མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་དང་རྒྱ་གར་དབར་ས་མཚམས་རྩོད་རྙོག་འབྱུང་བཞིན་འདུག

བོད་ཀྱི་དུས་བབ།
༢༠༡༩/༡༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་དང་བལ་ཡུལ་བར་ས་མཚམས་ཀྱི་རྙོག་དྲ་བྱུང་སྟེ་ལོ་རྒྱུས་ཀྱི་དཔང་རྟགས་དང་ད་ལྟའི་གནས་བབ་སོགས་སྟོན་རེས་ཀྱིས་ས་ཁོངས་བདག་དབང་རྩོད་བཞིན་འདུགརྒྱ་གར་བང་ཆེན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་ ༡༧ ཉིན་བལ་ཡུལ་གྱི་གཞུང་འཛིན་དམར་ཤོག་ཚོགས་པའི་གཞོན་སྐྱེས་ཤོག་ཁག་(Nepal Yuva Sangam)ཞེས་པའི་ཚོགས་འདུ་ཞིག་གི་སྟེང་བལ་ཡུལ་གྱི་སྲིད་བློན་ཀེ་པི་ཨོ་ལི་ཡིས། རྒྱ་གར་དང་བལ་ཡུལ་བར་གྱི་ཀཱ་ལཱ་པ་ཎི་(Kalapani)ས་ཁུལ་གྱི་ས་ཁོངས་རྩོད་རྙོག་དང་འབྲེལ། ང་ཚོས་རང་གི་ས་ཁོངས་ཏིལ་འབྲུ་ཙམ་ཡང་རྒྱལ་ཁབ་གཞན་ལ་བདག་བཟུང་བྱེད་དུ་འཇུག་གི་མིན། རྒྱ་གར་ས་ཁུལ་དེ་ནས་ཕྱིར་ཐོན་བྱེད་དགོས། ཅེས་དང་། རྒྱ་གར་གྱི་དམག་མི་རྣམས་ང་ཚོའི་ས་ནས་ཕྱིར་ཐོན་རྗེས་ཕྱོགས་གཉིས་བར་གྲོས་མོལ་བྱ་རྒྱུ་ཡིན། ཞེས་ཡོངས་བསྒྲགས་བྱས་འདུག་པ་དང་། རྒྱ་གར་གྱིས་གཞུང་འབྲེལ་ཐོག་བྱང་ཕྱོགས་ཇ་མུ་ཀཱ་ཤི་མིར་མངའ་སྡེ་དེ་དབུས་གཞུང་གི་ཐད་སྐྱོང་ཁུལ་གཉིས་སུ་ཕྱེས་མགོ་བརྩམས་རྗེས། ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཐད་སྐྱོང་ཁུལ་གཉིས་དང་འབྲེལ་བའི་སྲིད་དོན་གྱི་ས་ཁྲ་གསར་བ་ཞིག་འགྲེམ་སྤེལ་བྱས་ཏེ། དེའི་ནང་འཕགས་བོད་བལ་གསུམ་གྱི་ས་འབྲེལ་ཆགས་པའི་རྩོད་རྙོག་ཅན་གྱི་བལ་ཡུལ་གྱི་ཆེས་ནུབ་ཀཱ་ལཱ་པ་ཎི་ས་ཁུལ་དེ་རྒྱ་གར་གྱི་ས་ཁོངས་སུ་བཅུག་ཡོད་པ་དང་། ད་ལྟའི་ཆར་རྒྱ་གར་གཞུང་ངོས་ནས་བལ་ཡུལ་གཞུང་ལ་བརྡ་ལན་དམིགས་བསལ་གང་ཡང་སྤྲད་མེད་པ་རེད།

དེ་ཡང་ཟླ་འདིའི་ཕྱི་ཚེས་ ༢ ཉིན་རྒྱ་གར་དབུས་གཞུང་གིས་ས་ཁྲ་གསར་བཟོ་བྱས་ཏེ་བལ་ཡུལ་གྱི་ཆེས་ནུབ་ཕྱོགས་ཀཱ་ལཱ་པ་ཎི་(Kalapani) ས་ཁུལ་དེ་རྒྱ་གར་གྱི་ས་ཁོངས་སུ་བཅུག་པར། བལ་ཡུལ་གཞུང་དམངས་གཉིས་ནས་སྔ་གཞུག་ཏུ་རྒྱ་གར་གཞུང་ལ་སྐྱོན་བརྗོད་དང་ངོ་རྒོལ་དྲག་པོ་བྱས་ཡོད་པ་དང་། ཕྱི་ཚེས་ ༦ ཉིན་བལ་ཡུལ་ཕྱི་སྲིད་ལྷན་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་ཏེ། བལ་ཡུལ་གཞུང་གིས་རྒྱལ་སྤྱིའི་ས་མཚམས་སྲུང་སྐྱོབ་བྱ་རྒྱུར་ཆོད་སེམས་བརྟན་པོ་ཡོད་པ་དང་། བློ་མཐུན་རྒྱལ་ཁབ་ཕན་ཚུན་བར་གྱི་ས་མཚམས་རྩོད་རྙོག་ཅི་འདྲ་ཡིན་ཡང་ལོ་རྒྱུས་ཀྱི་ཡིག་ཆ་དང་དཔང་རྟགས་གཞིར་བཞག་ཐོག་ནས་ཕྱི་འབྲེལ་བརྒྱུད་སེལ་ཐབས་བྱེད་དགོས་སྐོར་བརྗོད་ཡོད་པ་མ་ཟད། བལ་ཡུལ་གཞུང་ནས་ཀཱ་ལཱ་པ་ཎི་ས་ཁུལ་དེ་བལ་ཡུལ་གྱི་ཆ་ཤས་ཤིག་ཡིན་པར་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་པ་དང་། དེར་རྒྱ་གར་གྱི་ཕྱི་སྲིད་མགྲིན་ཚབ་པ་རཱ་ཝི་ཤི་ཀོ་མར་(Raveesh Kumar)ལགས་ཀྱིས།  ང་ཚོའི་ས་ཁྲས་ལུགས་མཐུན་གྱི་ཐོག་ནས་རྒྱ་གར་གྱི་ས་ཁོངས་བསྟན་ཡོད། ས་ཁྲ་གསར་བ་དེས་རྒྱ་གར་དང་བལ་ཡུལ་བར་གྱི་ས་མཚམས་ལ་ཕྱོགས་གང་གི་ཐད་ནས་ཀྱང་བསྐྱར་ཞིབ་བྱས་པ་ཞིག་མིན་སྐོར་བརྗོད་ཡོད་པ་རེད།

གནས་ཚུལ་ནང་། རྒྱ་གར་དང་བལ་ཡུལ། དེ་བཞིན། བོད་བཅས་ཀྱི་ས་འབྲེལ་ཆགས་པའི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༣༥ ཅན་གྱི་ཀཱ་ལཱ་པ་ཎི་ས་ཁུལ་དེ་ནི་རྒྱ་གར་དང་བལ་ཡུལ་གཉིས་དབར་གྱི་རྩོད་གཞི་ཞིག་ཏུ་ཆགས་ཡོད་པ་དང་། རྒྱ་གར་གྱིས་ས་ཁུལ་དེ་ཨུ་ཊ་ར་ཁན་ཌི་(Uttarakhand)མངའ་སྡེའི་པི་ཐོ་ར་གྷར་(Pithoragarh)རྫོང་ཁོངས་ཡིན་ལུགས་དང་། བལ་གཞུང་གིས་བལ་ཡུལ་གྱི་ཆེས་ནུབ་དྷར་ཅུ་ལ་ (Darchula) རྫོང་གི་ཁོངས་གཏོགས་ཡིན་སྐོར་བརྗོད་ཀྱི་ཡོད་པ་རེད་ལ། ཕྱི་ལོ་ ༡༩༦༢ ལོ་ནས་བཟུང་རྒྱ་དཀར་ནག་བར་གྱི་དམག་འཁྲུག་གི་རྐྱེན་གྱིས་ད་བར་ཀཱ་ལཱ་པ་ཎི་ས་ཁུལ་དེ་རྒྱ་གར་དབུས་གཞུང་གི་འཕགས་བོད་ས་མཚམས་དྲག་ཆས་ཉེན་རྟོག་པས་(Indo-Tibetan Border Police) དོ་དམ་བྱེད་མུས་ཡིན་པ་རེད།

སྤྱིར་བལ་ཡུལ་དང་དབྱིན་ཇིའི་རྒྱ་གར་བར་བཞག་པའི་ཕྱི་ལོ་ ༡༨༡༦ ལོའི་སེ་གྷོ་ལི་ཆིངས་ཡིག་(Treaty of Segauli)ནང་མཱ་ཧཱ་ཀཱ་ལི་གཙང་པོ་དེ་བལ་ཡུལ་གྱི་ནུབ་རྒྱུད་ས་མཚམས་ཡིན་པར་ངོས་འཛིན་བྱས་ཡོད་ཀྱང་། རྒྱ་གར་གཞུང་དང་བལ་གཞུང་བར་ལ་ཀཱ་ལཱ་པ་ཎི་ཁུལ་གྱི་གཡོན་ཕྱོགས་སུ་རྒྱུགས་པའི་མཱ་ཧཱ་ཀཱ་ལི་གཙང་པོ་ (Mahakali River) ངོས་འཛིན་བྱེད་ཕྱོགས་ཐད་མ་མཐུན་པ་ཆགས་པའི་རྐྱེན་གྱིས། ད་ལྟའི་ས་ཁོངས་རྩོད་རྙོག་དེ་བྱུང་བ་ཞིག་ཡིན་པ་རེད།

དེ་ཡང་རྒྱ་གར་གཞུང་གིས། མཱ་ཧཱ་ཀཱ་ལི་གཙང་པོའི་མགོ་ཁུངས་དེ་ཆུ་ལག་འདྲེས་པའི་ཀཱ་ལཱ་པ་ཎི་ས་ཁུལ་གྱི་རྒྱུགས་ཆུ་དེར་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། བལ་ཡུལ་གཞུང་གིས་མཱ་ཧཱ་ཀཱ་ལི་གཙང་པོའི་མགོ་ཁུངས་དེ་འཕགས་བོད་དང་བལ་ཡུལ་གྱི་ས་མཚམས་གངས་རྒྱུད་དེར་ངོས་འཛིན་བྱེད་ཀྱི་ཡོད་སྟབས། ཆུ་མོ་དེའི་ཤར་ཕྱོགས་སུ་ཆགས་པའི་ཀཱ་ལཱ་པ་ཎི་ས་ཁུལ་གཙོས་པའི་ཁུལ་གཞན་ཁག་ཀྱང་སེ་གྷོ་ལིའི་ཆིངས་ཡིག་གཞིར་བཟུང་བལ་ཡུལ་གྱི་ས་ཁོངས་ཡིན་པར་རྩོད་ཀྱི་ཡོད་པ་རེད།

རྒྱ་གར་ངོས་ནས་ཀཱ་ལཱ་པ་ཎི་ས་ཁུལ་དེ་རང་ཁོངས་ཡིན་པའི་དཔང་རྟགས་སུ་ཕྱི་ལོ་ ༡༨༣༠ ནང་གི་འཛིན་སྐྱོང་དང་ཁྲལ་འབབ་ཡིག་ཆ་རྣམས་བསྟན་ཡོད་པ་མ་ཟད། ཕྱི་ལོ་ ༡༨༧༠ ནང་དབྱིན་ཇིའི་རྒྱ་གར་སྲིད་གཞུང་གིས་ཁུལ་དེར་རྟོག་ཞིབ་བྱས་པའི་མཇུག་འབྲས་གཞིར་བཟུང་། ཕྱི་ལོ་ ༡༨༧༩ སྐབས་སུ་ཀཱ་ལཱ་པ་ཎི་ས་ཁུལ་དེ་དབྱིན་ཇིའི་རྒྱ་གར་གྱི་ཁོངས་གཏོགས་སུ་བཀོད་པའི་ས་ཁྲ་ཡང་བསྟན་ཡོད་པ་རེད། བལ་ཡུལ་ཕྱོགས་ནས་ཀྱང་ཕྱི་ལོ་ ༡༨༥༠ དང་ ༡༨༥༦ སྐབས་ཀྱི་ས་ཁྲ་བསྟན་ཏེ་རང་ཁོངས་ཡིན་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

 

 

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༡༡ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese