མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྨ་འབྲིའི་འགག་ཁུལ་གྱི་འབག་བཙོག་ཚད་ལས་བརྒལ་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༩/༡༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ཁོར་ཡུག་ལྷན་ཁང་གིས་བོད་ཀྱི་འབྲི་ཆུ་དང་རྨ་ཆུའི་འགག་ཁུལ་ཁག་ཅིག་གི་འབག་བཙོག་ཚད་ལས་བརྒལ་འདུག་པས་བཙོག་བཙོག་གཙང་སེལ་ལ་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ་བྱས།ཁ་སང་ཕྱི་ཚེས་ ༤ ཉིན་རྒྱ་ནག་ཁོར་ཡུག་ལྷན་ཁང་གིས་གནས་ཚུལ་ཞིག་སྤེལ་ཏེ། འབྲི་ཆུ་དང་རྨ་ཆུའི་འགག་ཁུལ་ཁ་ཤས་གཞུང་གི་གཏན་འབེབ་བྱས་ཡོད་པའི་ཚད་གཞི་ལས་འབག་བཙོག་ཧ་ཅང་ཆེན་པོ་ཆགས་ཡོད་པ་དང་། འབྲི་ཆུའི་སྨད་རྒྱུད་དུ་ཆགས་པའི་རྒྱ་ནག་ཐེན་ཅིན་ (Tianjin) གྲོང་ཁྱེར་གྱི་བཟོ་གྲྭ་ཁག་གི་ཁུལ་དུ་འཐུང་ཆུ་དང་། ཞིང་ལ་འདྲེན་པ་སོགས་ཀྱི་ཆེད་དུ་སྤྱོད་ཐབས་མེད་པར་གྱུར་བའི་འབྲི་ཆུ་འབག་བཙོག་གཙང་སེལ་ལ་ཤུགས་སྣོན་རྒྱག་དགོས་པ་མ་ཟད། རྨ་ཆུའི་བར་རྒྱུད་དང་སྨད་རྒྱུད་དུ་ཛ་དྲག་གི་གཙང་སེལ་བྱ་འགུལ་སྤེལ་དགོས་སྐོར་འབོད་སྐུལ་བྱས་འདུག

རྒྱ་ནག་གཞུང་གིས་འབྲི་ཆུའི་རྒྱུད་དང་འབྲེལ་ནས་ཡར་རྒྱས་གཏོང་ཕྱོགས་ཀྱི་ཡིག་ཆ་ཞིག་བཀྲམས་ཏེ། ཕྱི་ལོ་ ༢༠༢༥ ལོའི་བར་དུ་ཚན་རིག་དང་དེང་རབས་གསར་གཏོད་དང་མཐུན་པའི་བཟོ་གྲྭ་འཛུགས་སྐྲུན་དང་གཞི་རྒྱ་ཆེ་བའི་འཛུགས་སྐྲུན་གཞན་ཁག་བར་སྦྲེལ་བ། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་སྒྲིག་དམ་དུ་གཏོང་བ་དང་། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏང་སྟེ་འབྲི་ཆུ་གཙང་སེལ་དང་རྒྱུན་གནས་ཀྱི་ཡར་རྒྱས་གཏོང་བའི་དམིགས་འབེན་ཡོད་སྐོར་བཀོད་འདུག

རོ་ཊིར་སི་གསར་ཁང་གི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་ཆུ་ལ་རིམ་པ་དྲུག་ཏུ་བགོས་ཡོད་པའི་རིམ་པ་དང་པོ་གསུམ་ནི་མིས་བེད་སྤྱོད་བྱེད་ཆོག་པ་དང་། གཞན་གསུམ་ལས་མཐའ་མ་ནི་མི་དང་ཞིང་ལས། བཟོ་གྲྭ་སོགས་ཀྱི་ཆེད་བེད་སྤྱོད་མི་ཆོག་པ་ཡིན་འདུག རྒྱ་ནག་གི་ཆུ་སྤྱིའི་བརྒྱ་ཆའི་ ༧༥།༤ ཙམ་ནི་རིམ་པ་དང་པོ་གསུམ་དེའི་ཁུངས་སུ་ཚུད་ཡོད་པ་དང་། འདས་ལོ་ལས་བརྒྱ་ཆའི་གཉིས་ཡར་འཕར་ཡོད་འདུག དེ་བཞིན་རིམ་པ་དྲུག་པ་དེའི་བརྒྱ་ཆ་ ༣།༢ ཡིན་འདུག

ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༥ ཙམ་ལ་རྒྱ་ནག་གཞུང་གིས་ལྷོ་ཆུ་བྱང་འདྲེན་གྱི་ལས་གཞིའི་ཆེད་འབྲི་ཆུའི་རྒྱུད་ཀྱི་མི་མང་ ༣༣༠༠༠༠ ཙམ་གནས་སྤོ་དགོས་སྐོར་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བསྒྲགས་ཡོད་པ་དང་། ལོ་དེར་རྒྱ་ནག་གཞུང་གིས་འབྲི་ཆུ་འགག་གསུམ་ཁུལ་དུ་ཆུ་མཛོད་ཆེན་པོ་ཞིག་བརྒྱབས་ནས་མི་གྲངས་ ༨༥༠༠༠༠  ཙམ་གནས་སྤོས་ཡོད་སྐོར་བརྗོད་ཡོད་ཀྱང་། རྗེས་སུ་ཉམས་ཞིབ་པ་ཚོས་སྐབས་དེར་མི་གྲངས་ས་ཡ་ ༡ ཙམ་གནས་སྤོ་བྱེད་བཅུག་ཡོད་སྐོར་བརྗོད་ཡོད་པ་རེད། འབྲི་ཆུའི་ཁ་ཕྱོགས་བསྒྱུར་དགོས་དོན་ནི་རྒྱ་ནག་གི་བྱང་ཕྱོགས་སུ་ཆུ་དཀོན་རྐྱེན་ལོ་ལྟར་ཐན་པ་ཡོང་བཞིན་པའི་དཀའ་ངལ་སེལ་ཐབས་ཡིན་སྐོར་བརྗོད་ཡོད་ཀྱང་། ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་གཞུང་གིས་འབྲི་ཆུ་གཙང་པོའི་ཁ་ཕྱོགས་ལྷོ་ནས་བྱང་ཕྱོགས་ལ་བསྒྱུར་བ་མ་ཟད། ཤར་བྱང་གཉིས་ལ་ཡང་ཡུར་བ་མང་པོ་བཟོས་ཏེ་འཐུང་ཆུ་དང་ཞིང་ཆུ་འདྲེན་གྱི་ཡོད་སྐོར་བརྗོད་ཡོད་པ་རེད།

ཆུ་བོ་ཆེན་པོ་འདི་གཉིས་ཀྱི་རྒྱུད་དུ་རྒྱ་ནག་གཞུང་གིས་གློག་ཁང་གསར་རྒྱག་དང་ཆུ་ཁ་གཞན་དུ་བསྒྱུར་ཐབས་བྱེད་པ་སོགས་ཀྱི་ལས་གཞི་ཧ་ཅང་མང་པོ་སྤེལ་གྱི་ཡོད་ལ། ལྷག་པར་དུ་བོད་ཁུལ་གྱི་ས་གཤིས་སྙི་མོ་ཡིན་པ་ལ་བལྟོས་མེད་ཀྱིས་འཛུགས་བསྐྲུན་ཤུགས་ཆེན་བྱེད་བཞིན་ཡོད་པར་བརྟེན། འདས་ལོར་བོད་འཇོ་མདའ་རྫོང་དུ་ཐེངས་གཉིས་ལ་རི་ཉིལ་ནས་འབྲི་ཆུ་འགག་པ་དང་། ཕྱི་ལོ་ ༢༠༡༧ ལོར་རྨ་ཆུའི་བཞུར་རྒྱུན་ཟི་ལིང་དུ་འདྲེན་པའི་ལས་གཞི་གཏན་འབེབ་བྱས་པ། གློག་ཁང་བརྒྱབས་ཏེ་ཆུ་བསྐྱིལ་བ་སོགས་ལ་བརྟེན། བོད་ཁུལ་གྱི་རྩྭ་ཐང་བྱེ་འགྱུར་གྱི་གནས་སྟངས་ཧ་ཅང་ཚབས་ཆེན་ཆགས་ཀྱི་ཡོད་པ་དང་། ཆུ་རྒྱུད་ཀྱི་མི་མང་སྟོང་ཕྲག་མང་པོ་བཙན་གྱིས་གནས་སྤོ་རུ་འཇུག་བཞིན་ཡོད་པ་སོགས་རོང་འབྲོང་མང་ཚོགས་ཀྱི་འཚོ་བར་དོ་ཕོག་ཆེན་པོ་གཏོང་བཞིན་ཡོད་པ་རེད།

རྨ་འབྲི་གཉིས་ཀྱི་མགོ་ཁུངས་བོད་ཡིན་ལ། འབྲི་ཆུ་ལྟ་བུར་མཚོན་ན་བོད་ཀྱི་གདང་ལའི་རི་རྒྱུད་རྒྱ་ལ་རྩེ་ཟླུམ་གྱི་ལྷོ་ནུབ་ཕྱོགས་ནས་བབས་ཏེ། བོད་ལྗོངས་དང་དཀར་མཛེས། མཚོ་སྔོན་སྐྱེ་དགུ། ཡུན་ནན་བདེ་ཆེན་བཅས་ཀྱི་བོད་རིགས་ས་ཁུལ་གྱི་རྫོང་ ༡༤ ལ་བཞུར་ཞིང་། བོད་ཡུལ་གྱི་བཞུར་རྒྱུན་རིང་ཚད་སྤྱི་ལེ་ ༢༨༠༦ དང་། སྤྱིའི་རིང་ཚད་ནི་སྤྱི་ལེ་ ༦༣༠༠ ཡིན་ལ། འབྲི་ཆུ་ནི་ཨེ་ཤ་ཡའི་རྒྱུག་ཆུ་རིང་ཤོས་དང་འཛམ་གླིང་གི་རྒྱུག་ཆུ་རིང་ཤོས་གཉིས་པ་དེ་ཡིན་འདུག  དེའི་རྒྱུད་ཀྱི་མི་གྲངས་དུང་ཕྱུར་ ༤ ཙམ་ལ་ཆུའི་མཐུན་རྐྱེན་སྐྲུན་གྱི་ཡོད་ལ། རྒྱ་ནག་གི་སོ་ནམ་ཞིང་ལས་ཀྱི་བཞི་ཆའི་གཅིག་ཙམ་ལ་ཞིང་ཆུ་གཏོང་གི་ཡོད་འདུག

རྨ་ཆུ་ནི་མཚོ་སྔོན་ཞིང་ཆེན་གྱི་ཨ་ཆེན་གངས་རི་ནས་སི་ཁྲོན་དང་ཀན་སུའུ། ཀ་ཅི་ཀ། ནང་སོག ཧྲན་ཞི་དང་ཧྲན་ཞི། ཧུའུ་ནན་སོགས་ཞིང་ཆེན་དགུ་དང་། རང་སྐྱོང་ལྗོངས་གཅིག་བཅས་བརྒྱུད་ནས་པོ་ཧེ་རྒྱ་མཚོར་བཞུར་གྱི་ཡོད་འདུག་ལ། བོད་ཡུལ་དུ་རྨ་ཆུར་གཙང་ལག་གྲགས་ཆེ་བ་ནི་དར་ལག་ཆུ་དང་རྩེ་ཆུ། གསེར་ཆེན་ཆུ་དང་ཆུ་སྔོན། འབའ་ཆུ་དང་དགུ་ཆུ། ཙོང་ཆུ་དང་རྐ་ཆུ། ཀླུ་ཆུ་དང་བསང་ཆུ། འཇུ་ལག་ཆུ་སོགས་ཡོད་ལ། བོད་ནང་གི་བཞུར་རྒྱུན་རིང་ཚད་སྤྱི་ལེ་ ༡༦༩༣ དང་སྤྱིའི་རིང་ཚད་སྤྱི་ལེ་ ༥༤༦༤ ཙམ་ཡོད་པར་བརྟེན།  རྒྱ་ནག་ནང་བཞུར་བཞིན་པའི་རྒྱུག་ཆུ་རིང་ཤོས་གཉིས་པ་དང་འཛམ་གླིང་གི་རིང་ཤོས་དྲུག་པ་དེ་ཡིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༤ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༥ སྔོན་ལ།
༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འཇོག་གནང་མཛད། ༢༠༢༢།༡།༣  དུས་བབ་ཀྱི་པར།
Mobile App

རྒྱ་བལ་གནས་ཆེན་ཁག་གི་བོད་བརྒྱུད་ནང་བསྟན་གྱི་གཟི་འོད།

ཆུ་ཚོད་ ༨ སྔོན་ལ།
ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

༢༠༢༦/༠༢/༢༣
tttt
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། 

༢༠༢༦/༠༢/༢༣
tibettimes
Mobile App

༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས།

༢༠༢༦/༠༢/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese