མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་འཛིན་ཊོམ་ཕུ་མཆོག་གིས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན།

བོད་ཀྱི་དུས་བབ།
༢༠༢༠/༡༢/༢༨
Share on FacebookShare on TwitterShare on EmailShare on Whatsapp

སྲིད་འཛིན་ཊོམ་ཕུ་མཆོག་གིས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན་ཏེ་༧གོང་ས་མཆོག་ཡང་སྲིད་ངོས་འཛིན་གྱི་འགན་དབང་གཙོས་པའི་ཆོས་དད་རང་དབང་དང་བོད་ཀྱི་ཆུ་དང་ཁོར་ཡུག་སོགས་བོད་དོན་ལ་རྒྱབ་སྐྱོར་སྔར་ལྷག་བྱེད་རྒྱུ་ཡིན་འདུགརྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་རྩིས་ལོ་ ༢༠༢༡ ལོའི་ཨ་རིའི་སྔོན་རྩིས་ཁྲིམས་འཆར་ཁག་ལ་མཚན་རྟགས་བསྐྱོན་པ་དང་བསྟུན། ཨ་རིའི་སྔོན་རྩིས་ཀྱི་ཁོངས་སུ་མཉམ་སྦྱར་ཡོད་པའི་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དངོས་སུ་ཨ་རིའི་ཁྲིམས་ལ་བཟོས་ཡོད་པ་རེད།

གནས་ཚུལ་འདི་དང་འབྲེལ་ནས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། སྲིད་འཛིན་ཊོམ་ཕུ་མཆོག་གིས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན་འདུག ༧གོང་ས་མཆོག་དང་བོད་མི་རྒན་རབས་པ་རྣམ་པ། དེ་བཞིན། བོད་ནང་གི་བོད་མི་ས་ཡ་དྲུག་གིས་སྐུ་ངལ་བསྐྱོན་པའི་བཀའ་དྲིན་ལ་བརྟེན་ནས། བོད་དོན་ཐོག་ལོ་རྒྱུས་རིང་བཞིན་ལྡན་པའི་ཁྲིམས་འཆར་ཞིག་གཏན་འབེབས་བྱུང་སོང་། ཞེས་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཞོན་བུ་ཆུང་ཚེ་རིང་གཉིས་ཀྱིས། ཁྲིམས་འཆར་འདིའི་འཕེལ་རིམ་སྐོར་ལ་ངོ་སྤྲོད་གནང་སྐབས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དེ་ཕྱི་ལོ་ ༡༩༨༨ ལོ་ནས་༧གོང་ས་མཆོག་གི་བཀའ་དགོངས་དང་རླབས་ཆེན་གྱི་མཛད་པ་ཁག་སྒྲུབ་རྒྱུའི་ཆེད་དུ་བཙུགས་པ་དང་། དུས་དེ་ནས་བཟུང་ནས་༧གོང་ས་མཆོག་གི་སྐུ་ཚབ་དང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པའི་ཕྱག་ལས་ལ་གང་ཐུབ་ཀྱིས་རྒྱབ་སྐྱོར་ཞུས་ཡོད། འདས་པའི་ལོ་ཁ་ཤས་རིང་ཕྱི་ལོ་ ༢༠༠༢ ལོའི་བོད་ནང་འཛིན་པའི་ཁྲིམས་དང་ཕྱི་ལོ་ ༢༠༠༧ ལོར་༧གོང་ས་མཆོག་ལ་གསེར་གྱི་གཟེངས་རྟགས་འབུལ་བཞེས། དེ་བཞིན། ཕྱི་ལོ་ ༢༠༡༨ ལོར་བོད་ནང་འགྲོ་འོང་འདྲ་མཉམ་གྱི་སྲིད་བྱུས་དང་ཕྱི་ལོ་ ༢༠༢༠ ལོར་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་སོགས་གཏན་འབེབས་བྱེད་ཐུབ་པ་བྱུང་ཡོད། དེ་ཚོ་ཚང་མ་ཨ་རིའི་བོད་དོན་རྒྱབ་སྐྱོར་བ་དང་ཨ་རིའི་ནང་འཕེལ་བཞིན་པའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ཚང་མས་སྐུ་ལས་བསྐྱོན་པའི་ཐུན་མོང་གི་གྲུབ་འབྲས་ཤིག་ལ་ངོས་འཛིན་བྱེད་དགོས་ཡོད། ཅེས་དང་། ཁྲིམས་འདིའི་ཐོག་ནས་བོད་ནང་གི་ཆོས་དད་རང་དབང་དང་༧གོང་ས་མཆོག་གི་ཡང་སྲིད་སོགས་ཨ་རིའི་ཁྲིམས་ལ་བཟོས་ཏེ། ༧གོང་ས་མཆོག་གི་བཀའ་དགོངས་ལྟར་གནང་གི་ཡོད་སྐོར་དང་། དེ་བཞིན་བོད་ཀྱི་ཆུ་བོ་ཁག་དང་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་སྲིད་བྱུས་སོགས་ཁྲིམས་དེའི་ནང་གསལ་ཡོད་སྐོར་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་ཞེས་པ་ཨ་རིའི་གྲོས་ཚོགས་ནང་ཚད་མཐོའི་རྒྱབ་སྐྱོར་ཐོབ་སྟེ་གཏན་འབེབ་བྱུང་ཡོད་པ་དང་།  ཤོག་ངོས་ ༢༡ ཅན་གྱི་ཁྲིམས་ཡིག་དེའི་ནང་༧གོང་ས་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་འགན་དབང་མགོན་པོ་གང་ཉིད་མཆོག་དང་བོད་མི་ཚོར་ཡོད་པ་དང་། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་འདེམས་སྲོལ་སྔར་རྒྱུན་བཞིན་བོད་མི་དང་། མགོན་པོ་གང་ཉིད་མཆོག་གི་ལམ་སྟོན་གཞིར་བཟུང་བྱ་རྒྱུ་ལས་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱས་མི་ཆོག་པ་དང་། རྒྱ་ནག་གི་མགོ་འཁྲིད་སུ་ཞིག་གིས་༧གོང་ས་མཆོག་གི་ཡང་སྲིད་བསྐོ་བཞག་གི་བྱ་སྤྱོད་སྤེལ་ཚེ། ཨ་རིའི་གཞུང་ནས་ཁོ་ཚོའི་རྒྱུ་དངོས་དང་ཨ་རིར་ཡོང་རྒྱུ་བཀག་འགོག་བྱ་རྒྱུ་མ་ཟད། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་ལ་ཐེ་གཏོགས་བྱ་རྒྱུ་མཚམས་འཇོག་དང་བོད་མི་ཚོས་༧གོང་ས་མཆོག་གི་ཡང་སྲིད་འདེམས་སྒྲུག་གི་རང་དབང་སྲུང་སྐྱོབ་སླད་ཨ་རིའི་གཞུང་གིས་རྒྱལ་སྤྱིའི་རྒྱབ་སྐྱོར་འཐོབ་ཐབས་བྱ་རྒྱུ་ཡིན་པ་རེད།

དེ་བཞིན། བོད་རྒྱ་འབྲེལ་མོལ་ཡོང་ཐབས་དང་། བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཡན་ལག་མ་བཙུགས་གོང་ཨ་རིར་རྒྱ་ནག་གཞུང་ཚབ་ཡན་ལག་གསར་པ་འཛུགས་མི་ཆོག་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་དང་འབྲེལ། བོད་ཕྱི་ནང་གཉིས་ལ་དཔལ་འབྱོར་རོགས་དངུལ་གྱི་སྔོན་རྩིས་དང་། སློབ་ཡོན་རོགས་དངུལ་སོགས་ཕྱི་ལོ་  ༢༠༢༥ བར་གཏན་འབེབས་གནང་འདུག་པ་མ་ཟད། བོད་ཀྱི་ཆུ་དང་ཁོར་ཡུག་སྲུང་སྐྱོབ་དང་དམངས་གཙོའི་ལམ་སྲོལ་ལས་གྲུབ་པའི་བོད་མིའི་སྒྲིག་འཛུགས་ནི་བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་བྱ་རྒྱུ་ཡིན་པའི་དོན་ཚན་གསར་པ་གཉིས་ཁ་སྣོན་བྱས་ཡོད་པ་རེད།

སྤྱིར་བཏང་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་དེ་འདས་ལོའི་ཕྱི་ཟླ་ ༩ ཚེས་ ༡༣ ཉིན་ཐོག་མར་ཨ་རིའི་གྲོས་ཚོགས་འཐུས་མི་ཇིམ་སི་མེག་གྷོ་ཝན་(James McGovern) ལགས་ཀྱིས་བཏོན་གནང་ཞིང་། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༡ ཉིན་འོག་མའི་ནང་རྒྱབ་སྐྱོར་ཐོབ་ཡོད་ནའང་། རྒྱ་ནག་གི་ཏོག་དབྱིབས་གཉན་རིམས་རྐྱེན་བྱས་ཏེ། ཟླ་འདིའི་ཕྱི་ཚེས་ ༢༢ བར་གྲོས་ཚོགས་གོང་མའི་ནང་གཏན་འབེབ་བྱེད་ཐུབ་མེད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༦ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༦ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༨ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese