ཁོང་གཉིས་འཛིན་བཟུང་མ་བྱས་པའི་སྔོན་ལ་བརྙན་ཐུང་གཉིས་བཟོས་ཡོད་པའི་ནང་། ༧ གོང་ས་མཆོག་གི་སྐུ་པར་དང་། སྣག་ཚ་དམར་པོ་དང་ནག་པོས“བོད་རང་བཙན”ཞེས་བྲིས་པའི་འགྲེམ་ཡིག་དང་། ཁོང་རང་གཉིས་ཀྱི་པར་བཅས་བསྒྲིགས་ནས་བཀྲམས་ཡོད་པ་མ་ཟད། ཡོན་ཏན་ལགས་ཀྱི་སྐད་འཕྲིན་རྒྱབ་ལྗོངས་ཀྱི་རྩོམ་ཐུང་རང་གི་ཁ་ཕྱོགས་ཞེས་པའི་ནང་། རང་གི་ཁ་ཕྱོགས། ང་ཚོའི་མི་རིགས་ཀྱི་བདེ་སྡུག་གི་ཆེད་དུ་སྲོག་ཤོར་སོང་བའི་དཔའ་བོ་རྣམས་དང་། ང་ཚོའི་མི་རིགས་ཀྱི་ཆེད་དུ་རང་བཙན་རྩོད་ལེན་བྱེད་མཁན་ཕོ་རྒོད་རྣམས་པ། ཁྱེད་རྣམས་གསོད་གཅོད་དང་སྡུག་བསྔལ་གྱི་ཁྲོད་དུ་སོང་ཡོད་པ་ང་ཡིས་ཐོས། ད་ལྟ་ང་ཚོ་དབོན་པོ་ནས་རང་བཙན་རྩོད་ལེན་བྱས་པས་སྤུན་གྲོགས་རྣམ་པ་ཁྱེད་ཚོ་མུན་ནག་བཙོན་གྲལ་དུ་བཙན་གྱིས་ཁྲིད་སོང་བ་ང་ལ་སྐྱོ་སྡུག་ཧ་ཅང་ཆེ། མི་འགྱང་བར་ཐོན། སྤུན་ཟླ།” ཞེས་བཀོད་ཡོད།
ཡང་ལྷ་རྒྱལ་ལགས་ཀྱི་སྐད་འཕྲིད་རྒྱབ་ལྗོངས་ཀྱི་སྐད་ཆ་ཞེས་རྩོམ་ཐུང་ནང་། སྡེབ་སྦྱོར་རྩོམ་ལ་མཁས་པའི་ཡོན་ཏན་ང་ལ་མེད། ། ལག་མཁས་བྲིས་ལ་མཁས་པའི་ཡིག་རྩལ་ང་ལ་མེད། །འཇོན་རྒྱ་ཤེས་རྒྱ་ཆེ་བའི་རིག་གནས་ང་ལ་མེད། ། མི་རིགས་ལ་རྒྱ་སོ་སོའི་ཕྲག་ཏུ་ཡོད། ནམ་ཡང་མི་འདོར།” ཞེས་བཀོད་ཡོད་འདུག ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་འཛིན་བཟུང་བྱས་པའི་རྫ་དབོན་པོ་ཡི་དགེ་འདུན་པ་ལྔ་ཡི་ནང་ནས་གཅིག་ཀློད་གྲོལ་བཏང་ཡོད་ཀྱང་གཞན་རྣམས་མུ་མཐུད་བཀག་ཉར་འོག་ཡོད་པ་དང་། སྐབས་དེར་མིང་དང་དགུང་ལོ་ཤེས་རྟོགས་མ་ཐུབ་པའི་དགེ་འདུ་པ་དེའི་མིང་ལ་ཉི་མིས་དང་རང་ལོ་ ༡༥ ཡས་མས་ཡིན་འདུག་ལ། དེ་རིང་འཛིན་བཟུང་བྱས་པའི་མི་སྐྱ་ལྷ་རྒྱལ་ལགས་ནི་དགེ་འདུན་པ་ཉི་མིས་ལགས་ཀྱི་ཕ་མ་གཅིག་པའི་སྤུན་ཆེ་བ་དེ་ཡིན་འདུག
འབྲེལ་ཡོད་གནས་ཚུལ། བོད་རང་བཙན་གྱི་ཤོག་དྲིལ་གཏོར་མཁན་བོད་མི་ ༥ འཛིན་བཟུང་བྱས་འདུག
ཕོ་རྒོད་ཚོ་ཕོ་ལྷ་གསོ