མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཨ་རུ་ན་ཅལ་མངའ་སྡེ་ཞེས་འབྲི་མི་ཆོག

བོད་ཀྱི་དུས་བབ།
༢༠༡༩/༠༥/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་དྲ་ཐོག་འགྲིམ་འགྲུལ་ཞབས་ཞུ་ཁང་ཆེ་ཤོས་ཤིག་གིས་ཨ་རུ་ན་ཅལ་མངའ་སྡེ་ཞེས་བྲིས་པའི་རྐྱེན་གྱིས་ཁུལ་དེར་འགྲུལ་སྐྱོད་ཞབས་ཞུ་མེད་པར་བཟོས།

དེ་རིང་རྒྱ་གར་གྱི་དཔལ་འབྱོར་དུས་བབ་ཐོག་བཀོད་པའི་གནས་ཚུལ་ལྟར་ན། ཉེ་ཆར་རྒྱ་ནག་གི་དྲ་ཐོག་འགྲིམ་འགྲུལ་ཞབས་ཞུ་ཁང་ཆེ་ཤོས་ (Ctrip) ཟེར་བ་དེའི་ནང་། རྒྱ་ནག་གཞུང་གིས་བོད་ལྷོ་ཁུལ་ཞེས་འབོད་པའི་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེ་ལ་ཨ་རུ་ན་ཅལ་མངའ་སྡེ་ཞེས་བྲིས་ཡོད་པ་དེར་སྐྱོན་འཛུགས་བྱས་ཡོད་པ་མ་ཟད། ཨ་རུ་ན་ཅལ་མངའ་སྡེའི་ནང་འགྲུལ་སྐྱོད་ཀྱི་ཞབས་ཞུའི་རྣམ་གྲངས་མེད་པར་བཟོས་ཡོད་འདུག

རྒྱ་ནག་གཞུང་འབྲེལ་དྲ་བ་གོ་ལའི་དུས་བབ་ཀྱི་གནས་ཚུལ་ནང་། གནས་ཚུལ་བྱུང་རྗེས་འགྲིམས་འགྲུལ་ཁང་དེའི་དྲིལ་བསྒྲགས་སྡེ་ཚན་གྱིས་གོ་ལའི་དུས་བབ་ལ་ཡི་གེ་ཞིག་བཏང་བའི་ནང་། འགྲིམས་འགྲུལ་ཁང་དེས་ནོར་འཁྲུལ་ཅན་གྱི་གནས་ཚུལ་དེ་ཤེས་རྟོགས་བྱུང་མ་ཐག་ཏུ་དྲ་ཐོག་ནས་བསུབ་ཡོད་པ་དང་། རྒྱལ་ཡོངས་ཀྱི་བདག་དབང་དང་མངའ་ཁོངས་སྲུང་སྐྱོབ་དང་སྦྲགས། ད་ལན་གྱི་གནས་ཚུལ་དེའི་ཐད་ཞིབ་འཇུག་མཐིལ་ཕྱིན་བྱས་ཏེ། གནས་ཚུལ་དེ་རིགས་བསྐྱར་དུ་མི་འབྱུང་བར་ཁག་ཐེག་བྱས་པ་བརྗོད་ཡོད་ལུགས་བསྒྲགས་འདུག

གནས་ཚུལ་དེ་ཐོག་མར་རྒྱ་ནག་གི་ཉམས་ཞིབ་པའི་དྲ་བའི་ (kunlunce.cn)ནང་དབྱིན་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་ཨ་རུ་ན་ཅལ་མངའ་སྡེ་ཞེས་བྲིས་ཚེ། ཁུལ་དེའི་མགྲོན་ཁང་སོགས་འཆར་བའི་དྲ་ངོས་ལ་པར་བརྒྱབས་ནས་ཕྱིར་བསྒྲགས་བྱས་ཡོད་འདུག

རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེ་ནི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཚུལ་བརྗོད་དེ་བོད་ལྷོ་ཁུལ་དུ་འབོད་ཀྱི་ཡོད་པ་རེད་ལ། འདི་ལོའི་ཕྱི་ཟླ་ ༢ པའི་ནང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲིན་ཡེན་ (Hua Chunying) གྱིས། རྒྱ་ནག་ཕྱོགས་ཀྱི་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་གནད་དོན་གྱི་ལངས་ཕྱོགས་ནི་བརྟན་པོ་དང་གསལ་པོ་ཡིན། ཞེས་བསྐྱར་དུ་ནན་བརྗོད་བྱས་ཡོད་པ་རེད།

འདས་པའི་ལོ་ཤས་ནང་ཧོང་ཀོང་དང་ཐའེ་ཝན། བོད་སོགས་རྒྱ་ནག་གི་ཁོངས་ནས་ལོགས་སུ་མིང་འདོན་བྱས་པའི་མཁའ་འགྲུལ་ཁང་དང་མགྲོན་ཁང་སོགས་ལ་རྒྱ་ནག་གཞུང་དང་མི་མང་གིས་གནོན་ཤུགས་སྤྲད་པ་དང་། ཁ་རྡུང་དྲག་པོ་བཏང་སྟེ་དགོངས་སེལ་ཞུ་བཅུག་པའི་གནས་ཚུལ་བསྟུད་མར་བྱུང་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༣ པའི་ནང་། རྒྱ་ནག་ཧྲན་ཏུང་ཞིང་ཆེན་ཆིན་ཏའོ་གྲོང་ཁྱེར་དུ་ཡོད་པའི་སྒོ་ཁྲལ་ལས་ཁུངས་ཀྱི་གཞུང་འབྲེལ་མི་སྣ་སྐོར་ཞིག་གིས་ས་གནས་ཀྱི་ལས་ཁུངས་ཤིག་ལ་སྔོག་བཤེར་བྱས་པ་བརྒྱུད། རྒྱ་ནག་ཨན་ཧེ་ཞིང་ཆེན་ (Anhui) ནང་དབྱིན་ཡིག་ཐོག་པར་བསྐྲུན་བྱས་པའི་འཛམ་གླིང་གི་ས་ཁྲ་གྲངས་ ༢༨༩༠༨ ལྷག་ཡོད་པའི་སྒམ་ ༨༠༣ རྙེད་སོན་བྱུང་ཡོད་པ་དང་། ས་ཁྲའི་ནང་ཐའེ་ཝན་རང་སྐྱ་འཕེར་བའི་རྒྱལ་ཁབ་ཅིག་དང་ཨ་རུ་ན་ཅལ་རྒྱ་གར་གྱི་ཆ་ཤས་ཡིན་པ་འཁོད་ཡོད་སྟབས། རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་ལ་གནོད་སྐྱེལ་བཞིན་ཡོད་སྐོར་བརྗོད་དེ་ས་ཁྲ་ཡོངས་རྫོགས་རྩ་མེད་བཟོས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist