མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནང་པའི་ཕྱག་དཔེ་བཙན་འཕྲོག་བྱས་ཏེ་དཔེ་ཁང་སྒོ་བརྒྱབ།

བོད་ཀྱི་དུས་བབ།
༢༠༢༠/༠༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རྒྱ་བརྒྱུད་ནང་བསྟན་གྱི་ཞིང་ཁམས་སྒྲུབ་སྦྱོང་གི་གྲུབ་མཐའ་གཙུག་འཛིན་མཁན་སློབ་དཔོན་ཁྲིན་ཁོང་ལགས་ཀྱི་ཕྱག་དཔེ་གཙོ་བོར་བའི་ནང་བསྟན་གྱི་དཔེ་ཆ་མང་པོ་བཙན་འཕྲོག་བྱས་ཏེ་ནང་པའི་དཔེ་ཁང་ཞིག་སྒོ་བརྒྱབ་ཡོད་འདུགའདས་པའི་ལོ་མང་རིང་ནས་བཟུང་རྒྱ་ནག་གཞུང་གིས་ཆོས་ལུགས་ཁག་དང་དེའི་རྗེས་འབྲང་བ་རྣམས་ལ་ཁྲིམས་འགལ་གྱི་ཉེས་མིང་སྣ་ཚོགས་གཡོགས་ཏེ་བཀག་སྡོམ་བཙན་གནོན་བྱེད་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༢༢ ཉིན། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སྐོར་གྱི་དྲ་རྒྱ་བྷི་ཊར་ཝིན་ཊར་(Bitter Winter)གྱིས་གནས་ཚུལ་སྤེལ་བ་ལྟར་ན། སྔར་ལོའི་ཕྱི་ཟླ་ ༡༠ པ་ནས་བཟུང་རྒྱ་ནག་ཆོས་དོན་ལས་ཁུངས་དང་གཞུང་འབྲེལ་ལས་ཁུངས་མང་པོ་ཞིག་མཉམ་འབྲེལ་ཐོག རྒྱ་ནག་གི་ནང་པའི་དགེ་སློང་ཆེན་མོ་དང་རྒྱ་བརྒྱུད་ནང་བསྟན་གྱི་ཞིང་ཁམས་སྒྲུབ་སྦྱོང་གི་གྲུབ་མཐའ་གཙུག་འཛིན་མཁན་སློབ་དཔོན་ཁྲིན་ཁོང་(Chin Kung)ལགས་ཀྱི་ཕྱག་དཔེ་གཙོ་བོར་བའི་ནང་བསྟན་གྱི་དཔེ་ཆ་མང་པོ་ཁྲིམས་འགལ་ཡིན་སྐོར་བརྗོད་དེ། ཕྱག་དཔེ་ཚང་མ་རླངས་འཁོར་ཞིག་གི་ནང་བླུགས་ཏེ་བཙན་འཁྱེར་བྱས་ཡོད་འདུག

དེ་འབྲེལ་གནས་ཚུལ་ནང་། འབྲེལ་ཡོད་ནང་པའི་དགེ་འདུན་པ་ཞིག་གིས་རྒྱ་ནག་གཞུང་གིས་ཧི་ནན་(Henan)ཞིང་ཆེན་ལེན་ཀྲུའུ(Linzhou)གྲོང་ཁྱེར་དུ་ཡོད་པའི་ནང་པའི་དཔེ་ཁང་ཞིག་ཏུ་ནང་བསྟན་གྱི་དཔེ་ཆ་ཚང་མ་ཁྲིམས་འགལ་ཡིན་སྐོར་བརྗོད་ནས་བཙན་འཕྲོག་བྱས་ཏེ་སྦས་སྐོང་བྱས་ཚར་ཡོད་པ་དང་། དཔེ་ཆ་དེ་དག་མང་ཆེ་བ་སློབ་དཔོན་ཁྲིན་ཁོང་གིས་བརྩམས་གནང་བ་ཡིན་ལ། ཁོང་གི་དཔེ་ཆ་མང་པོ་ཞིག་ཧོང་ཀོང་དང་ཐའེ་ཝན་སོགས་ནས་པར་སྐྲུན་བྱས་ཡོད་པས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་མཐུན་པ་མ་ཟད། ཕྱི་ལོག་གི་ངན་སྐུལ་སོགས་ཡོད་སྐོར་བརྗོད་ནས་བཙན་འཕྲོག་སྦས་སྐོང་བྱེད་དུ་བཅུག་ཡོད་པ་དང་། དེ་བཞིན་སློབ་དཔོན་ཁོང་གི་ཆོས་འཁྲིད་སོགས་ཀྱང་བཀག་འགོག་བྱས་ཡོད་སྐོར་བརྗོད་འདུག

ཡང་ཁོང་གིས། དཔེ་ཆ་ཚང་མ་གཞུང་བཞེས་བཏང་ནས་ཟླ་གཅིག་ཙམ་གྱི་རྗེས་སུ། ནང་པའི་དཔེ་ཁང་དེ་འཛུགས་སྐྲུན་བྱེད་པར་ཆོག་མཆན་ཐོབ་མེད་པས་ཁྲིམས་འགལ་ཡིན་ལུགས་བརྗོད་དེ། ཁང་པའི་སྒོ་དང་སྒེའུ་ཁུང་ཚང་མ་བཀག་ནས་གློག་དང་ཆུ་སོགས་བཅད་པ་མ་ཟད། ལས་མི་ཚང་མ་ཉེ་འཁོར་གྱི་གྲོང་སྡེ་ནས་ཕྱིར་འབུད་བཏང་ཡོད་སྐོར་བརྗོད་ཡོད་པ་དང་། ཡང་གྲོང་སྡེའི་ཡུལ་མི་ཚོས་དཔེ་ཁང་འཛུགས་སྐྲུན་བྱེད་ས་དེ་ཞིང་ས་སོགས་མིན་པ་དང་། དཔེ་ཁང་འཛུགས་སྐྲུན་གནང་མཁན་གྱིས་འདས་པའི་ལོ་ངོ་ ༡༠ ལྷག་རིང་ས་རིན་སྤྲད་ནས་བསྡད་ཡོད་པ་དང་། རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ཆོས་ལུགས་དད་མོས་རང་དབང་ཡིན་སྐོར་བརྗོད་བཞིན་ཡོད་ཀྱང་། དོན་དངོས་ཐོག་གཞུང་གིས་ཁོ་ཚོ་ཆོས་ལུགས་དད་མོས་རང་དབང་དང་ཆོས་ཀྱི་ཆོ་ག་སོགས་བྱེད་དུ་འཇུག་གི་མེད་པ་མ་ཟད། གལ་ཏེ་གཞུང་གི་མགོ་འཁྲིད་ཚོར་གནས་ལུགས་བཤད་ན་ཉེས་ཆད་གཅོད་པ་སོགས་བྱེད་ཀྱི་ཡོད་པས་བྱ་ཐབས་གང་ཡང་མེད་སྐོར་བརྗོད་འདུག

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༩ ལོའི་ཧུའུ་པའེ་ཞིང་ཆེན་ཧེ་ནན་ལོའོ་ལེན་སོགས་ནས་སློབ་དཔོན་ཁྲིན་ཁོང་གི་ཕྱག་དཔེ་ཁག་ལ་པར་སྐྲུན་གྱི་གནད་དོན་ཡོད་སྐོར་བརྗོད་ནས་ཞིབ་བཤེར་དང་བཀག་སྡོམ་བྱེད་མགོ་བརྩམས་ཡོད་པ་མ་ཟད། དཔེ་ཆ་མང་པོ་ཞིག་སྦས་སྐུང་དང་གཞུང་བཞེས་བཏང་ཡོད་པ་དང་། ཧེ་ནན་སོགས་ནས་རྒྱ་ནག་གཞུང་གིས་མུ་མཐུད་སློབ་དཔོན་ཁོང་གི་ཆོད་ཁྲིད་ལ་ཉན་པ་དང་ཁོང་གི་རྗེས་འཇུག་བྱེད་མཁན་ཚོ་འཛིན་བཟུང་དང་ཉེས་ཆད་གཅོད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་དང་། ཧེ་ནན་ནས་ཡིན་པའི་ནང་པའི་བུད་མེད་ཅིག་གིས་སློབ་དཔོན་ཁོང་གི་སློབ་འཁྲིད་དང་དཔེ་ཆ་དག་ནི་སྟོན་པ་བཅོམ་ལྡན་འདས་ཀྱི་བཀའ་ཆོས་དངོས་ཡིན་པ་དང་། དཔེ་ཆའི་ནང་མི་ག་འདྲ་ཡག་པོ་བྱེད་དགོས་པའི་སྐོར་རྐྱང་རྐྱང་གསུངས་ཡོད་སྐོར་བརྗོད་འདུག

རྒྱ་ནག་གི་བཙན་འཛུལ་བོད་ལ་བསླེབས་པ་ནས་བཟུང་དགོན་སྡེ་སྟོང་ཕྲག་འགའ་གཏོར་བཤིག་དང་ཆོས་དཔེ་གྲངས་ལས་འདས་པ་མེར་བསྲེགས་བཏང་བའི་ཡ་ང་བའི་ལོ་རྒྱུས་བྱུང་ཡོད་ལ། རྒྱ་ནག་གཞུང་གིས་མུ་མཐུད་བོད་བརྒྱུད་ནང་བསྟན་ལ་བཀག་སྡོམ་བྱེད་ཀྱི་ཡོད་པའི་གནས་ཚུལ་གསར་ཤོས་ཤིག་ནི། འདི་ལོའི་ལོ་མགོ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཀྱི་དགོན་ལུང་དགོན་ཚང་མ་བརྙན་མིག་གིས་བསྐོར་ནས་ལྟ་རྟོག་ནན་པོ་བྱེད་བཞིན་ཡོད་པ་མ་ཟད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཁོངས་སུ་ཡོད་པའི་ཀྲིན་ཀྲུའུ (Zhenzhu)དགོན་པའི་འདུ་ཁང་དུའང་ལྟ་བཤེར་བརྙན་མིག་གིས་བསྐོར་ཏེ། དགོན་པའི་དགེ་འདུན་པ་ཚོར་ཉིན་རྒྱུན་རྒྱ་ནག་གཞུང་གི་ཆབ་སྲིད་དང་སྒྲིག་ཁྲིམས་ཟེར་བར་སློབ་སྦྱོང་བྱེད་བཅུག་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

སྔར་ལོ་ནས་རྒྱ་ནག་གཞུང་གིས་ནང་བསྟན་དཔེ་ཆ་པར་སྐྲུན་ཐད་དམ་དྲག་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་མ་ཟད། བོད་ཀྱི་རིག་གནས་དང་ལོ་རྒྱུས་སོགས་ཀྱི་དཔེ་ཆ་པར་སྐྲུན་བྱེད་པའང་ཚད་བཀག་བཟོ་ཡི་ཡོད་པའི་གནས་ཚུལ་ཐོན་པ་ལྟར། འདི་ག་དུས་བབ་ཀྱི་གསར་འགོད་པས་བོད་ནང་གི་རྩོམ་པ་པོ་དང་ལོ་རྒྱུས་བ་ཞིག་ལ་རྒྱ་ནག་གི་དཔེ་སྐྲུན་བཀག་འགོག་གི་ལས་འགུལ་དེ་བདེན་པ་ཡིན་མིན་དྲིས་པར་ཁོང་གིས། གནས་སྐབས་བཤད་སྟབས་བདེ་བོ་མིན་པ་དང་གནས་ཚུལ་དེ་མི་རིང་བར་འབྱུང་རྒྱུ་ཡིན་ངེས་ཀྱང་། བོད་ཀྱི་ལོ་རྒྱུས་རིགས་ཀྱི་དཔེ་སྐྲུན་བཀག་འགོག་ལས་གཞན་གླིང་སྒྲུང་སོགས་པར་སྐྲུན་བྱེད་པར་བཀག་འགོག་མེད་སྐོར་བརྗོད་བྱུང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

སྐར་མ ༤༦ སྔོན་ལ།
Mobile App

བཀུར་འོས་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་སུ་འདྲི་བའི་དོགས་གནད་དག་ཐེར།

ཆུ་ཚོད་ ༥ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་ཁྲིམས་བཟོ་ལྷན་ཁང་གི་འདྲ་འབག

ཆུ་ཚོད་ ༥ སྔོན་ལ།
Those who refuse to provide their phone passwords could be punished
Mobile App

ཧོང་ཀོང་ཉེན་རྟོག་པས་མི་མང་གི་ཁ་པར་གསང་གྲངས་ཐད་ཀར་ལེན་ཆོག་པར་བཟོས།

ཆུ་ཚོད་ ༢༢ སྔོན་ལ།
Senators Jacky Rosen (D-NV) and John Curtis (R-UT)
Mobile App

ཨ་རིའི་བོད་དོན་དང་འབྲེལ་བའི་སྲིད་ཇུས་ཁག་ལག་བསྟར་གོང་འཕེལ་གཏོང་དགོས་པའི་འབོད་སྐུལ་ཞུས།

༢༠༢༦/༠༣/༢༤
TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༢༣

མཆན། 0

  1. བསོད་ནམས་རྒྱལ་མཚན། says:
    ལོ་ 6 སྔོན།

    ད་ཡིན་ན་ རྒྱ་གར་ མོ་རྡི་ དང་ རྒྱ་ནག་གི་ ཞི་ཅིན་ ཕིན་གཉིས་ སྲི་སྨྱོ་ལང་པ་རེད། ༧གོང་ས་མཆོག་ནས་ རྒྱ་གར་ནི་ཆོས་ལུགས་ཚང་མ་མཐུན་སྒྲིལ་ཡོད་པའི་ རྒྱལ་ཁབ་གཞན་པས་མིག་དཔེ་ལྟ་ས་ཞིག་ཆགས་ཡོད་གསུང་དུས་ མོ་རྡི་ ཚ་་སྨྱོ་ཐེབས་ནས་ Citizens bill ན་ཚ་དེ་བླང་པ་རེད། ཡང་༧གོང་ས་མཆོག་ནས་ རྒྱ་ནག་ནི་ནང་པའི་རྒྱལ་ཁབ་ཆེ་ཤོས་དང་ དེང་སང་རྒྱ་ནག་ནང་ ནང་པ་ལོ་རེ་ནས་ལོ་རེ་ མང་དུ་འགྲོ་བཞིན་ཡོད་གསུང་དུས་ ཞི་ཅིན་ ཕིན་ ཚ་སྨྱོ་ཐེབས་ནས་ རྒྱ་ནག་ནང་པས་ལྟེ་གནས་དང་དཔེ་མཛོད་སོགས་སྒོ་རྒྱག་འགོ་བཙུགས། ཁོང་ཚོ་གཉིས་ ལོ་ ས་ཡ་མང་པོ་སྡོད་ཡ་ཆ་གཞི་ཡོད་ན་ ? ? ? ?

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese