མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་ངོ་ས་ཡ་ ༤༧ གོང་དུ་བོད་ལ་ཚ་ཁུལ་གྱི་ནགས་ཚལ་ཆགས་མྱོང་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༢༠/༡༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཤི་ཧྲང་པན་ན་ཚ་ཁུལ་གྱི་རྩི་ཤིང་བརྟག་དཔྱད་ཁང་དང་སྒལ་རུས་ཅན་གྱི་སྲོག་ཆགས་དང་གདོད་མའི་མི་རིགས་ཞིབ་འཇུག་ལྟེ་གནས་ཁང་གཉིས་ཀྱིས་རྙེད་པའི་བོད་ཀྱི་འགྱུར་རྡོ་ལྟར་ན་ལོ་ངོ་ས་ཡ་ ༤༧ སྔོན་གྱི་བོད་མཐོ་སྒང་གི་མཐོ་ཚད་དེ་སྨི་ ༡༥༠༠ དང་སྤྱི་སྙོམས་གྲང་ཚད་ ༡༩ (celsius) ཙམ་ལས་མེད་པའི་ཚོད་དཔག་བྱས་འདུག

ཁ་སང་རྒྱ་ནག་གི་གཞུང་འབྲེལ་གོ་ལའི་བརྙན་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་རིགས་འགྱུར་རྡོ་བརྟག་དཔྱད་བྱེད་མཁན་སྐོར་ཞིག་གིས་བོད་ཀྱི་ས་ཁུལ་ནས་རྙེད་པའི་འགྱུར་རྡོ་ལ་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད། བོད་མཐོ་སྒང་ལ་ལོ་ས་ཡ་ ༤༧ སྔོན་ནས་ཚ་ཁུལ་གྱི་ནགས་ཚལ་(subtropical forest)ཆགས་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག

ད་ཐེངས་ཀྱི་གྲུབ་དོན་སྙན་ཐོ་འབྲི་མཁན་དང་ཞིབ་འཇུག་པ་སུ་ཐའོ་(Su Tao) ཡིས། ང་ཚོས་འདས་པའི་ལོ་ ༥ རིང་གསར་རྙེད་བྱས་པའི་གྲུབ་འབྲས་སུ། ང་ཚོར་ལོ་མ་དང་། མེ་ཏོག ཤིང་ཏོག རྩི་ཤིང་གི་རྩ་བ་སོགས་སྐྱེས་དངོས་རིགས་ཀྱི་འགྱུར་རྡོ་ཕོན་ཆེན་པོ་རྙེད་ཡོད་པ་དང་། དེའི་ཐོག་ད་དུང་ཉ་དང་བྱ་སྒྲོའི་འགྱུར་རྡོ་ཡང་རྙེད་ཡོད། ང་ཚོར་བཟོ་དབྱིབས་འདྲ་མིན་ ༧༠ ལྷག་ཡོད་པའི་རྩི་ཤིང་གི་འགྱུར་རྡོ་ཆིག་སྟོང་ལྷག་ཐོབ་ཡོད། དེ་དག་ཀྱང་སྣ་ཚོགས་པ་རེད། ཅེས་བརྗོད་འདུག

ད་ཐེངས་ཀྱི་ཚན་རིག་ཞིབ་འཇུག་དེ་རྒྱ་ནག་གཞུང་གི་ཚན་རིག་ཁང་ (Chinese Academy of Sciences) གི་ཁྱབ་ཁྱོངས་སུ་ཡོད་པའི་ཤི་ཧྲང་པན་ན་ཚ་ཡུལ་གྱི་རྩི་ཤིང་བརྟག་དཔྱད་ཁང་ (Xishuangbanna Tropical Botanical Garden) དང་། སྒལ་རུས་ཅན་གྱི་སྲོག་ཆགས་དང་གདོད་མའི་མི་རིགས་ཞིབ་འཇུག་ལྟེ་གནས་ཁང་ (Institute of Vertebrate Paleontology and Paleoanthropology) གཉིས་ཀྱིས་མཉམ་འབྲེལ་ཐོག་བསྒྲུབས་པ་ཞིག་ཡིན་པ་དང་། གྲུབ་དོན་སྙན་ཐོ་དེ་ཨ་རིའི་རྒྱལ་ཡོངས་ཚན་རིག་ཁང་གི་དུས་དེབ་ཐོག་བཀོད་སྤེལ་ཡོད་འདུག

འགྱུར་རྡོ་དབྱེ་ཞིབ་པས་བརྗོད་པ་ལྟར་ན། ད་ལན་རྙེད་སོན་བྱུང་བའི་རྩི་ཤིང་གི་འགྱུར་རྡོ་ཕལ་ཆེ་བ་ད་ལྟ་གོ་ལའི་དམར་ཐིག་(Equator)དང་ཉེ་བའི་ཁུལ་(Tropical) དུ་ཡོད་པའི་སྐྱེ་དངོས་དང་འདྲ་བས། ད་ལྟ་བོད་མཐོ་སྒང་དེ་གྲང་ངར་ཆེ་ཡང་།  ལོ་ངོ་ས་ཡ་ ༤༧ སྔོན་དུ་བོད་ནང་ཚ་ཁུལ་གྱི་ནགས་ཚལ་བྱུང་ཡོད་པའི་སྡོམ་ཚིག་བཀོད་འདུག་ལ། ཞིབ་འཇུག་པས་འཚོལ་རྙེད་རྣམས་གཅིག་ཏུ་བསྡུས་ཏེ་ལོ་ངོ་ས་ཡ་ ༤༧ སྔོན་གྱི་བོད་མཐོ་སྒང་གི་མཐོ་ཚད་དེ་སྨི་ ༡༥༠༠ དང་སྤྱི་སྙོམས་གྲང་ཚད་དེ་ ༡༩ (celsius) ལས་མེད་པའི་ཚོད་དཔག་བྱས་ཡོད་འདུག

འགྱུར་རྡོ་དབྱེ་ཞིབ་པ་སུ་ཐའོ་ཟེར་བ་དེས། ད་ཐེངས་ཀྱི་གསར་རྙེད་འདིས་བོད་མཐོ་སྒང་གི་སྣ་མང་རང་བཞིན་ལ་སྒོ་མོ་གསར་པ་ཞིག་ཕྱེས་ཡོད་ལ། རྩི་ཤིས་ཀྱི་འགྱུར་རྡོས་མཚོན་ཐུབ་པ་ནི། བོད་མཐོ་སྒང་གིས་ཨེ་ཤ་ཡ་ཙམ་དུ་མ་ཟད་གོ་ལའི་བྱང་ཕྱོགས་ཁུལ་དུ་སྣ་མང་རང་བཞིན་གྱི་རྩི་ཤིང་ཆགས་རྒྱུར་ཤུགས་རྐྱེན་གང་འཚམ་བྱིན་ཡོད་སྐོར་ཡང་བརྗོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༣།༢༦ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ལས་ཀ་ག་རེ་བྱས་ནའང་མདུན་སྐྱོད་དེ་གལ་ཆེན་པོར་རྩིས་ནས་འདས་པའི་ལོ་ལྔའི་རིང་ཕྱག་ལས་གནང་བ་ལྟར་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུངས་འདུག

ཆུ་ཚོད་ ༥ སྔོན་ལ།
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
Mobile App

བོད་ལྗོངས་དམངས་འཐུས་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ཀྱི་གནས་ཚུལ་ཞུ་གཏུག་བྱས།

ཆུ་ཚོད་ ༥ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས།

༢༠༢༦/༠༢/༢༤
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༢/༢༤
༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འཇོག་གནང་མཛད། ༢༠༢༢།༡།༣  དུས་བབ་ཀྱི་པར།
Mobile App

རྒྱ་བལ་གནས་ཆེན་ཁག་གི་བོད་བརྒྱུད་ནང་བསྟན་གྱི་གཟི་འོད།

༢༠༢༦/༠༢/༢༤
ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

༢༠༢༦/༠༢/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese