མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་ཉིན་གསུམ་རིང་གི་ཤེས་རབ་སྙིང་པོའི་བཀའ་ཆོས་དབུ་འཛུགས་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ཀོ་རི་ཡའི་ནང་པ་ཚོར་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་སེམས་ཀྱི་ཉམས་ལེན་ཐོག་ནས་ཆགས་སྡང་གི་ཉོན་རྨོངས་མཚོན་པའི་ཉོན་རྨོངས་ཤུགས་ཆུང་ངུར་གཏོང་དགོས་ཀྱི་ཡོད་ཅེས་གསུངས། ཀོ་རི་ཡའི་ནང་པའི་དད་ལྡན་དོན་གཉེར་བ་ཚོས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། དེ་རིང་ཕྱི་ཚེས་ ༥ ནས་ ༧ བར་ཉིན་གྲངས་གསུམ་རིང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད་ཤེས་རབ་སྙིང་པོའི་བཀའ་ཆོས་དབུ་འཛུགས་གནང་སོང་བ་དང་། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་ང་རང་ཚོ་མིའི་འཚོ་བའི་རྩ་བ་ནི་བྱམས་བརྩེ་ཡིན་པས་བྱིས་པ་ཆུང་དུས་ནས་བྱམས་བརྩེ་སློབ་འཁྲིད་གནང་རྒྱུ་གལ་ཆེན་ཡིན་ཞེས་གསུངས།

གསུང་ཆོས་དབུ་འཛུགས་ཀྱི་ཐོག་མར་༧གོང་ས་མཆོག་གིས། དེ་རིང་ཀོ་རི་ཡའི་ཆོས་གྲོགས་ཚོར་ཉིན་གསུམ་རིང་ཤེས་རབ་སྙིང་པོ་འགྲེལ་བཤད་བསྐྱོན་རྒྱུའི་གོ་སྐབས་བྱུང་བ་ནི་བསྐལ་བ་བཟང་པོ་ཡིན་པའི་འཚམས་འདྲི་དང་སྦྲགས། སྔོན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པའི་ཤེས་རབ་ཟེར་བ་ནི་སངས་རྒྱས་པའི་ཆོས་ནང་གི་དད་པ་གཅིག་པུ་མ་ཡིན་པར་གཙོ་བོ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བསམ་བློ་བཏང་ནས། དད་པ་དང་ཤེས་རབ་གཉིས་ལས་གཙོ་བོ་ཤེས་རབ་རེད། དད་པ་དེ་ཡང་ཤེས་རབ་ཀྱིས་བགྲང་བའི་དད་པ་ཞིག་དགོས་ཀྱི་ཡོད། སྤྱིར་བཏང་དད་པ་ལ་དབང་རྟུལ་དད་པའི་རྗེས་འབྲང་དང་དབང་སྣོན་ཆོས་ཀྱི་རྗེས་འབྲང་ཞེས་བཤད་རྒྱུན་ཡོད་པ་རེད། ད་ལྟ་ང་ཚོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟེར་བའི་སྐབས་ཀྱི་ཤེས་རབ་དེ་དབང་སྣོན་ཆོས་ཀྱི་རྗེས་སུ་འབྲངས་ཏེ། རྒྱུ་མཚན་ལྡན་པ་དང་དངོས་ཡོད་གནས་ཚུལ་གང་ཡིན་ལ་ཤེས་རབ་ཀྱིས་དཔྱད་པ་བཏང་ནས་ཤེས་པར་བྱ་བ་ཞིག་ཡིན། དེར་བརྟེན། སངས་རྒྱས་བཅོམ་ལྡན་འདས་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །སྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། ། གསུངས་ཡོད་པ་དེར་ནུས་པ་ཆེན་པོ་འདུག ཅེས་གསུངས།

ཡང་མགོན་པོ་གང་ཉིད་མཆོག་གིས། ང་རང་ཚོ་བྱིས་པ་སྐྱེས་པའི་སྐབས་ནས་བཟུང་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་ཡིན་པ་འགྲེལ་བཤད་རྒྱག་མི་དགོས་པ་ཞིག་རེད། ང་ཚོར་རིང་བཞིན་གྱིས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཡོད་ཡོད་པ་རེད། བདེ་བའི་རྩ་བ་བྱམས་བརྩེ་ཡིན་པ་དང་བུ་གུ་སྐྱེས་མ་ཐག་ནས་མའི་བྱམས་བརྩེའི་འོག་ནས་འཚོ་ཡི་ཡོད། བུ་གུར་ལྟོ་ཆས་སྤྲད་པ་ཙམ་མ་ཡིན་པར་ཨ་མའི་འོ་མ་སྤྲོད་དགོས་པ་དང་ཨ་མའི་འོ་མ་དེ་བྱམས་བརྩེའི་འབྲས་བུ་ཡིན། དེར་བརྟེན། ང་ཚོའི་མི་ཚེ་མགོ་ས་དེ་བྱམས་བརྩེའི་འོག་མགོ་རྩོམ་གྱི་ཡོད། ཆོས་ཀྱི་སྐད་ཆ་མ་ཡིན་པར་སེམས་ཅན་དུད་འགྲོ་ཚོའི་བར་མ་དང་བུའི་བརྩེ་བ་རིང་བཞིན་གྱི་ཡོང་གི་ཡོད། ང་ཚོ་མིའི་ལུས་རྟེན་གྱི་མཚོན་པའི་སྲོག་ཆགས་མང་པོ་ཞིག་མའི་བརྩེ་བའི་འོག་འཚོ་བསྡད་ཡོད་པ་དང་མའི་བརྩེ་བ་མེད་ཚེ་སྲོག་ཆགས་ཚོའང་འཚོ་ཐབས་མེད། བུ་གུ་ལོ་བཞི་ལྔ་ཡིན་དུས་ནང་ཁུལ་ལ་མི་རིགས་དང་ཆོས་ལུགས་སོགས་ཀྱི་དབྱེ་བ་མེད་པར་སྐྱིད་པོ་ཞེ་དྲགས་ཡོད་པ་རེད། དེ་ནས་སློབ་གྲྭར་ཞུགས་པ་དང་སློབ་གྲྭས་བྱམས་བརྩེ་གལ་ཆེན་པོ་ཡིན་པའི་དམིགས་བསལ་སློབ་འཁྲིད་བྱེད་ཀྱི་མེད་པ་དང་། སློབ་གྲྭའི་ནང་ནས་བུ་གུ་ཚོར་མི་རིགས་དང་ཆོས་ལུགས། དབུལ་བོ་དང་ཕྱུག་པོ་སོགས་ཀྱི་དབྱེ་བ་བསླབ་ཡོང་གི་ཡོད་པ་རེད། ང་རང་ཚོ་མིའི་འཚོ་བའི་རྩ་བ་ནི་བྱམས་བརྩེ་ཡིན་ཡང་ད་ལྟ་བསླབ་བསྡད་པའི་སློབ་ཚན་ནང་བྱམས་བརྩེ་མེད་པ་རེད། དེར་བརྟེན། བྱམས་བརྩེ་ནི་ཆོས་ཀྱི་སྐད་ཆ་མ་ཡིན་པར་སློབ་ཚན་ཏུ་འཁྲིད་རྒྱུ་གལ་ཆེན་པོ་ཡིན། ཞེས་གསུངས།

དེ་རྗེས་དྲི་བ་དྲིས་ལན་སྐབས་ནང་ཆོས་དང་ཚན་རིག་གི་དམིགས་ཡུལ་མི་འདྲ་དོན་གང་ཡིན་དྲིས་པར་ཁོང་གིས། ང་ཚོས་གློ་བུར་དུ་ནང་ཆོས་དང་ཚན་རིག་གི་དམིགས་ཡུལ་མི་འདྲ་ཞེས་བཤད་ཆོག་གི་ཡོད། ནང་ཆོས་ཀྱིས་སེམས་ཁམས་རིག་པ་གཙོ་བོ་བཤད་ཀྱི་ཡོད་པ་དང་། ཚན་རིག་གིས་དངོས་ཁམས་རིག་པ་གཙོ་བོ་བཤད་ཀྱི་ཡོད། འོན་ཀྱང་། ཞིབ་ཚགས་པོའི་ཐོག་ནས་བསམ་བློ་བཏང་བ་ཡིན་ན། ནང་ཆོས་ཀྱིས་སེམས་ཀྱི་ཞི་བདེ་བསྐྲུན་གྱི་ཡོད་པ་དང་། ད་ལྟའི་བར་དེང་རབས་ཚན་རིག་གིས། ཕྱི་དངོས་པོ་ཙམ་མ་གཏོགས་ནང་སེམས་ཁམས་རིག་པའི་སྐོར་ལ་དོ་སྣང་དེ་ཙམ་བྱས་མེད་མོད། ད་ལྟ་རིམ་བཞིན་དུ་ཚན་རིག་པས་ཀྱང་སེམས་ཁམས་རིག་པའི་ཐོག་དོ་སྣང་ཆེ་རུ་ཕྱིན་ཏེ། ཀླད་པའི་ཚན་རིག་མཁས་པ་ཚོས་སེམས་ཀྱི་རྣམ་རྟོག་འདྲ་མིན་ཐོག་དོ་སྣང་གསར་པ་བྱེད་ཀྱི་ཡོད་པ་རེད། ངོས་ནས་ནང་ཆོས་ཀྱིས་ནང་སེམས་ཀྱི་འཕྲོད་བསྟེན་དང་ཞི་བདེ་བསྐྲུན་རྒྱུ་དང་། ཚན་རིག་གིས་ལུས་པོའི་འཕྲོད་བསྟེན་དང་བདེ་ཐང་སྐོར་བཤད་ཀྱི་ཡོད། རྩ་བའི་ལུས་པོའི་བདེ་ཐང་གི་རྩ་བ་དེ་ནང་སེམས་ལ་ཐུག་ཡོད་དུས། ད་རིང་ཁ་སང་ཚན་རིག་པས་ནང་ཆོས་ཀྱི་སེམས་ཁམས་རིག་པའི་སྐོར་ལ་དོ་སྣང་བྱེད་མཁན་ཤུགས་ཆེར་འགྲོ་ཡི་འདུག ངོས་ནས་ཚན་རིག་པར་འབྲེལ་བ་ཞུས་ཏེ་ལོ་བཅུ་ཕྲག་ཁ་ཤས་ཕྱིན་ཡོད་པ་རེད། ཚན་རིག་པའི་ནང་ནས་སྐྱེ་བ་སྔ་ཕྱི་དང་ཐར་བ་དང་ཐམས་ཅན་མཁྱེན་པའི་གོ་འཕང་སྐོར་བཤད་ཀྱི་མེད་པར་འཕྲལ་སེལ་སེམས་ཀྱི་བདེ་སྐྱིད་ཡོང་ཐབས་སྐོར་ལ་ཚན་རིག་པའི་དོ་སྣང་ཤུགས་ཆེར་ཕྱིན་འདུག དེར་བརྟེན། ནང་ཆོས་དང་ཚན་རིག་བར་ཕན་ཚུན་གཉིས་ཕན་ཡོང་ཐུབ་པ་ཞིག་རེད། ཅེས་གསུངས།

ཡང་བཀའ་ཆོས་ཞུ་མཁན་བཙུན་མ་ཞིག་གིས་འདོད་ཆགས་དང་ཉོན་རྨོངས་སྐྱེས་པ་ན་ལྡོག་ཐབས་གང་ཡོད་གསུངས་རོགས་ཞུས་པར་༧གོང་ས་མཆོག་གིས། འདོད་ཆགས་མཚོན་པའི་ཞེ་སྡང་གི་གྲས་དེ་ཚོ་མངོན་འགྱུར་བ་ཤུགས་ཆེན་པོ་ཡིན་དུས་གཉེན་པོ་བསྟེན་རྒྱུ་ལས་སླ་པོ་ཡོད། དེ་ཚོ་གྲས་དེ་རྐྱེན་དང་འཕྲད་ན་མགྱོགས་པོ་ཡོང་བསྡད་པ་ཞིག་དང་གཏིང་རིང་བ་ཡོད་དུས། འཕྲལ་སེལ་གྱིས་མི་རྟག་པ་སྒོམ་ནས་འདོད་ཆགས་ཀྱི་གཉེན་པོ་བསྟེན་རྒྱུ་དང་ཡུན་རིང་ཤུགས་ཆེན་པོས་བྱམས་པ་སྒོམ་ནས་ཞེ་སྡང་ཇེ་ཆུང་དུ་གཏང་རྒྱུ་དང་། ལྷག་པར་དུ་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་སེམས་ཀྱི་ཉམས་ལེན་ཐོག་ནས་ཆགས་སྡང་གི་ཉོན་རྨོངས་མཚོན་པའི་ཉོན་རྨོངས་དེ་ཚོ་ཤུགས་ཆུང་ངུར་གཏོང་དགོས་ཀྱི་ཡོད། ཅེས་གསུངས།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣
ཨོ་གླིང་དང་བླངས་བོད་དོན་ཞུ་གཏུག་རུ་ཁག་གི་ལེའུ་རིམ་གསལ་བསྒྲགས།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་ཐད་མཁས་པའི་གཏམ་བཤད་འཚོགས།

༢༠༢༦/༡༠/༠༡
Mobile App

རྒྱ་ནག་གིས་སློབ་གསོའི་སྡེ་ཁག་སྤྱད་ནས་དབྱིན་ཇིར་གསང་ཉུལ་བྱེད་བཞིན་འདུག

༢༠༢༦/༡༠/༠༡
རྒྱ་ནག་གཞུང་ཚབ་མདུན་ཐང་དུ་རྒོལ་མཆོངས་ལས་འགུལ་སྤེལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར། ༢༠༢༦།༡༠།༡


Mobile App

རྒྱ་ནག་གཞུང་ཚབ་མདུན་ཐང་དུ་རྒོལ་མཆོངས་ལས་འགུལ་སྤེལ། 

༢༠༢༦/༡༠/༠༡
མ་རྩོམ་གྱི་པར།
Mobile App

གསེར་བུམ་དཀྲུག་འདོན་གྱི་གསང་བ་ཡང་བསྐྱར་ཕྱིར་བསྟན་པ།

༢༠༢༦/༠༩/༣༠
ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༣༠
Mobile App

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་མིའི་ཚབ་བྱས་ནས་སྐད་ཆ་བཤད་རྒྱུར་སྤོབས་པ་ཡོད་ཅེས་གསུངས།

༢༠༢༦/༠༩/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese