མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་ལ་བསྟུན་མཁས་ཆེན་པོ་བྱེད་བཞིན་པ།

བོད་ཀྱི་དུས་བབ།
༢༠༢༠/༠༣/༢༩
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་འགན་འཛིན་ལས་རོགས་ཀྱིས་ཐའེ་ཝན་ལྷན་ཚོགས་དེའི་ནང་ཞུགས་པར་བསྐྱར་ཞིབ་དགོས་མིན་སོགས་ཀྱི་དྲི་བར་ལན་འདེབས་བྱས་མེད་པ་མ་ཟད་བརྙན་ལམ་བཅར་འདྲི་སྒོ་བརྒྱབ། དེ་རིང་ཧོང་ཀོང་རང་དབང་གསར་ཤོག་གིས་གནས་ཚུལ་ཞིག་སྤེལ་བའི་ནང་། ཁ་སང་ཧོང་ཀོང་གི་རླུང་འཕྲིན་ཁང་ཆེ་ཤོས་དང་རྙིང་ཤོས་སུ་གྲགས་པའི་ཧོང་ཀོང་གི་རླུང་འཕྲིན་གསར་འགྱུར་ཁང་(Radio Television Hong Kong, RTHK) གི་པལ་སི་(Pulse)ཞེས་པའི་བདུན་རེའི་བརྙན་ལམ་ལས་རིམ་སྟེང་། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ལས་རོགས་བྷུ་རུ་སི་ཨེལ་ཝ་ཌི་ (Bruce Aylward)ཞེས་པ་དེར། ལྷན་ཚོགས་དེའི་ཚོགས་ཁོངས་སུ་ཐའེ་ཝན་འཇུག་མིན་ཐད་བསྐྱར་ཞིབ་བྱ་རྒྱུ་ཡིན་མིན་དྲིས་པར། བྷུ་རུ་སི་ཨེ་ལ་ཝ་ཌིས་ལན་སྤྲད་མེད་པ་མ་ཟད་བརྙན་སྒོའང་བརྒྱབ་ཡོད་འདུག

གསར་འགོད་པ་ཝོ་ནི་ཐོང་(Yvonne Tong) གིས། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཐའེ་ཝན་ལྷན་ཚོགས་ཁོངས་སུ་འཇུག་མིན་ཐད་བསྐྱར་ཞིབ་བྱ་རྒྱུ་ཡིན་མིན་དྲིས་པར། དང་ཐོག་བྷུ་རུ་སི་ཡེལ་ཝ་ཌིས་ལན་འདེབས་མ་བྱས་པར་ཁུ་སིམ་མེར་བསྡད་པ་དང་། དེ་ནས་དྲི་བ་གསལ་པོ་གོ་མ་བྱུང་ཞེས་བརྗོད་པ་མ་ཟད། གསར་འགོད་པས་ཡང་བསྐྱར་འདྲི་རྒྱུ་ཡིན་སྐོར་བརྗོད་སྐབས། བྷུ་རུ་སི་ཡིས། དྲི་བ་བསྐྱར་དུ་གཏོང་དགོས་མ་རེད། དྲི་བ་རྗེས་མ་དེ་གཏོང་རོགས། ཞེས་བརྗོད་ཡོད་པ་རེད།

གསར་འགོད་པས་མུ་མཐུད་ཐའེ་ཝན་གྱི་གནས་སྟངས་སྐོར་གླེང་སློང་བྱ་འདོད་ཡོད་སྐོར་བརྗོད་སྐབས། བྷུ་རུ་སི་ཡིས་འཕྲལ་མར་རང་གི་བརྙན་སྒོ་བརྒྱབ་ཡོད་འདུག དེའི་རྗེས་གསར་འགོད་པས་ཡང་བསྐྱར་བརྙན་ལམ་མཐུད་དེ། ཐའེ་ཝན་གྱིས་ཏོག་དབྱིབས་རིམས་ནད་འགོག་སྲུང་གི་བྱ་འགུལ་ཇི་འདྲ་སྤེལ་གྱི་ཡོད་མེད་དྲིས་པར་བྷུ་རི་སིས། ང་ཚོས་རྒྱ་ནག་སྐོར་བཤད་ཟིན། ཞེས་ལན་འདེབས་བྱས་ཡོད་པ་རེད།

སྤྱིར་འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༣༡ ཉིན་རྒྱ་ནག་གིས་ཏོག་དབྱིབས་ནད་ཡམས་ཀྱི་ཛ་དྲག་གནས་སྟངས་སྐོར་འཛམ་གླིང་ལ་ཡོངས་ཁྱབ་བྱས་ཡོད་པ་མ་ཟད། རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནང་ཉིན་རེར་ཏོག་དབྱིབས་ནད་གྲངས་འཕར་བཞིན་པའི་གནས་སྟངས་སོགས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་སྙན་གསེང་ཞུས་ཡོད་པ་རེད། རྒྱ་ནག་གི་སྨན་པ་དང་རྒྱལ་སྤྱིའི་སྨན་པ་སྐོར་ཞིག་གིས་ཏོག་དབྱིབས་ནད་ཡམས་འདི་ཉིད་འཛམ་གླིང་གི་ཛ་དྲག་འཕྲོད་བསྟེན་དཀའ་ངལ་ཞིག་ཡིན་པར་གསལ་བསྒྲགས་བྱེད་དགོས་པའི་བསམ་ཚུལ་བཏོན་ཡོད་ཀྱང་། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་དེ་ལྟར་བྱས་མེད་པ་མ་ཟད། ལྷན་ཚོགས་ཀྱི་ཚོགས་གཙོ་ཊེ་ཌོ་རོ་སི་ཨ་དྷ་ནོམ་ (Tedros Adhanom) གྱིས་སྣེ་འཁྲིད་པའི་ཆེད་འཛུགས་ཚོགས་ཆུང་རྒྱ་ནག་ལ་བསྐྱོད་དེ། རྒྱ་ནག་གི་གཞུང་འབྲེལ་མི་སྣར་ཐུག་འཕྲད་ཀྱིས་གནས་སྟངས་ལ་ཞིབ་འཇུག་བྱས་རྗེས། གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་རྒྱ་ནག་གིས་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་བྱ་འགུལ་ཚགས་ཚུད་སྤེལ་བཞིན་ཡོད་སྐོར་གྱི་བསྔགས་བརྗོད་ཤུགས་ཆེན་བྱས་ཡོད་པ་ཟད། ཕྱིས་སུ་ཏོག་དབྱིབས་ནད་ཡམས་འཛམ་གླིང་གི་ས་ཕྱོགས་གང་སར་ཁྱབ་སྟེ་ཅུང་ཛ་དྲག་ལྟ་བུ་ཆགས་སྐབས་ཀྱང་། རྒྱ་ནག་གི་ཐབས་བྱུས་ལ་བསྟོད་བསྔགས་བྱས་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༣༡ ཉིན་ཏོག་དབྱིབས་ནད་ཡམས་དེ་ཉིད་འཛམ་གླིང་གི་འཕྲོད་བསྟེན་ཛ་དྲག་གནས་སྟངས་ཤིག་ཏུ་ངོས་འཛིན་གསལ་བསྒྲགས་བྱེད་སྐབས་ཀྱང་། རྒྱ་ནག་ནང་གི་གནས་སྟངས་ལ་གཞིགས་ནས་གསལ་བསྒྲགས་བྱས་པ་ཞིག་མིན་སྐོར་བརྗོད་ཡོད་པ་རེད། སྐབས་དེར་དབྱེ་ཞིབ་པ་མང་པོས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་རྒྱ་ནག་ནས་གནོན་ཤུགས་ཆེན་པོ་སླེབས་ཀྱི་ཡོད་སྐོར་དང་། འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཆབ་སྲིད་འཁྲབ་ཀྱི་ཡོད་སྐོར་གྱི་སྐྱོན་བརྗོད་ཤུགས་ཆེན་བྱས་དང་བྱེད་བཞིན་ཡོད་པ་རེད།

དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༤ ཉིན་བརྒྱུད་ལམ་བཞི་པ་(Channel 4) ཞེས་པའི་གསར་ཁང་གིས་ལྷན་ཚོགས་དེའི་འགན་འཛིན་ལས་རོགས་བྷུ་རུ་སི་ལ་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་བཅར་འདྲི་བྱེད་སྐབས། ཁོ་པས་རྒྱ་ནག་ནང་དོགས་ཡོད་ནད་པ་རྣམས་ཉིན་གྲངས་ ༡༤ རིང་གི་ཟུར་བཅད་དུས་སྐབས་རིང་ལྟ་རྟོག་ལེགས་པོ་ཐོབ་ཡོད་སྐོར་དང་། ཏོག་དབྱིབས་ནད་པ་ཚོར་ལྟ་རྟོག་དང་སྨན་བཅོས་ལེགས་པོ་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་དེ། རྒྱ་ནག་གཞུང་གི་རིམས་འགོག་བྱ་འགུལ་ལ་བསྟོད་བསྔགས་ཤུགས་ཆེན་བྱས་ཡོད་འདུག ཡང་ཁོ་པས་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་། གལ་ཏེ་རང་ཉིད་ལ་ཏོག་དབྱིབས་ནད་ཡམས་འགོས་ཚེ། རྒྱ་ནག་ནང་སྨན་བཅོས་བྱ་རྒྱུ་ཡིན་སྐོར་ཡང་བརྗོད་ཡོད་འདུགའདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༣ ཉིན་ཨོ་སུ་ཀ་ཡིབ་(Osuka Yip )ཞེས་པ་ཞིག་གིས་ change.org ཐོག འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་འགན་འཛིན་ཊེ་ཌོ་རོ་སི་ཨ་དྷ་ནོམ་་གྱིས་འགན་འཛིན་གྱི་ལས་གནས་ནས་རྩ་དགོངས་ཞུ་དགོས་པའི་དྲ་ལམ་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་མགོ་བརྩམས་ཡོད་པ་དང་། དལྟའི་ཆར་ལས་འགུལ་དེར་མི་གྲངས་འབུམ་༦དང་ཕྱེད་ཀ་བརྒལ་བས་མཚན་རྟགས་བསྐྱོན་ཚར་ཡོད་པ་དང་། དམིགས་ཚད་མཚན་རྟགས་ས་ཡ་ ༡ ཟིན་མཚམས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་འབུལ་རྒྱུ་ཡིན་འདུག

ད་ལྟ་ཏོག་དབྱིབས་ནད་ཡམས་དེ་རྒྱ་ནག་ནས་ནུབ་གླིང་ཡུ་རོབ་དང་ཨ་རི་སོགས་སུ་འགོས་ཁྱབ་ཚབས་ཆེན་ཕྱིན་ཡོད་པ་དང་བསྟུན། རྒྱ་ནག་གཞུང་གིས་རང་ཁོངས་སུ་ཏོག་དབྱིབས་ནད་ཡམས་ཚོད་འཛིན་བྱས་ཐུབ་ཡོད་སྐོར་དང་། འདས་པའི་བདུན་ཕྲག་གཅིག་རིང་ཕྱི་ནས་འགོས་པའི་ནད་པ་མ་གཏོགས། རང་ཁོངས་སུ་བྱུང་མེད་སྐོར་བསྒྲགས་ཡོད་ཅིང་། རྒྱ་ནག་གི་སློབ་གྲྭ་དང་བཟོ་གྲྭ་མང་ཆེ་བ་བསྐྱར་དུ་སྒོ་ཕྱེ་བར་འབད་བཞིན་ཡོད་པ་རེད། དེ་ཙམ་དུ་མ་ཟད་ད་ལྟ་རྒྱ་ནག་གཞུང་གིས་ཨ་ཧྥེ་རི་ཁ་དང་། ཡུ་རོབ། ཨེ་ཤ་ཡའི་རྒྱལ་ཁབ་མི་ཉུང་བར་སྨན་པ་དང་། སྨན་བཅོས་འཕྲུལ་ཆས་སོགས་ཀྱི་རོགས་སྐྱོར་བྱས་ཏེ། འཛམ་གླིང་མི་མང་གི་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་རྒྱ་ནག་ལ་ལྟ་ཕྱོགས་བཟང་དུ་གཏོང་ཐབས་བྱེད་ཀྱི་ཡོད་སྐོར་དབྱེ་ཞིབ་པ་མང་པོས་བརྗོད་ཡོད་པ་རེད།

འདས་པའི་ལོ་ཤས་རིང་ནས་རྒྱ་ནག་གིས་ཐའེ་ཝན་དང་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་ཚོར་དཔལ་འབྱོར་སོགས་ཀྱི་བསླུ་བྲིད་བཏང་སྟེ། ཐའེ་ཝན་དང་ཕྱི་འབྲེལ་གཅོད་ཐབས་བྱེད་བཞིན་ཡོད་པ་མ་ཟད། བསྟུད་མར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐའེ་ཝན་གྱི་ཁ་བྲལ་སྟོབས་ཤུགས་ལ་རྒྱབ་སྐྱོར་བྱས་ཚེ། དེར་རྒྱ་ནག་གིས་བཟོད་བསྲན་བྱེད་ཐབས་མེད་སྐོར་དང་། ཐའེ་ཝན་དེ་མེས་རྒྱལ་དང་གཅིག་ཏུ་བསྒྲིལ་ཆེད་དམག་གི་སྟོབས་ཤུགས་བཀོལ་དགོས་བྱུང་ན་ཡང་བཀོལ་རྒྱུ་ཡིན་སྐོར་གྱི་འཇིགས་སྐུལ་ཡང་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་འདས་ལོར་ཨ་རིས་ཐའེ་ཝན་ལ་རྒྱལ་སྲུང་བདེ་འཇགས་ཀྱི་གོ་མཚོན་བཙོང་ཡོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་ཚད་མཐོའི་རྒྱབ་སྐྱོར་ཐོག་གཏན་འབེབ་བྱུང་བའི་ཐའེ་ཝན་གྱི་ཕྱི་འབྲེལ་ནུས་སྟོབས་གོང་འཕེལ་གཏོང་རྒྱུའི་ཁྲིམས་འཆར་(Taiwan Allies International Protection and Enhancement Initiative ACT) དེར། སྲིད་འཛིན་ཊོམ་ཕུ་མཆོག་ནས་མཚན་རྟགས་བསྐྱོན་ནས་ཁྲིམས་ཡིག་ཏུ་གཏན་འབེབ་གནང་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༢ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༤ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 0

  1. བསོད་ནམས་རྒྱལ་མཚན། says:
    ལོ་ 6 སྔོན།

    འ་ཛི། འཛམ་གླིང་རྒྱལ་སྤྱི་ཐབས་སྐྱོ་བ་ལ། རྒྱ་དམར་གྱི་གང་བྱེད་ ?

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese