མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་རང་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་གཙང་མ་མ་ཆགས་བར་དུ་གཞན་ལ་ཞིབ་འཇུག་བྱེད་པའི་ཐོབ་ཐང་མེད།

བོད་ཀྱི་དུས་བབ།
༢༠༢༠/༠༤/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ལྷན་ཚོགས་ཀྱི་གྲོས་མོལ་ཚོགས་ཆུང་ནང་བསྐོས་པར་སྐྱོན་བརྗོད་ཤུགས་ཆེན་གནང་།ཟླ་འདིའི་ཕྱི་ཚེས་ ༡ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ལྷན་ཚོགས་ཀྱི་གྲོས་མོལ་ཚོགས་ཆུང་ནང་དུ། རྒྱ་ནག་ཨེ་ཤ་ཡའི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་འཐུས་མིར་བསྐོས་ཡོད་པར་བརྟེན། ཨ་རིའི་གྲོས་ཚོགས་འཐུས་མི་དང་རྒྱལ་ཚོགས་གནད་དོན་ལྟ་ཞིབ་ཁང་སོགས་ནས་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་སོགས་རྡོག་རོལ་གཏོང་མཁན་སྡུག་ཤོས་ཤིག་རྒྱལ་ཚོགས་ཀྱི་ལས་དོན་ལྷན་ཚོགས་ཀྱི་གྲོས་མོལ་ཚོགས་ཆུང་ནང་བསྐོ་བཞག་བྱུང་བར་སྐྱོན་བརྗོད་གནང་གི་ཡོད་པ་མ་ཟད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་སོགས་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་གཞན་གྱི་ནང་རྒྱ་ནག་གཞུང་གིས་ཤུགས་རྐྱེན་སྤྲོད་བཞིན་པར་ཞིབ་འཇུག་དགོས་པའི་འབོད་སྐུལ་གནང་འདུག

དེའི་ཐད་ཇི་ནི་ཝར་རྟེན་གཞི་བྱས་ཡོད་པའི་རྒྱལ་ཚོགས་ལྟ་ཞིབ་ཁང་གི་འགན་འཛིན་ (Hillel Neuer) ལགས་ཀྱིས། དྲག་གནོན་དང་མི་སྤྱོད་ལས་འདས་པའི་སྲིད་བྱུས་ཅན་གྱི་རྒྱ་ནག་གཞུང་ལ་འཛམ་གླིང་ནང་དོན་མེད་འཛིན་བཟུང་བྱས་པ་དང་། གར་སོང་ཆ་མེད་དུ་གྱུར་བ། དེ་བཞིན་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་གི་གནས་བབ་ལ་རྟོག་ཞིབ་བྱེད་པའི་དབང་ཚད་སྤྲད་པ་ནི་མེར་སྲེག་གཏོང་འདོད་ཡོད་མཁན་ཞིག་སྡེ་བའི་མེ་གསོད་རུ་ཁག་གི་འགན་འཛིན་ལ་བསྐོས་པ་དང་གཅིག་མཚུངས་ཡིན་པ་རེད། ཅེས་བརྗོད་དེ། རྒྱ་ནག་ནི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་འཛིན་ལྷན་ཚོགས་ནང་བསྐོས་པ་ནི་གནས་ལུགས་དང་འགལ་ཡོད་པ་མ་ཟད་མི་སྤྱོད་ལས་འདས་པའི་ཐག་གཅོད་ཞིག་ཡིན་སྐོར་བརྗོད་འདུག

དེ་བཞིན་རྒྱལ་ཚོགས་ལྟ་ཞིབ་ཁང་གིས། རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཨན་ཊོ་ནཱོ་གྷ་ཊིར་ (Antonio Guterres) དང་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་མཱེ་ཤལ་བྷ་ཆཱེ་ཊི་ (Michelle Bachelet) གཉིས་ཀྱིས། རྒྱ་ནག་དེ་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ལས་འཛིན་པའི་ནང་བསྐོས་པར་ཡོངས་གྲགས་ཐོག་སྐྱོན་བརྗོད་གནང་དགོས་པར་མ་ཟད། རྒྱ་ནག་གི་གཙོས་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་དཀའ་སྡུག་མྱོང་བཞིན་པའི་གནོད་འཚེ་ཕོག་ཡུལ་གྱི་གང་ཟག་རྣམས་ལ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་འདུག་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཐག་གཅོད་དེར་མོས་མཐུན་གནང་བ་དེ་ནི་ཁྲིམས་ཀྱི་རང་བཞིན་ལ་སྣང་ཆུང་བྱས་ཡོད་སྐོར་བརྗོད་དེ་སྐྱོན་བརྗོད་གནང་འདུགཁ་སང་ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འཐུས་མི་(Chris Smith)ལགས་ཀྱིས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ལྷན་ཚོགས་ཀྱི་གྲོས་མོལ་ཚོགས་ཆུང་གིས་གསར་འགོད་རང་དབང་དང་མནར་གཅོད། ཁྲིམས་ལས་བརྒལ་བའི་ཐག་གཅོད་དང་གར་སོང་ཆ་མེད་སོགས་ཀྱི་གནད་དོན་ཐོག་ཞིབ་འཇུག་གི་ནུས་པ་གང་ལེགས་ཐོན་ཡོད་སྐོར་བརྗོད་ཡོད་པ་དང་འབྲེལ། རྒྱ་ནག་གཞུང་གི་འགྲོ་བ་མིའི་ཐོབ་ཐང་གི་ལོ་རྒྱུས་ཟིན་ཐོའི་ནང་བོད་བརྒྱུད་ནང་བསྟན་དང་ཆོས་འཁོར་རྩ་རླུང་སོགས་ཆོས་ལུགས་ཁག་དང་། ཡུ་གུར་བ་སོགས་གྲངས་ཉུང་མི་རིགས་ལ་བཙན་གནོན་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་ཡོད་པ་གསལ་པོ་མངོན་ཡོད་ལ། དོན་དངོས་ཀྱི་ཐོག་ནས་རྒྱ་ནག་གཞུང་གིས་ཆབ་སྲིད་བཙོན་པའི་ནང་ཁྲོལ་བཏོན་ཏེ་ནག་ཚོང་རྒྱག་གི་ཡོད་པའི་བདེན་དཔང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས། རྒྱ་ནག་རང་ཉིད་ཀྱི་ཟིན་ཐོ་གཙང་མ་མ་ཆགས་བར་དུ་རྒྱ་ནག་གཞུང་གི་མི་སྣ་ཞིག་གིས་རྒྱལ་ཁབ་གཞན་གྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བའི་གནད་དོན་ལ་ཞིབ་འཇུག་བྱེད་པའི་འོས་བབ་རྩ་བ་ནས་མེད་ཅེས་བརྗོད་འདུག་པ་མ་ཟད། རྒྱ་ནག་གཞུང་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་སོགས་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་གཞན་ལ་ཤུགས་རྐྱེན་སྤྲོད་བཞིན་ཡོད་པ་དེར་ཞིབ་འཇུག་དགོས་པའི་འབོད་སྐུལ་གནང་འདུག

གྲོས་མོལ་ཚོགས་ཆུང་དེའི་ཚོགས་ཞུགས་པ་ཚོས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བྱེད་ཕྱོགས་དང་འབྲེལ་ནས་ཨེ་ཤ་ཡའི་ནང་གི་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་སོགས་འགྲོ་བ་མིའི་ཐོབ་ཐང་ཐད་རྟོག་ཞིབ་བྱེད་ཀྱི་ཡོད་པ་དང་། སྙན་ཐོ་འདོན་པ་སོགས་ཀྱི་ཐག་གཅོད་བྱེད་ཕྱོགས་ལ་ཤུགས་རྐྱེན་ཆེན་པོ་སྤྲོད་ཐུབ་ཀྱི་ཡོད་འདུག་ལ། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་གི་གནས་སྟངས་ཐད་རྟོག་ཞིབ་གནང་མཁན་ཚོགས་ཆུང་གི་མི་སྣ་ ༡༧ ལྷག་འདེམས་སྒྲུག་བྱེད་རྒྱུའི་ཐོག་ཤུགས་རྐྱེན་སྤྲོད་ཐུབ་ཀྱི་ཡོད་འདུག

ཕྱི་ལོ་ ༢༠༡༨ ཟླ་ ༦ པའི་ནང་ཨ་རི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་ཕྱིར་བུད་ཡོད་པ་དང་། སྐབས་དེར་ཨ་རིའི་རྒྱལ་ཚོགས་ཀྱི་སྐུ་ཚབ་ལྕམ་ནི་ཁི་ཧ་ལེ (Nikki Haley) ཡིས། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དེ་ནི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་འགེབས་སྲུང་བྱེད་མཁན་ཞིག་དང་། ཆབ་སྲིད་ཀྱི་ཕྱོགས་རིས་ཆེ་བའི་རྫབ་དོང་ཞིག་ཡིན་སྐོར་བརྗོད་ཡོད་པ་རེད་ལ། ཨ་རིའི་རྒྱལ་སྲིད་དྲུང་ཆེ་མེག་ཕོམ་པེ་ (Mike Pompeo) ཡིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་འགྲོ་བཞིན་པར་འཐུས་ཤོར་བཏང་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་སྡུག་ཤོས་ཚོ་ལྷན་ཚོགས་ནང་ཡོད་པ་རེད། ཅེས་གསུངས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨

མཆན། 1

  1. བསོད་ནམས་རྒྱལ་མཚན། says:
    ལོ་ 6 སྔོན།

    O ho ! ? UN ?? is Corona Virus ? ☠️ ❗️? ? ? Thooo Thooo….. ?‍♂️

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese