མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ཞིག་གིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་འབྱོར། 

བོད་ཀྱི་དུས་བབ།
༢༠༢༡/༠༡/༡༣
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་ཤུར་མོ་ལགས་ཀྱིས་རྒྱ་ནག་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་སྟེ་འདས་གྲོངས་སུ་ཕྱིན་ཡོད་པའི་གནས་ཚུལ་ཐོན།
ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༧ ཉིན་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་ ༡ ཙམ་ལ་བོད་འབྲི་རུ་རྫོང་ཤག་ཆུ་ཁ་གྲོང་རྡལ་དུ། སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་ཀྱི་ཉེ་འཁྲིས་སུ་བོད་མི་ཤུར་མོ་ཞུ་བ་ཞིག་གིས། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་པོའི་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་གནང་བཞིན་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་ཕྱིན་ཡོད་པ་དང་། སྐབས་དེར་བོད་མི་ཤུར་མོ་ལགས་དང་ལྷན་དུ་ཁོང་གི་སྤུན་མཆེད་གསུམ་འཛིན་བཟུང་བྱས་ཡོད་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད། བོད་མིའི་སྒྲིག་འཛུགས་ཀྱི་གནས་ཚུལ་དེ་ཐོག་མར་ལག་སོན་བྱུང་མཁན་བདེ་སྲུང་ལས་ཁུངས་ཀྱི་འབྲེལ་ཡོད་ལ་སྐབས་དེའི་ཞིབ་ཕྲའི་གནས་ཚུལ་དང་ཕྱིས་སུ་གནས་ཚུལ་ག་འདྲ་ཆགས་ཡོད་མེད་བཀའ་འདྲི་ཞུས་སྐབས། རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་དེ་ཁུངས་ལྡན་ཡིན། ད་ལྟ་དེ་ལས་ལྷག་གི་གནས་ཚུལ་གང་ཡང་གསལ་གྱི་མི་འདུག ཅེས་བརྗོད་བྱུང་།

ཡང་གསར་འགོད་པས་ཕ་ཡུལ་ཤག་ཆུ་ཁའི་ཉེ་འཁྲིས་དང་འབྲི་རུ་རྫོང་ཁོངས་ནས་ཡིན་པའི་བཙན་བྱོལ་བོད་མི་ཁག་ཅིག་ལ་སྐད་ཆ་དྲིས་སྐབས། ཁོ་ཚོ་ཕལ་ཆེ་བས་གནས་ཚུལ་དེ་གསལ་བོ་ཧ་གོ་ཡི་མེད་པ་དང་། བོད་མི་ཤུར་མོ་ལགས་ཀྱི་ཕ་ཡུལ་ཤག་ཆུ་ཁ་ཡིན་ཚེ་འབྲི་རུ་རྫོང་ཁུངས་ཡིན་པ་ལས་ནག་ཆུ་རྫོང་མིན་པ་དང་། ད་ལྟ་འབྲི་རུ་རྫོང་ཁོངས་སུ་རྒྱ་ནག་གཞུང་གིས་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པར་བརྟེན། བོད་ནང་གི་སོ་སོའི་ནང་མི་གཉེན་ཉེ་སོགས་ལ་འབྲེལ་བ་བྱེད་རྒྱུ་ཧ་ཅང་ཁག་པོ་ཡིན་པའི་འགྲེལ་བརྗོད་གནང་བྱུང་།

ལོ་དེར་ས་གནས་ཉེན་རྟོག་པས་བོད་མི་ཤུར་མོ་ལགས་ཀྱི་གནད་དོན་དང་འབྲེལ་ནས་ཁོང་གི་སྤུན་མཆེད་གསུམ་འཛིན་བཟུང་བྱས་ཡོད་ཀྱང་། ད་སྔ་བར་ཁོ་ཚོའི་གནས་སྟངས་ག་འདྲ་ཞིག་ཆགས་ཡོད་མེད་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་། ཤུར་མོ་ལགས་ཀྱིས་རང་ལུས་མེར་སྲེག་གཏོང་སྐབས་བོད་མི་མང་པོས་དངོས་སུ་མཐོང་ཡོད་ནའང་རྒྱ་ནག་གཞུང་གིས་དམ་དྲག་ཤུགས་ཆེན་བྱས་རྐྱེན་ད་བར་གནས་ཚུལ་ཕྱིར་བསྒྲགས་བྱེད་ཐུབ་མེད་པ་རེད།

བོད་མི་ཤུར་མོ་ལགས་ནི་ནག་ཆུ་རྫོང་ཤག་ཆུ་ཁ་ནས་ཡིན་ཞིང་སྐབས་དེར་རང་ལོ་ ༢༦ ཙམ་ཡིན་པ་དང་། ཁོང་གིས་རང་ལུས་མེར་སྲེག་གནང་མ་ཐག་ས་གནས་ཉེན་རྟོག་པས་འཛིན་བཟུང་གིས་ཤག་ཆུ་ཁའི་སྨན་ཁང་དུ་འཁྱེར་ཡོད་ཀྱང་ཉིན་དེར་འདས་གྲོངས་སུ་ཕྱིན་ཡོད་འདུག

རྒྱ་ནག་གཞུང་གིས་བོད་ས་ཧྲིལ་པོར་དམ་དྲག་དོགས་ཟོན་ཆེན་པོ་བྱེད་ཀྱི་ཡོད་པའི་རྐྱེན་གྱིས། འདས་པའི་ལོ་ཤས་ནས་བོད་ནང་ནས་རང་ལུས་མེར་སྲེག་གནང་བའི་གནས་ཚུལ་རྣམས་ཧ་ཅང་རག་ཁག་པོ་ཆགས་ཡོད་ཀྱང་། ཕྱི་ལོ་ ༢༠༠༨ ནས་བཟུང་ད་བར་བོད་ནང་རྒྱ་ནག་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་ཆེད། ཉུང་མཐར་བོད་མི་ ༡༥༦ ནས་རང་ལུས་མེར་སྲེག་གནང་བའི་གནས་ཚུལ་ཕྱི་ཕྱོགས་སུ་འབྱོར་ཐུབ་ཡོད་པ་རེད།

རང་ལུས་མེར་སྲེག་གནང་མཁན་གྱི་མཚན་གཞུང་བསྡུ་སྒྲིག་པ་མགུར་འབུམ་རྒྱལ། གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༣།༢༦ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ལས་ཀ་ག་རེ་བྱས་ནའང་མདུན་སྐྱོད་དེ་གལ་ཆེན་པོར་རྩིས་ནས་འདས་པའི་ལོ་ལྔའི་རིང་ཕྱག་ལས་གནང་བ་ལྟར་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུངས་འདུག

ཆུ་ཚོད་ ༣ སྔོན་ལ།
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
Mobile App

བོད་ལྗོངས་དམངས་འཐུས་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ཀྱི་གནས་ཚུལ་ཞུ་གཏུག་བྱས།

ཆུ་ཚོད་ ༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༢༤ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༢/༢༤
༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འཇོག་གནང་མཛད། ༢༠༢༢།༡།༣  དུས་བབ་ཀྱི་པར།
Mobile App

རྒྱ་བལ་གནས་ཆེན་ཁག་གི་བོད་བརྒྱུད་ནང་བསྟན་གྱི་གཟི་འོད།

༢༠༢༦/༠༢/༢༤
ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

༢༠༢༦/༠༢/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese