མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་རོབ་མཐུན་ཚོགས་ཀྱིས་བོད་ནང་གི་ངལ་རྩོལ་སྒྱུར་བཀོད་ཁང་དང་འབྲེལ་བའི་ལན་འདེབས་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་དང་ལྷན་དུ་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གཙོ་བྱས་པའི་བོད་ནང་གི་ངལ་རྩོལ་སྒྱུར་བཀོད་ཁང་གི་གནས་སྟངས་སོགས་ཀྱི་སྐོར་རྒྱ་ནག་གཞུང་ལ་གླེང་སློང་བྱས་ཡོད་འདུགའདས་ལོའི་ཕྱི་ཟླ་ ༩ ནང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པས་ (IPAC)   ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ལ། རྒྱ་ནག་གཞུང་གིས་བོད་ནང་ངལ་རྩོལ་སྒྱུར་བཀོད་ཁང་བཙུགས་ཏེ་བོད་མི་རྣམས་ལ་བཙན་གྱིས་ལས་བཀོལ་བྱེད་བཞིན་པའི་ཐད། དོན་ཚན་གསུམ་གྱི་ཐོག་ནས་དོགས་འདྲི་གནང་བར། ཁ་སང་ཕྱི་ཚེས་ ༥ ཉིན་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་གཞུང་འབྲེལ་དྲ་རྒྱའི་སྟེང་། ཡུ་རོབ་མཐུན་ཚོགས་ཀྱི་སྲིད་འཛིན་གཞོན་པས་ལན་འདེབས་གནང་སྟེ། བོད་ནང་ངལ་རྩོལ་སྒྱུར་བཀོད་ཀྱི་ལས་གཞི་སྤེལ་བཞིན་པ་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རྒྱ་ནག་གཞུང་ལ་གླེང་སློང་བྱས་ཡོད་སྐོར་བརྗོད་འདུག

རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པས། རྒྱ་ནག་གིས་བོད་ནང་ངལ་རྩོལ་སྒྱུར་བཀོད་ཀྱི་ལས་གཞི་སྤེལ་ཏེ།  བོད་ནང་གི་བོད་མིའི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་། འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་ལ་རྡོག་རོལ་གཏོང་བཞིན་པར་ཡུ་རོབ་མཐུན་ཚོགས་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད་མེད་སྐོར་ལ་ཡུ་རོབ་མཐུན་ཚོགས་ཀྱིས། འདས་ལོའི་ཕྱི་ཟླ་ ༦ ཚེས་ ༢༢ ཉིན་རྒྱ་ནག་དང་ཡུ་རོབ་བར་གྱི་ཚོང་དོན་ཚོགས་འདུ་དང་། ཕྱི་ཟླ་ ༩ ཚེས་ ༡༤ ཉིན་ཕྱོགས་གཉིས་བར་གྱི་མགོ་འཁྲིད་ཚོའི་ཚོགས་འདུ་རིམ་པ་བཅས་ཀྱི་སྟེང་། རྒྱ་ནག་གི་མགོ་འཁྲིད་ཚོར་ཡུ་རོབ་མཐུན་ཚོགས་ལ་སེམས་འཚབ་གང་ཡོད་པ་གསལ་འདོན་བྱས་ཡོད། ཉེ་སྔོན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་འདུའི་ཐོག་ཡུ་རོབ་མཐུན་ཚོགས་ཀྱིས། རྒྱ་ནག་གིས་སོ་སོའི་རྒྱལ་ཁོངས་དང་རྒྱལ་སྤྱིར་ངོས་ལེན་ཞུས་པའི་དམ་བཅའ་ཁག་རྒྱུན་སྐྱོང་བྱས་ཏེ། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དང་དམིགས་བསལ་བོད་དང་ཤིན་ཅང་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ཞུ་དགོས་ཀྱི་ཡོད་པ་ནན་བརྗོད་བྱས་ཡོད།

དེ་བཞིན། རྒྱ་ནག་དང་ཡུ་རོབ་བར་འགྲོ་བ་མིའི་ཐོབ་ཐང་གླེང་མོལ་བྱས་སྐབས། ཡུ་རོབ་ཀྱིས་བོད་ནང་གི་བོད་མིའི་ཆོས་དད་རང་དབང་དང་སློབ་གསོ། དེ་བཞིན། སྐད་ཡིག་རང་དབང་བཅས་ལ་དམ་དྲག་བྱེད་བཞིན་པའི་ཐད་སེམས་འཚབ་བསྟན་ཡོད་པ་མ་ཟད། བོད་ནང་གང་བྱུང་འཛིན་བཟུང་དང་གར་སོང་ཆ་མེད་དུ་གྱུར་དང་འགྱུར་བཞིན་པའི་གནས་སྟངས་ལའང་དོ་ཁུར་བྱས་ཡོད། ད་དུང་ཉེ་ལམ་རྒྱ་ནག་གཞུང་གིས་བོད་ནང་འཆར་གཞི་ལྡན་པའི་ངལ་རྩོལ་སྒྱུར་བཀོད་ཁང་བཙུགས་ཏེ། བོད་མི་རྣམས་ལ་བཙན་གྱིས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་པའི་གནད་དོན་དེ་ཡང་རྒྱ་ནག་ལ་གླེང་སློང་བྱས་ཡོད།  ཅེས་བརྗོད་ཡོད་འདུགརྒྱ་ནག་གིས་རྒྱལ་སྤྱིའི་སྟེང་འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་ཁྲིམས་ཁག་སྲུང་སྐྱོང་བྱ་རྒྱུ་ཡིན་པའི་ཁས་ལེན་རྣམས་ལག་བསྟར་ཡོང་བར་ཡུ་རོབ་མཐུན་ཚོགས་ལ་འཆར་གཞི་ག་རེ་ཡོད་སྐོར་ལ་ཡུ་རོབ་མཐུན་ཚོགས་ཀྱིས། གཞི་རྩའི་རྒྱལ་སྤྱིའི་ངལ་རྩོལ་ཚོགས་པའི་གྲོས་ཆོད་ལག་བསྟར་དང་། འགྲོ་བ་མིའི་ཐོབ་ཐང་དང་ངལ་རྩོལ་བའི་ཐོབ་ཐང་། དེ་བཞིན། བྱིས་པ་དང་བཙན་དབང་ངལ་རྩོལ་སོགས་ཚུད་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་ཀྱི་ཡོད།  འོན་ཀྱང་། རྒྱ་ནག་གིས་རྒྱལ་སྤྱིའི་ངལ་རྩོལ་གྲོས་ཆོད་ ༢༩ བ་དང་དེའི་མ་ཡིག དེ་བཞིན། ཁྲིམས་དོན་བསྟུན་མི་དགོས་པའི་ངལ་རྩོལ་གྲོས་མཐུན་ ༡༠༥ བཅས་ངོས་ལེན་ཞུས་མེད་པ་དང་། རྒྱ་ནག་དང་ཡུ་རོབ་བར་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་སྐབས། ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་ནས་གྲོས་མཐུན་དེ་དག་ལ་ངོས་ལེན་བྱེད་དགོས་པའི་སྐུལ་མ་བསྐྱར་ནན་བྱས་ཡོད་པ་མ་ཟད། མུ་མཐུད་རྒྱ་ནག་ལ་གྲོས་ཆོད་དེ་དག་ངོས་ལེན་བྱེད་པར་སྐུལ་མ་གཏང་གི་ཡིན། ཞེས་བརྗོད་ཡོད་པ་རེད།

མཐའ་མཇུག་ཏུ་བོད་ནང་དམིགས་ཡུལ་ལྡན་པའི་ངལ་རྩོལ་སྒྱུར་བཀོད་ཀྱི་ལས་གཞི་སྤེལ་མཁན་རྒྱ་ནག་གི་མགོ་འཁྲིད་མི་སྒེར་གྱི་ཐོངས་མཆན་དང་རྒྱུ་དངོས་སོགས་བཀག་སྡོམ་བྱེད་པའི་ཉེས་ཆད་གཏོང་འཆར་ཡོད་མེད་སྐོར་ལ། ཡུ་རོབ་མཐུན་ཚོགས་ཀྱི་གཏན་འབེབ་བཀག་སྡོམ་ཉེས་ཆད་གཞིར་བཞག་ཐོག ཡུ་རོབ་འཛིན་སྐྱོང་ལྷན་ཁང་གི་སྤྱི་མོས་ཐག་གཅོད་གང་ཡོང་ལག་བསྟར་བྱ་རྒྱུ་ཡིན་པའི་ལན་འདེབས་བྱས་འདུག

བོད་ནང་ངལ་རྩོལ་སྒྱུར་བཀོད་ཁང་བཙུགས་ཡོད་པའི་སྙན་ཐོ་དེ་འདས་ལོའི་ཕྱི་ཟླ་ ༩ ནང་ཨ་རིའི་ཇམ་སི་ཊོན་ཐེབས་རྩ་ཁང་ (Jamestown Foundation) གི་མཐུན་འགྱུར་འོག ཤིན་ཅང་ནང་གི་གནད་དོན་ཐད་ཆེད་དམིགས་ཞིབ་འཇུག་པ་དང་འཇར་མན་གྱི་མི་རིགས་རིག་པ་བ་སྐུ་ཞབས་ཨེ་ཌི་རེན་རྫན་(Adrian Zenz)ལགས་ཀྱིས་ཞིབ་འཇུག་སྙན་ཐོ་བཏོན་པ་དང་། ཟླ་དེའི་ཕྱི་ཚེས་ ༢༣ ཉིན་ཨ་རི་དང་ཨིན་ཡུལ། ཡུ་རོབ་སྤྱི་མཐུན་རྒྱལ་ཁབ། ཨོ་སི་ཊོ་ལི་ཡ། ཁེ་ན་ཌ། ཨི་ཊ་ལེ། འཇར་མན་ནི། ཉི་འོང་། ནོར་ཝེ། སུད་ཌེན། ཨིན་ཡུལ། ནི་ཐི་ལན་ཌི། ལི་ཐུ་ནི་ཡ། ཅེག་སྤྱི་མཐུན་རྒྱལ་ཁབ། ཧྥ་རན་སི། སུད་སི་རྒྱལ་ཁབ་སོགས་རྒྱ་ནག་ལ་ཁ་གཏད་གཅོག་མཁན་གྱི་གྲོས་ཚོགས་འཐུས་མི་༦༣ ཡིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པ་ Inter-Parliamentary Alliance on China (IPAC) ཞེས་པ་བཙུགས་ཏེ། རྒྱ་ནག་གཞུང་གིས་བོད་ནང་ངལ་རྩོལ་སྒྱུར་བཀོད་ཁང་བཙུགས་ཏེ་བཙན་དབང་གིས་བོད་མི་རྣམས་ངལ་རྩོལ་བ་བྱས་བཅུག་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པའི་བསྒྲགས་གཏམ་སྤེལ་ཡོད་པ་རེད།

བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

ཆུ་ཚོད་ ༢ སྔོན་ལ།
Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༡༩ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༢༠ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༢༠ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༢༡ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༢༢ སྔོན་ལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese