མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧སྐུའི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་གྱི་བགྲོ་གླེང་དབུ་འཛུགས་ཞུས་སོང་།

བོད་ཀྱི་དུས་བབ།
༢༠༢༠/༡༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཡང་སྟེང་རིན་པོ་ཆེས་༧སྐུའི་ཐུགས་བསྐྱེད་དམ་བཅའ་བཞི་ནི་མིའི་རིགས་ཁྱོན་ཡོངས་ལ་ཁྱབ་པའི་ཤེས་རིག་གི་གསར་བརྗེ་ཆེན་པོ་ཞིག་དང་ཡང་ན་སེམས་ཁམས་ཀྱི་བྱམས་བརྩེའི་གསར་བརྗེ་ཆེན་པོ་ཞིག་ལ་ངོས་འཛིན་ཞུས་ན་ཞུས་དོན་ཐུབ་པའི་དོན་ཚན་ཚང་གི་ཡོད་པ་རེད་གསུངས།ཕྱི་ལོ་ ༢༠༢༠ ལོ་ནི་བོད་མིའི་སྒྲིག་འཛུགས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་གཙི་ཞུ་བཞིན་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག  དེ་རིང་ཕྱི་ཚེས་ ༤ ཉིན་ནས་ཕྱི་ཚེས་ ༡༡ བར་བདུན་ཕྲག་གཅིག་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་དང་། ཆོས་ལུགས་མཐུན་འབྲེལ། བོད་ཀྱི་རིག་གཞུང་དང་ཁོར་ཡུག་སྲུང་སྐྱོབ། རྒྱ་གར་གནའ་རབས་ཀྱི་རིག་གཞུང་བསྐྱར་གསོ་བཅས་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་གྱི་བགྲོ་གླེང་དབུ་འཛུགས་ཞུས་སོང་བ་དང་། བདུན་ཕྲག་གཅིག་རིང་གི་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་གྱི་བགྲོ་གླེང་སྟེང་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་དབུ་ཁྲིད་རྣམ་པ་དབུས་པའི་རྒྱལ་ཁབ་འདྲ་མིན་ ༡༩ ནས་མཁས་དབང་དང་ཤེས་ཡོན་མི་སྣ་གྲངས་ ༡༢༠ ནས་དྲ་ལམ་བརྒྱུད་སྐད་རིགས་བཅོ་ལྔའི་ཐོག་གསུང་བཤད་གནང་གི་ཡོད་འདུག

ལས་རིམ་གྱི་ཐོག་མར་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བགྲོ་གླེང་དབུ་འབྱེད་ཀྱི་གསུང་བཤད་གནང་སྐབས། ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་༧གོང་ས་མཆོག་གི་སྐུའི་དམ་བཅའ་བཞིའི་སྒང་ལ་མཁས་པ་ ༡༢༠ ཡིས་དུས་ཚོད་བཏོན་གནང་སྟེ་སྐུ་ལས་བསྐྱོན་པའི་ཐོག་ནས། ༧གོང་ས་མཆོག་གི་སྐུའི་དམ་བཅའ་བཞིའི་སྒང་ལ་བཀའ་སློབ་དང་དགོངས་ཚུལ་གསུངས་རྒྱུའི་འབད་བརྩོན་གནང་བར་བཀའ་དྲིན་ཆེ་ཞུས་པ་དང་སྦྲགས། ད་ལན་ང་ཚོས་༧སྐུའི་དམ་བཅའ་བཞིའི་སྒང་ལ་བགྲོ་གླེང་གནང་དགོས་དོན་ནི། བཀའ་ཤག་ནས་འདི་ལོ་བཀའ་དྲིན་རྗེས་དྲན་གྱི་ལོ་སྲུང་གཙི་ཞུ་རྒྱུ་ཡིན་ཞེས་ལས་གཞི་ཁག་མང་པོ་ཞིག་འཆར་གཞི་ཡོད་པ་དང་།  དེ་ཡང་ས་གནས་ས་ཐོག་གི་གཞིས་ཆགས་ཁག་དང་། སློབ་གྲྭ་ཁག དེ་བཞིན། ཕྱོགས་མཐའ་ཁག་ཏུ་ཡོད་པའི་བོད་མི་རྣམས་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་གཙོས་པའི་འཛམ་གླིང་ཡོངས་ནང་ལས་འཆར་འདི་ལག་བསྟར་བྱ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་ཀྱང་། ནད་ཡམས་ཀྱི་རྐྱེན་པས་ལས་འཆར་དེ་དག་དངོས་སུ་བྱུང་མ་ཐུབ་པར་ལྷག་བསྡད་ཡོད་པས། ད་ལན་དྲ་རྒྱ་བརྒྱུད་ནས་ལས་འགུལ་འདི་བྱ་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད། ཅེས་གསུངས་སོང་།ཡང་སྲིད་སྐྱོང་མཆོག་གིས། བཀའ་དྲིན་རྗེས་དྲན་གྱི་ལོ་འདིར་སྐུའི་དམ་བཅའ་བཞིའི་ཐོག་ལ་འཛམ་གླིང་ཡོངས་ནས་མཁས་པ་ཁག་དྷ་རམ་ས་ལར་གདན་འདྲེན་ཞུས་ཏེ། བགྲོ་གླེང་ལྷུག་པོ་གནང་བའི་ཐོག་༧གོང་ས་མཆོག་གི་སྐུའི་དམ་བཅའ་བཞི་ག་རེ་ཡིན་པ་ཤེས་པའི་ཐོག་ནས་འཛམ་གླིང་ཡོངས་ལ་ཁྱབ་པ་བྱ་དགོས་ཀྱི་འདུག གང་ཡིན་ཟེར་ན། ༧གོང་ས་མཆོག་གི་བཀའ་སློབ་འདི་དག་ང་ཚོས་རྟོགས་ཐུབ་པ་ཡིན་ན། དམ་བཅའ་བཞིའི་ནང་དུ་མི་གཅིག་ཡིན་པའི་ཆ་ནས་དང་། སྤྱི་ཚོགས། ནང་མི། རྒྱལ་ཁབ་དང་འཛམ་གླིང་ལ་ཕན་རྒྱུའི་བཀའ་སློབ་གནང་གི་ཡོད་རེད། དེར་བརྟེན། བཀའ་སློབ་འདི་ཉམས་ལེན་བྱ་རྒྱུ་གལ་ཆེན་པོ་ཡིན། ཞེས་དང་། ང་ཚོས་སྤོབས་པ་བྱས་ཏེ་ཡ་རབས་བཟང་སྤྱོད་དང་བྱམས་སྙིང་རྗེ་གོང་འཕེལ་གཏོང་དགོས་པ་དང་། བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཀྱི་ཆོས་དང་རིག་གཞུང་རྣམས་སྲུང་སྐྱོབ། ད་དུང་ཆོས་ལུགས་མཐུན་སྒྲིལ་དགོས་པ་དང་༧གོང་ས་མཆོག་གིས་ཨེ་ཤ་ཡ་ཙམ་མིན་པར་འཛམ་གླིང་རྒྱལ་ཁབ་ཡོངས་ལ་ཕན་ཐོགས་པའི་ཆེད་དུ་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་ནས་བཀའ་སློབ་ལམ་སྟོན་མང་པོ་གནང་གི་ཡོད་སྐོར་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁོར་ཡུག་གཟེངས་རྟགས་དང། ནོར་སྦེལ་ཞི་བདེའི་གཟེངས་རྟགས་སོགས་འཛམ་གླིང་ནང་སྙན་གྲགས་ཆེ་བའི་གཟེངས་རྟགས་མང་ཆེ་བ་༧གོང་ས་མཆོག་ལ་ཕུལ་ཡོད་པ་རྣམས་བོད་མི་ཚང་མས་མཁྱེན་པའི་སྒོ་ནས་༧གོང་ས་མཆོག་གི་མཛད་འཕྲིན་རྣམས་འཛམ་གླིང་ཡོངས་ལ་གོ་རྟོགས་སྤེལ་ཏེ་ཁྱབ་པ་བྱ་དགོས་པ་དེ་གལ་ཆེན་པོ་ཡིན་སྐོར། དེ་བཞིན་རྒྱ་གར་ནང་དཔལ་ན་ལཎྜའི་ལྟ་གྲུབ་བསྐྱར་གསོ་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།

དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་སྤྲུལ་སྐུ་རིན་པོ་ཆེ་མཆོག་གིས། སྤྱིར་བཏང་༧གོང་ས་མཆོག་ནས་ཐུགས་འགན་བཞིའི་སྐོར་ལ་བཀའ་སློབ་ལམ་སྟོན་ཡང་ཡང་གནང་གི་ཡོད། ཡིན་ནའང་ང་རང་ཚོའི་ངོས་ནས་ངོས་འཛིན་དང་གོ་བ་གང་འདྲ་ལེན་དགོས་ཀྱི་རེད་ཟེར་བ་དེ་ཡང་གལ་ཆེན་པོ་ཆགས་ཀྱི་འདུག  ༧གོང་ས་མཆོག་གི་ངོས་ནས་ཐུགས་འགན་བཞི་གང་ཡིན་ཡང་། ང་རང་ཚོའི་ངོས་ནས་འདི་ལམ་སྟོན་ཆེན་པོ་བཞི་ལ་བརྩི་དགོས་པ་དེ་གལ་ཆེན་པོ་ཞིག་རེད་བསམ་གྱི་ཡོད། དེ་ཡང་ཐུགས་འགན་དང་པོ་དེ་མིའི་རིགས་ཡོངས་རྫོགས་ལ་གནང་བསྡད་པའི་ལམ་སྟོན་ཆེན་པོ་ཞིག་ཆགས་ཀྱི་ཡོད། གཉིས་པ་དེ་འཛམ་གླིང་གི་ཆོས་ལུགས་པ་ཡོངས་རྫོགས་ལ་གནང་བའི་བཀའ་སློབ་ཅིག་ཆགས་ཀྱི་ཡོད་ལ། གསུམ་པ་དེ་བོད་མི་ཡོད་དོ་ཅོག་ལ་གནང་བའི་ལམ་སྟོན་བཀའ་སློབ་ཅིག་ཆགས་ཀྱི་ཡོད་པ་རེད། བཞི་པ་དེ་རྒྱ་གར་བ་ཡོངས་ལ་བསྩལ་བའི་བླང་དོར་ལམ་སྟོན་གྱི་བཀའ་སློབ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད། བོད་མི་ཚོར་བསྩལ་བའི་ལམ་སྟོན་བཀའ་སློབ་འདི་ཆེད་དུ་བོད་མི་རྣམས་ལ་ཡིན་ཡང་། བཀའ་སློབ་ཀྱི་ནང་དོན་རྣམས་འཛམ་གླིང་གི་མི་ཚང་མས་ཞུ་དགོས་པའི་དོན་དག་ཆགས་ཀྱི་འདུག  དེར་བརྟེན་ནང་དོན་ཕན་ཚུན་འདྲིས་ནས་ཡོད། ད་ལྟའི་གནས་སྐབས་ལ་༧གོང་ས་མཆོག་ནས་ཐུགས་འགན་བཞིའམ་ལམ་སྟོན་ཆེན་པོ་བཞི་ཕེབས་པ་འདི། མིའི་རིགས་ཁྱོན་ཡོངས་ལ་ཁྱབ་པའི་ཤེས་རིག་གི་གསར་བརྗེ་ཆེན་པོ་ཞིག་དང་། ཡང་ན་སེམས་ཁམས་ཀྱི་བྱམས་བརྩེའི་གསར་བརྗེ་ཆེན་པོ་ཞིག་ལ་ངོས་འཛིན་ཞུས་ན་ཞུས་དོན་ཐུབ་པའི་དོན་ཚན་ཚང་གི་ཡོད་རེད་སྙམ་གྱི་ཡོད། ཅེས་གསུངས་སོང་།མུ་མཐུད་ཡང་སྟེང་རིན་པོ་ཆེ་མཆོག་གིས། ༧གོང་ས་མཆོག་གི་ཐུགས་འགན་བཞི་སྟེ། འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་དང་ཆོས་ལུགས་མཐུན་སྒྲིལ་གོང་སྤེལ།  བོད་ཀྱི་རིག་གཞུང་དང་ཁོར་ཡུག་སྲུང་སྐྱོབ། རྒྱ་གར་གནའ་རབས་ཀྱི་རིག་གཞུང་བསྐྱར་གསོ་སོགས་ཀྱི་སྐོར་ལ་གསུང་བཤད་ལམ་སྟོན་རྒྱས་པར་གནང་ཡོད།  བོད་ཀྱི་ཆོས་དང་རིག་གཞུང་གསུངས་དུས་དེ་ནི་བོད་ཀྱི་བསམ་བློ་ཡིན་པ་དང་། བོད་ཀྱི་བསམ་བློ་འདི་བརླགས་པ་ཡིན་ན། བོད་མི་ཚོར་ཆ་མཚོན་ན་སྲོག་མེད་པ་དང་གཅིག་པ་རེད། ཤ་ཁྲག་གི་རྒྱུད་པ་དང་སྐད་ཡིག་ཟེར་བ་གང་ཡང་ལྷག་ཡོད་པ་མ་རེད། བོད་ཀྱི་ཆོས་དང་རིག་གཞུང་བརླགས་པ་ཡིན་ན་བོད་པར་ཉེན་ཁ་ཆེན་པོ་ཡིན་པ་ཙམ་མ་ཟད། འཛམ་གླིང་སྤྱི་ཡོངས་ཀྱི་ཤེས་རིག་དང་འཕེལ་རྒྱས། མིའི་རིགས་ཡོངས་རྫོགས་ལ་བདེ་སྐྱིད་བསྐྲུན་ཆེད་དུ་གྱོང་གུད་ཆེན་པོ་ཞིག་སྤྲོད་ཀྱི་ཡོད། གང་ཡིན་ཟེར་ན། བོད་ཀྱི་ཆོས་དང་རིག་གཞུང་གིས་འཛམ་གླིང་ཡོངས་རྫོགས་ལ་ཞབས་འདེགས་ཞུ་ཐུབ་ཀྱི་ཡོད། ཅེས་དང་། བོད་ཀྱི་ཆོས་དང་རིག་གཞུང། ཁོར་ཡུག་འདི་བོད་པ་ཙམ་དུ་མ་ཟད་འཛམ་གླིང་ཡོངས་ལ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་ལྟར། མིའི་རིགས་ཆ་ཚང་གིས་བདག་པོ་རྒྱག་དགོས་པ་ཞིག་ཆགས་ཀྱི་ཡོད་སྐོར་གསུངས་སོང་།

༧གོང་ས་མཆོག་གི་སྐུའི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་གྱི་དྲ་ཐོག་བརྙན་ལམ་བགྲོ་གླེང་དེ་རིང་ནས་དབུ་འཛུགས་ཀྱིས་བདུན་ཕྲག་གཅིག་རིང་བོད་མིའི་སྒྲིག་འཛུགས་ཀྱི་བརྙན་འཕྲིན་བརྒྱུད་རྒྱང་བསྲིང་གནང་གི་ཡོད་པ་ལྟར། ཉིན་རེར་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམ་པ་དང་ཆོས་བརྒྱུད་ཁག་གི་བླ་སྤྲུལ་རྣམ་པ། དེ་བཞིན། ཕྱི་རྒྱལ་ཡུལ་གྲུ་ཁག་གི་མཁས་པ་རྣམས་དུས་བགོ་ཡིས་བགྲོ་གླེང་གནང་འཆར་ཡོད་པ་རེད།

བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese