མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ནང་ཁྱི་ཤ་ཞིམ་ཤ་ཟ་མི་ཆོག་པའི་ཁྲིམས་ཐོག་མ་དེ་བཟོས།

བོད་ཀྱི་དུས་བབ།
༢༠༢༠/༠༤/༠༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ཧྲིན་ཀྲིན་གྲོང་ཁྱེར་གྱིས་ཁྱི་དང་ཞི་མི་ཉོ་ཚོང་དང་ཟས་སུ་སྤྱོད་མི་ཆོག་པའི་ཁྲིམས་བཟོས་ཡོད་པ་དེར་རྒྱལ་སྤྱིའི་སྲོག་ཆགས་སྲུང་སྐྱོབ་ཚོགས་པའི་རི་སྐྱེས་སྲོག་ཆགས་ཚན་པས་བསྔགས་བརྗོད་བྱས།ཁ་སང་ཕྱི་ཚེས་ ༢ ཉིན་རོའུ་ཊར་སོགས་རྒྱལ་སྤྱིའི་གསར་ཁང་ཁག་གིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་གི་ཧྲིན་ཀྲིན་ (Shenzhen) གྲོང་ཁྱེར་ནང་རི་སྐྱེས་སྲོག་ཆགས་དང་ཁྱི་དང་ཞི་མི་སོགས་ཉོ་ཚོང་དང་ཟས་རིགས་སུ་སྤྱོད་མི་ཆོག་པའི་ཁྲིམས་གཏན་འབེབ་བྱས་ཡོད་འདུག་ལ། དེ་ནི་རྒྱ་ནག་ནང་ཁྱི་དང་ཞི་མི་སོགས་ཀྱི་ཤ་རིགས་སྤྱོད་མི་ཆོག་པའི་ཁྲིམས་གཏན་འབེབ་བྱེད་མཁན་གྲོང་ཁྱེར་དང་པོ་དེ་ཡིན་འདུག

ཧྲིན་ཀྲིན་གྲོང་ཁྱེར་གྱི་ཁྲིམས་ཡིག་དེའི་ནང་། གཞུང་གིས་སྲུང་སྐྱོབ་བྱེད་བཞིན་པའི་རི་སྐྱེས་སྲོག་ཆགས་དང་སྐམ་སའི་རི་སྐྱེས་སྲོག་ཆགས་ཏེ་སྤྲུལ་དང་རྩངས་པ་སོགས་དང་། དེ་བཞིན་ཁྱི་དང་ཞི་མི་བཅས་ཀྱི་ཤ་ཁ་ཟས་སུ་སྤྱོད་མི་ཆོག་པ་དང་། ཕག་པ་དང་བ་གླང་། ལུག་དང་བོང་བུ། རི་བོང་དང་ཁྱིམ་བྱ། ངང་བ་དང་བྱ་གག ཕུག་རོན་སོགས་ཀྱི་ཤ་ཟ་ཆོག་གི་ཡོད་སྐོར་བཀོད་འདུག་ལ། གལ་སྲིད་ཁྲིམས་འགལ་བྱེད་མཁན་ཡོད་ཚེ། སྲོག་ཆགས་དེའི་རིན་འབབ་རྒྱ་སྒོར་ཁྲི་ ༡ གི་སྒང་ཡིན་ན། སྲོག་ཆགས་དེའི་རིན་འབབ་ལས་ལྡབ་ ༣༠ ཡིས་ཉེས་ཆད་གཅོད་རྒྱུ་ཡིན་པ་དང་། ཁྲིམས་དེ་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡ ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་སྐོར་བཀོད་འདུག

ཧྲིན་ཀྲིན་གྱི་ནད་ཡམས་སྔོན་འགོག་དང་སྟངས་འཛིན་ཁང་གི་ལས་མི་ལོའུ་ཅན་ཕིན་(Liu Jianping) གྱིས། གསོ་བྱ་དང་སྒོ་ཕྱུགས། རྒྱ་མཚོ་ནས་བྱུང་བའི་ཉ་རིགས་ཀྱིས་མིའི་རིགས་ལ་འཚོ་བཅུད་ལེགས་པོ་སྤྲོད་ཀྱི་ཡོད་ཀྱང་། རི་སྐྱེས་སྲོག་ཆགས་ཀྱི་ཤ་རྣམས་གསོ་བྱ་དང་སྒོ་ཕྱུགས་ལས་ཟས་བཅུད་ཆེ་བ་ཡོད་པ་ཚན་རིག་གི་ཐོག་ནས་ར་སྤྲོད་བྱུང་མེད་སྐོར་བརྗོད་དེ་ཐག་གཅོད་དེར་རྒྱབ་སྐྱོར་ཡོད་སྐོར་བརྗོད་འདུག

རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་ནད་ཡམས་ནི་རི་སྐྱེས་སྲོག་ཆགས་ལས་བྱུང་ཡོད་པའི་གྲུབ་དོན་བཏོན་ཡོད་པ་དང་། ཏོག་དབྱིབས་ནད་རྟགས་ངོས་འཛིན་བྱུང་བའི་ནད་པ་སྔ་མ་རྣམས་ནི་རྒྱ་ནག་ཝུ་ཧན་གྲོང་ཁྱེར་གྱི་རི་སྐྱེས་སྲོག་ཆགས་ཁྲོམས་ར་སྟེ། ཕ་ཝང་དང་། སྤྲུལ། རུས་སྤལ། ཞི་མི་སོགས་ཉོ་ཚོང་བྱེད་སའི་ལྟེ་བ་དེའི་སྦྱིན་བདག་སོགས་ས་ཁུལ་ནས་ཡིན་པ་དང་། ནད་ཡམས་དེ་རྒྱ་ནག་ནང་ཁྱབ་བརྡལ་ཤུགས་ཆེན་ཕྱིན་པར་བརྟེན། རྒྱལ་ཡོངས་སུ་གནས་སྐབས་རིང་རི་སྐྱེས་སྲོག་ཆགས་ཉོ་ཚོང་དང་ཁ་ཟས་སུ་སྤྱོད་མི་ཆོག་པའི་བཀའ་རྒྱ་བསྒྲགས་ཡོད་པ་རེད།

རྒྱལ་སྤྱིའི་སྲོག་ཆགས་སྲུང་སྐྱོབ་ཚོགས་པའི་རི་སྐྱེས་སྲོག་ཆགས་ཚན་པའི་འགན་འཛིན་གཞོན་པ་ (Teresa M. Telecky) ཡིས་ཧྲིན་ཀྲིན་གྲོང་ཁྱེར་ནི་ཏོག་དབྱིབས་ནད་ཡམས་ལས་བསླབ་བྱ་ལེན་མཁན་གྱི་འཛམ་གླིང་གི་གྲོང་ཁྱེར་དང་པོ་དེ་ཡིན་པ་དང་། འབྱུང་འགྱུར་འཕྲད་སྲིད་པའི་ནད་ཡམས་གཞན་ལ་གཡོལ་བའི་དགོས་ངེས་ཀྱི་བཅོས་བསྒྱུར་བྱས་ཡོད་སྐོར་དང་། ཧྲིན་ཀྲིན་གྲོང་ཁྱེར་གྱིོ་རི་སྐྱེས་སྲོག་ཆགས་ཉོ་ཚོང་དང་ཟས་རིགས་སུ་མི་སྤྱོད་པའི་ཐག་གཅོད་དེ་ནི་འཛམ་གླིང་གི་སྲིད་གཞུང་གཞན་ཁག་གི་མིག་དཔེ་ལྟ་ས་ཞིག་ཡིན་སྐོར་ཀྱང་བརྗོད་འདུག

རི་སྐྱེས་སྲོག་ཆགས་མང་པོ་ཞིག་ནི་སྟོང་ཉེན་དུ་གྱུར་ཡོད་པ་དང་གོ་ལའི་འབྱུང་ཁམས་འཁྲུག་པར་འཇིགས་ཏེ། རྒྱལ་སྤྱིའི་སྒྲིག་འཛུགས་མང་པོས་འབྱུང་ཁམས་དང་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་ཐབས་སུ་ཁྲིམས་གཏན་འབེབ་བྱེད་པ་དང་། གོ་རྟོགས་སྤེལ་བ། ཆེད་དུ་སྲུང་སྐྱོབ་ས་ཁུལ་འཛུགས་པ་སོགས་བྱེད་ཀྱི་ཡོད་པ་རེད་ལ། ཁྱི་དང་ཞི་མི་གཉིས་ནི་འཛམ་གླིང་ཡོངས་སུ་ཁྱིམ་ཚང་དུ་གཅེས་ཉར་བྱས་པའི་སྲོག་ཆགས་མང་ཤོས་དེ་ཡིན་པ་རེད། ཨེ་ཤ་ཡའི་ནང་ཐའེ་ཝན་ནི་ཁྱི་དང་ཞི་མིའི་ཤ་རིགས་སུ་སྤྱོད་མི་ཆོག་པའི་ཁྲིམས་གཏན་འབེབ་བྱེད་མཁན་གྱི་རྒྱལ་ཁབ་ཐོག་མ་དེ་ཡིན་འདུག་ལ། རྒྱ་ནག་ནི་འཛམ་གླིང་གི་ཁྱི་ཤ་དང་ཞི་མིའི་ཤ་ཟ་མཁན་མང་ཤོས་གྲས་ཀྱི་གཅིག་ཡིན་པ་དང་། ལོ་རེར་ཁྱི་ས་ཡ་ ༡༠ ཙམ་དང་ཞི་མི་ས་ཡ་ ༤ ཙམ་ཉོ་ཚོང་བྱས་ཏེ་ཟས་སུ་སྤྱོད་ཀྱི་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

Mobile App

དཔལ་༧རྒྱལ་བ་ཀརྨ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་སུ་ཕེབས་འཆར་འདུག

ཆུ་ཚོད་ ༡༦ སྔོན་ལ།
རྩྭ་ཐང་བུ་མོའི་སློབ་གྲྭ། པར་དྲ་རྒྱ་ནས་བླངས།
Mobile App

རྒྱ་ནག་གི་མི་རིགས་རྒྱ་སྒྱུར་གྱི་སྲིད་ཇུས་འོག་ཏུ་བོད་སྐད་ཡིག་སློབ་གསོའི་སློབ་གྲྭ་གསུམ་སྒོ་བརྒྱབ་འདུག

ཆུ་ཚོད་ ༡༧ སྔོན་ལ།
Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

༢༠༢༦/༡༠/༡༨
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥

མཆན། 2

  1. རྟ་བདུན་དབང་བོ says:
    ལོ་ 7 སྔོན།

    ཞིམ་ཤ་ཟེར་ན་ཅི་རེད། བྱི་ལའི་ཤ་ཟེར་གྱི་ཡོད་དམ།

    Reply
  2. བསོད་ནམས་རྒྱལ་མཚན། says:
    ལོ་ 7 སྔོན།

    Wao ! ? Good News ? རྒྱ་ནག་མི་ལུས་འཐོབ་གྲབས་ཡོད་བཟོ་འདུག གཉིས་པ་དེ་་་ རི་སྐྱེས་སྲོག་ཆགས་སྟོང་ཉེན་ རྒྱལ་སྤྱིའི་སྲོག་ཆགས་སྲུང་སྐྱོབ་ཚོགས་པའི་རི་སྐྱེས་སྲོག་ཆགས་ཚན་པའི་འགན་འཛིན་ ད་བར་ག་པ་གཉིད་ཤོར་པ་རེད། ??? བོད་དུ་ རི་སྐྱེས་སྲོག་ཆགས་སྟོང་ལ་ཉེ། འཁོར་ཡུག་སྟོང་ལ་ཉེ། གཏེར་ཁ་སྟོང་ལ་ཉེ། ?

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese