར་པ་རེད། ཤུལ་དུ་ཡོད་པ་ཚོ་དབང་མེད་རྒྱུ་མེད་ཀྱི་ན་གཞོན་མདུན་ལམ་མེད་མཁན་དེ་ཚོ་ཡིན་པ་དང་། ཁོ་ཚོའི་ཁྲོད་གཞི་རིམ་ནས་ཡོང་མཁན་མང་པོ་ཡོད་པ་རེད། དེར་བརྟེན་ཁོ་ཚོ་གྲོང་ཁྱེར་ནས་སྡོད་མི་འཇུག་པར་ཕྱིར་ཕ་ཡུལ་ལ་བཏང་བ་འདྲ་པོ་རེད་ལ། ཁོ་ཚོ་ཡང་ཡུན་རིང་འདུག་རྒྱུ་ཁག་པོ་རེད། ཕྱི་རྒྱལ་ལ་མི་ཐར་རུང་གྲོང་ཁྱེར་གང་རུང་ཞིག་ལ་འགྲོ་ཐབས་བྱེད་རྒྱུ་རེད། ཅེས་བརྗོད་བྱུང་།ཡང་ཁོང་ལ་དེ་སྔོན་རིག་གནས་གསར་བརྗེ་སྐབས་བོད་ཁུལ་སོགས་སུ་བཏང་བའི་ན་གཞོན་ཤེས་ཡོན་དྭང་བླངས་བ་ཟེར་བ་ཚོ་དམིགས་ཡུལ་ག་འདྲ་ཞིག་གི་འོག་ནས་བཏང་ཡོད་པ་དང་། ཁོ་ཚོས་མི་མང་ལ་ཕན་ཐོགས་བྱུང་ཡོད་མེད་སོགས་དྲིས་པར། རིག་གནས་གསར་བརྗེ་སྐབས་བོད་ལ་ཡོང་བའི་དམར་སྲུང་དམག་ཟེར་བ་ཚོའི་དམིགས་ཡུལ་གཙོ་བོ་བོད་ཀྱི་ན་གཞོན་ཚོ་དམར་སྲུང་དམག་གི་ནང་ལེན་རྒྱུ་དང་། ཁོ་ཚོར་རྙིང་བཞི་རྩ་གཏོར་ལས་འགུལ་དང་མི་མང་ལ་འཐབ་རྩོད། ས་གནས་དཔོན་རིགས་ཀྱི་དབང་ཆ་འཕྲོག་པ་སོགས་བཀོད་སྒྲིག་བྱེད་དུ་ཡོང་བ་རེད། དེ་དག་གིས་བོད་ལ་དགེ་ཕན་སྤུ་ཙམ་ཡང་བསྒྲུབས་མེད་པ་རེད། རྗེས་སུ་རྒྱ་ནག་གཞུང་གིས་བསྐྱར་དུ་ན་གཞོན་མང་པོ་ཞིག་བོད་དང་རྒྱ་ནག་གི་གཞི་རིམ་ལ་བཏང་པ་རེད། དེ་ཚོས་རིག་གསར་ནང་བཞིན་ལས་འགུལ་སྤེལ་མེད་ན་ཡང་ཕན་ཐོགས་གང་ཡང་བྱུང་མེད་པ་དང་། སྐབས་དེའི་རྒྱ་རིགས་ན་གཞོན་དེ་ཚོ་བོད་དུ་ཡོང་ནས་བོད་དང་བོད་མི་ཚོར་རྒྱུས་ལོན་ལོ་མང་རིང་བྱེད་ཐུབ་ཡོད་པ་དང་། མི་རབས་དེ་ད་ལྟ་རྒྱ་ནག་གི་དབང་འཛིན་པ་ཆགས་ཡོད་པ་དང་། ཁོ་ཚོས་བོད་ལ་དབང་བསྒྱུར་ག་འདྲ་དགོས་མིན་རྒྱ་ནག་གཞུང་ལ་ཕན་ཐོགས་ཏན་ཏན་བྱུང་ཡོད་པ་རེད། ཅེས་བརྗོད་བྱུང་།

མཇུག་ཏུ་ད་ལྟའི་ཆར་རིག་གནས་གསར་བརྗེ་བསྐྱར་དུ་ལངས་ཐུབ་མིན་དྲིས་པར་ཁོང་གིས། ད་ལྟ་རྒྱ་ནག་ནང་སྔོན་མའི་རིག་གནས་གསར་བརྗེ་རྣམ་པ་དང་ལས་སྟངས་གཅིག་པ་བྱུང་རྒྱུ་ཁག་པོ་རེད། ཡིན་ན་ཡང་། རྣམ་པ་མི་འདྲ་བ་ཙམ་མ་གཏོགས་ངོ་བོ་གཅིག་པའི་ལས་འགུལ་མང་པོ་ཞིག་སྤེལ་བཞིན་ཡོད་པ་རེད། དཔེར་ན། བོད་ཀྱི་རིག་གནས་དང་སྐད་ཡིག་སྲོལ་རྒྱུན་སོགས་རྒྱལ་ཁབ་ཀྱི་སྟོབས་ཤུགས་དང་མིང་སྣ་ཚོགས་ཀྱི་འོག་ནས་རྩ་མེད་བཟོ་གང་ཐུབ་བྱེད་ཀྱི་ཡོད་པ་དང་། དགོན་སྡེ་ཁག་ལ་ཚོད་འཛིན་དམ་དྲག་དང་བོད་བརྒྱུད་ནང་བསྟན་གྱི་དགོངས་དོན་ལ་འགྲེལ་བཤད་གསར་པ་རྒྱག་པ་དང་། ལམ་གཅིག་རྒྱུད་གཅིག་ལ་ནང་བསྟན་གྱིས་ཞབས་འདེགས་ཞུ་བ་ཟེར་བ། ནང་བསྟན་སྤྱི་ཚོགས་རིང་ལུགས་དང་མཐུན་དགོས་པ། བོད་ཀྱི་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་པ་སོགས་ལས་འགུལ་འདིའི་རིགས་ཕྱིའི་རྣམ་པ་དང་ཚིག་བེད་སྤྱོད་བྱེད་སྟངས་ལ་ཧ་ཅང་ཛ་དྲག་དང་ཉེན་ཁ་མི་མངོན་ཡང་། དོན་གྱིས་རིག་གསར་ལས་འགུལ་དང་གཅིག་མཚུངས་ཀྱི་ནུས་པ་དང་འབྲས་བུ་འབྱུང་གི་ཡོད་པ་རེད། ཅེས་བརྗོད་བྱུང་།

ཕྱི་ལོ་ ༡༩༦༦ ནས་ ༡༩༧༦ བར་གྱི་རྒྱ་ནག་གི་ལོ་རྒྱུས་ཐོག་གི་སྡུག་ཉེས་ཆེ་བའི་རིག་གནས་གསར་བརྗེ་སྐབས། གཙོ་འཛིན་མའོ་ཙེ་ཏུང་གིས་རྒྱ་ནག་གི་སློབ་ཆེན་སློབ་མ་ས་ཡ་མང་པོར་ན་གཞོན་ཤེས་ཡོན་པ་ཞེས་གྲོང་གསེབ་ཁུལ་དུ་རོགས་སྐྱོར་གྱི་མིང་ཐོག་ནས་བཏང་སྟེ། རྒྱ་ནག་གི་སློབ་ཆེན་མང་པོ་ཞིག་ལོ་ངོ་ ༡༠ ཙམ་རིང་སྒོ་བརྒྱབ་དགོས་བྱུང་ཡོད་སྟབས། ད་ལན་གྱི་གནས་ཚུལ་དེ་བརྒྱུད་ལམ་དུ་ཐོན་རྗེས་སྤྱི་ཚོགས་དྲ་ལམ་ཁག་ཏུ་གླེང་སློང་མང་པོ་ཡོང་གི་ཡོད་འདུག

དྲ་མིང་ལ་མི་རེ་རོང་(Miruirong)ཟེར་བ་ཞིག་གིས། ང་ཚོས་ལོ་ངོ་ ༤༠ སྔོན་ལ་ལས་ཀ་དེ་བྱས་མྱོང་ཡོད་པ་རེད་ཅེས་བརྗོད་ཡོད་པ་དང་། ཡང་གཞན་ཞིག་གིས་རིག་གསར་བསྐྱར་དུ་ལངས་བ་རེད་དམ་ཟེར་བ་སོགས་ཀྱི་དོགས་གཞི་དང་འཇིགས་སྣང་ཡོང་གི་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

ཨི་རན་གྱི་ཆེས་མཐོའི་མགོ་ཁྲིད་ཁཱ་མི་ནི། དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
Mobile App

ཨ་རི་དང་ཨི་ཛི་རེལ་གྱི་གཏོར་རྒོལ་ཁྲོད་ཨི་རན་གྱི་ཆེས་མཐོའི་མགོ་ཁྲིད་ཁཱ་མི་ནི་བསད།

ཆུ་ཚོད་ ༡༣ སྔོན་ལ།
རྒྱ་ནག་གཞུང་གི་ལས་བྱེད་ཡིན་པའི་བོད་མི་ཚོའི་ཁྱིམ་མི་འདས་གྲོས་སུ་གྱུར་བ་ཡིན་ནའང་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་ཆོག་གི་མི་འདུག བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་རིགས་ལས་བྱེད་ཀྱིས་གཙུག་ལག་ཁང་དུ་ལྟད་མོ་ལྟ་ཆོག་ཀྱང་ཕྱག་འཚལ་མི་ཆོག

༢༠༢༦/༠༢/༢༧
Tibettimes
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བསྒྲུབ་བྱ་ཕོ་མོ་གྲངས་དྲུག་ཅུ་རེ་གསུམ་ལ་བར་མ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་སྩལ། 

༢༠༢༦/༠༢/༢༧
Beijing is preparing to host the annual session of the National People’s Congress. Photo: Reuters
Mobile App

རྒྱ་ནག་གཞུང་གིས་དཔོན་རིགས་བཅུ་དགུ་དམར་ཤོག་ཚོགས་པའི་འཐུས་མིའི་ཚོགས་ཆེན་གྱི་ཁོངས་ནས་ཕུད།

༢༠༢༦/༠༢/༢༧
ཧྥ་རན་སིའི་གྲོས་འོག་མའི་ཚོགས་གཞོན་སྐུ་ཞབས་ (Charles De Courson) མཆོག་དང་ཡུལ་དེའི་ཕྱི་སྲིད་བློན་ཆེན་Jean-Noël Barrot མཆོག  པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་སྐུལ་འདེད་གནང་།

༢༠༢༦/༠༢/༢༧
མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག

༢༠༢༦/༠༢/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese