མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་རིན་ཆེན་ཚུལ་ཁྲིམས་འཛིན་བཟུང་བྱས་ཏེ་གོ་ཐོས་མེད་པར་གྱུར།

བོད་ཀྱི་དུས་བབ།
༢༠༢༠/༡༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

རྔ་བ་རྫོང་སྣང་ཞིག་དགོན་པའི་དགེ་འདུན་པ་རིན་ཆེན་ཚུལ་ཁྲིམས་ལགས་འཛིན་བཟུང་བྱས་ཏེ་ལོ་ ༡ དང་ཕྱེད་ཀ་མ་ཟིན་ཙམ་ཕྱིན་ཡོད་ཀྱང་ད་དུང་ཁོང་གང་དུ་ཡོད་མེད་ཙམ་ཡང་ཤེས་རྟོགས་ཐུབ་ཀྱི་མེད་འདུག
དེ་རིང་འབྲེལ་ཡོད་ཅིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། བོད་རྔ་བ་རྫོང་ཁཱ་ཤུལ་སྡེ་བ་ནས་ཡིན་པའི་སྣང་ཞིག་དགོན་པའི་གྲྭ་རིན་ཆེན་ཚུལ་ཁྲིམས་ཞུ་བ་ཞིག འདས་ལོའི་ཕྱི་ཟླ་ ༨ ཚེས་ ༡ ཉིན་རྔ་བ་རྫོང་ཁོངས་ཀོར་མདོ་ས་ཚིགས་ནས་རྔ་བ་རྫོང་གི་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས། ཁོང་གང་དུ་ཡོད་མེད་ཀྱི་གནས་ཚུལ་ཙམ་ཡང་ཤེས་རྟོགས་མ་ཐུབ་པར་ལོ་གཅིག་དང་ཟླ་བ་ ༤ མ་ཟིན་ཙམ་ཕྱིན་འདུག

རྒྱ་གར་ཧི་མ་ཅལ་གྱི་སྦིར་བོད་མི་གཞིས་སྒར་དུ་གནས་སྡོད་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ཀྱི་གཅེན་མོ་ཀུན་བཟང་སྒྲོལ་མས་འདི་གའི་གསར་འགོད་པར། འདས་ལོའི་ཕྱི་ཟླ་ ༧ ཚེས་ ༢༧ ཙམ་ལ་ངེད་སྤུན་མཆེད་གཉིས་སྐད་འཕྲིན་བརྒྱུད་སྐད་ཆ་བཤད་པ་ཡིན། དེ་དུས་ཁོང་རང་དགོན་པ་ལ་འདུག འོན་ཀྱང་། ཉིན་ཤས་རྗེས་རྒྱ་གར་ལ་ཡོད་པའི་འབྲེལ་ཡོད་ཅིག་གིས་ངའི་གཅུང་པོ་རིན་ཆེན་ཚུལ་ཁྲིམས་འཛིན་བཟུང་བྱས་འདུག་ཅེས་བརྗོད་བྱུང་། འདས་ལོའི་ཕྱི་ཟླ་ ༨ ཚེས་ ༡ ཉིན་གྱི་དགོང་མོ་ཙམ་ལ་ཕྱི་ལོག་ནས་ཁ་ལག་བཟོས་ནས་ཕྱིར་ལོག་སྐབས་ཁོང་ཉེན་རྟོག་པས་བཙན་འཁྲིད་བྱས་འདུག ཅེས་བརྗོད་བྱུང་།

ཡང་ཁོང་མོས། སྤྱིར་ང་ཚོའི་ནང་མི་རྣམས་ཞིང་པ་ཡིན་སྟབས་ཁྲིམས་རྩོད་པ་བཙལ་ཏེ་ཡར་ཞུ་སོགས་གང་ཡང་ཤེས་ཀྱི་མ་རེད། ང་ལ་ཨ་ཞང་ཞིག་ཡོད་པ་དེ་ཁྲིན་ཏུའུ་སོགས་ལ་བལྟ་རུ་འགྲོ་སྐབས་གང་ཡང་ཤེས་རྟོགས་ཐུབ་མི་འདུག ཡང་འདི་ལོའི་ཕྱི་ཟླ་ ༣ པའི་ནང་རྔ་བ་རྫོང་གི་ཉེན་རྟོག་པས་ངའི་གཅུང་པོ་ཆུང་བ་ནོར་བུ་ཚེ་རིང་མངག་གཏོང་ཁང་ལ་འབོད་སྒུག་བྱས་ཏེ། རིན་ཆེན་ཚུལ་ཁྲིམས་ཀྱིས་རྒྱལ་ཁབ་ལ་ངོ་ལོག་བྱས་པའི་རྐྱེན་གྱིས་བཙོན་ཁང་ནང་ཡོད་པ་དང་། ཁོ་པར་ཅ་དངོས་ལྟ་བུ་སྤྲོད་དགོས་ཚེ་ཁོ་ཚོའི་ལག་ཏུ་འཇོག་དགོས་སྐོར་བཤད་འདུག་པ་དང་། བཙོན་ཁང་གང་དུ་ཡོད་མེད་དྲིས་པར་སྐབས་རེར་འབར་ཁམས་དང་། འབར་ཁམས་ཀྱི་གང་དུ་ཡོད་མེད་དྲིས་དུས་ཁྲིན་ཏུའུ་ལ་ཡོད་རེད་ཟེར་བ་ལྟ་བུ་བཤད་དེ་གསལ་པོ་གང་ཡང་བཤད་ཀྱི་མེད་པ་རེད། ཅེས་བརྗོད་བྱུང་ལ། རིན་ཆེན་ཚུལ་ཁྲིམས་ལགས་འཛིན་བཟུང་བྱས་པ་ནས་བཟུང་ཀུན་བཟང་སྒྲོལ་མ་ལགས་ཀྱིས་བོད་ནང་གི་ཁྱིམ་མི་ཚོར་འབྲེལ་བ་བྱེད་རྒྱུར་ཞེད་སྣང་སྐྱེ་ཡི་ཡོད་པ་དང་། ད་ལྟའི་ཆར་གཅུང་པོ་ཆུང་བ་ནོར་བུ་ཚེ་རིང་ལགས་ཀྱིས་ཕ་མ་གཉིས་ལ་ལྟ་སྐྱོང་བྱེད་ཀྱི་ཡོད་འདུག

མིང་བརྗོད་འདོད་མེད་པའི་དྷ་སར་གནས་སྡོད་འབྲེལ་ཡོད་ཅིག་གིས་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་བ་ལྟར་ན། ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་གཞུང་གི་ཉེན་རྟོག་པས་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ཀྱི་སྐད་འཕྲིན་ནང་སྔོག་བཤེར་བྱས་པ་བརྒྱུད། ཁོང་གིས་ཕྱི་ལོགས་ཀྱི་བོད་མི་ཁག་ཅིག་དང་མཉམ་དུ་བོད་དོན་གླེང་སློང་བྱས་ཡོད་སྐོར་ཉེས་འཛུགས་བྱས་ཏེ།  ཁོང་དང་ཁོང་གི་ནུ་བོ་ནོར་བུ་ཚེ་རིང་ཐེངས་གཉིས་ལ་འཛིན་བཟུང་བྱས་ཡོད་པ་དང་། སྐབས་དེར་རིན་ཆེན་ཚུལ་ཁྲིམས་ལགས་ཀྱི་སྐད་འཕྲིན་ཡང་བཀོལ་སྤྱོད་མི་ཆོག་པ་བཟོས་ཡོད་འདུག དེ་བཞིན་རྒྱ་ནག་གཞུང་གིས་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ཀྱིས་ཕྱི་ལོ་ ༢༠༡༩ ལོའི་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་སྐུའི་འཁྲུངས་སྐར་ཉིན། ཕྱི་རྒྱལ་ན་ཡོད་པའི་བོད་མི་ཞིག་དང་མཉམ་དུ་དུས་ཚོད་གཉིས་ལྷག་ལ་ཁ་པར་བརྒྱུད་ཁ་བརྡ་བྱས་ཡོད་ལུགས་ཀྱི་བརྒྱུད་རིམ་ཆ་ཚང་སྒྲ་འཇུག་བྱས་ཡོད་འདུག

གཞན་ཡང་། རྒྱ་ནག་གཞུང་གིས་རིན་ཆེན་ཚུལ་ཁྲིམས་ལགས་ཀྱིས་སྦྲག་ཁང་བརྒྱུད་ཕྱི་ལོགས་ནས་འབྱོར་བའི་དཔེ་ཆ་གལ་ཆེན་མང་པོ་ཞིག་བོད་ནང་གི་ས་ཆ་གང་མང་ལ་འགྲེམས་སྤེལ་བྱས་ཡོད་ལུགས་དང་། སྒེར་གྱིས་གཙོ་གཉེར་བྱས་པའི་ཆད་ལྟ་བ་ཞེས་པའི་རྩོམ་རིག་དྲ་ཚིགས་ནང་བོད་དོན་དང་འབྲེལ་བའི་རྩོམ་ཡིག་མང་པོ་ཞིག་སྤེལ་ཡོད་པའི་ཉེས་འཛུགས་བྱས་ཏེ་དྲ་ཚིགས་དེ་གཏན་དུ་སྒོ་བརྒྱབ་ཡོད་པ་དང་། དེ་བཞིན་རྒྱ་གར་དུ་ཡོད་པའི་གཅེན་མོ་ཀུན་བཟང་སྒྲོལ་མ་ཤེས་ཡོན་དང་འབྲེལ་བའི་ཚོགས་འདུ་ཁག་ལ་ཞུགས་པའི་འདྲ་པར་ཁག་རང་གི་སྐད་འཕྲིན་རྒྱབ་ལྗོངས་སུ་བཞག་པ་དག་ཀྱང་ཆབ་སྲིད་ལ་འབྲེལ་བ་ཡོད་སྐོར་ཉེས་འཛུགས་བྱས་ཡོད་འདུག

གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ནི་ཁཱ་ཤུལ་སྡེ་བའི་གཉེར་བ་ཚང་ཞེས་པའི་ཞིང་པའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། ད་ལྟ་རང་ལོ་ ༢༩ ཡིན་པ་དང་ཁོང་དགུང་ལོ་དྲུག་ཙམ་ནས་རྔ་ཡུལ་གྱི་བོན་དགོན་ཆེ་ཤོས་སྣང་ཞིག་དགོན་པར་ཆོས་ཞུགས་བྱས་ཏེ་སྔགས་ཀྱི་འཛིན་གྲྭར་ཐོན་ཡོད་འདུག ཁོང་གི་ཕ་མིང་ལ་བཀྲ་ཤིས་དོན་གྲུབ་དང་ལོ་ ༦༨ ཡིན་ཞིང་། མ་མིང་ལ་མཚོ་མོ་ཟེར་ཞིང་ལོ ༥༧ ཡིན་འདུག ཁོང་ལ་ཀུན་བཟང་སྒྲོལ་མ་ཚུད་པའི་ཕ་མ་གཅིག་གི་སྤུན་མཆེད་ ༥ ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

ཆུ་ཚོད་ ༡ སྔོན་ལ།
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

ཆུ་ཚོད་ ༢ སྔོན་ལ།
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

ཆུ་ཚོད་ ༢༣ སྔོན་ལ།
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

ཆུ་ཚོད་ ༢༣ སྔོན་ལ།
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

༢༠༢༦/༠༣/༡༧
སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

༢༠༢༦/༠༣/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese