མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་ཨ་རིའི་སྲིད་འཛིན་གསར་པར་འཚམས་འདྲི་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་གཞུང་མང་གཉིས་ཀྱི་སྐུ་ཚབ་ནས་ཨ་རིའི་སྲིད་གཞུང་གསར་པའི་ངོས་ནས་སྔར་བཞིན་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཞུས་པ་དང་སྦྲགས་ཇོ་བྷའེ་ཌིན་མཆོག་གི་སྲིད་འཛིན་ལས་ཡུན་རིང་ཕྱག་ལས་ཐམས་ཅད་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུས་འདུག

ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་རྣམ་གཉིས་ནས་ཨ་རིའི་སྲིད་འཛིན་གསར་པ་ཇོ་བྷའེ་ཌིན་མཆོག་ལ་འཚམས་འདྲི་གནང་བའི་ནང་། སྲིད་འཛིན་ཇོ་བྷའེ་ཌིན་གི་འཛིན་སྐྱོང་ནས་སྔར་རྒྱུན་བཞིན་བོད་དོན་ཐོག་རྒྱབ་སྐྱོར་དང་། རྒྱ་ནག་གཞུང་ལ་སྔར་ལྟར་གནོན་ཤུགས་སྤྲད་དེ་བོད་རྒྱ་འབྲེལ་མོལ་ཡོང་ཐབས་གནང་རྒྱུའི་འབོད་སྐུལ་ཞུས་ཡོད་འདུག

དེ་ཡང་སྲིད་སྐྱོང་མཆོག་གིས། འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་ཨ་རིའི་གཞུང་མང་གཉིས་ནས་བོད་དོན་ཆེད་རྒྱབ་སྐྱོར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེང་སང་རྒྱ་ནག་ལྟ་བུའི་དབང་ཆ་གཅིག་སྡུད་རིང་ལུགས་ཀྱི་སྲིད་གཞུང་དེ་བོད་ཙམ་དུ་མ་ཟད། རྒྱལ་སྤྱིའི་དམངས་གཙོ་དང་ཡོངས་ཁྱབ་ཀྱི་རིན་ཐང་དག་ལའང་ཉེན་ཁ་ཆགས་ཡོད། ཅེས་དང་། སྐུ་ཉིད་ཀྱིས་ལོ་མང་རིང་ཨ་རིའི་རྒྱལ་ཁབ་དང་མི་མང་གི་ཆེད་དུ་ཞབས་འདེགས་རླབས་ཆེན་ཞུས་པ་དང་། ད་ཐེངས་སྐུ་ཉིད་སྲིད་འཛིན་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་པ་དེ། ཨ་རིའི་མི་མང་གིས་སྐུ་ཉིད་དང་སྐུ་ཉིད་ཀྱི་ལངས་ཕྱོགས་ལ་ཡིད་ཆེས་མངའ་བ་མཚོན་གྱི་ཡོད། ངས་སྐུ་ཉིད་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་སྦྲགས། སྲིད་འཛིན་ལས་ཡུན་རིང་བྱ་གཞག་ཐམས་ཅད་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད་འདུག

དེ་བཞིན་སྲིད་སྐྱོང་མཆོག་གིས་སྲིད་འཛིན་གཞོན་པ་ཀ་མ་ལ་ཧ་རི་སི་མཆོག་ལ་འཚམས་འདྲི་ཞུས་པ་དང་སྦྲགས། ཨ་རིའི་ལོ་རྒྱུས་ཁྲོད་ཐེངས་དང་པོ་བུད་མེད་ཅིག་དང་། མི་རིགས་འདྲེས་མའི་བུད་མེད་ཅིག་ཨ་རིའི་སྲིད་འཛིན་གཞོན་པར་བདམས་ཐོན་བྱུང་བ་དེ་ནི། བུད་མེད་རྣམས་ལ་མཚོན་ན་རྒྱལ་སྤྱིའི་ཆབ་སྲིད་དང་དབུ་འཁྲིད་ཀྱི་ཁོར་ཡུག་ནང་དུས་སྐབས་གསར་བ་ཞིག་གི་སྒོ་མོ་ཕྱེས་པ་ཡིན་སྐོར་དང་། དེ་བཞིན་ལྕམ་སྐུ་ཀ་མ་ལ་ཧ་རི་སི་མཆོག་ནི་རྒྱ་གར་གྱི་རིགས་རྒྱུད་ཅིག་ཡིན་པ་དེ་ནི་རྒྱ་གར་བ་ཡོངས་ལ་སྤོབས་པ་དང་སེམས་འགུལ་ཐེབས་བྱེད་ཅིག་ཡིན་པ་དང་། ལྕམ་སྐུ་མཆོག་གིས་འབྱུང་འགྱུར་འགྲོ་བ་མིའི་ཐོབ་ཐང་དང་། འདྲ་མཉམ། གོ་ལའི་གནམ་གཤིས་འགྱུར་ལྡོག་བཅས་ཀྱི་གནད་དོན་ལ་གདོང་ལེན་གནང་སྐབས། བོད་དོན་ལ་རྒྱབ་སྐྱོར་གནང་སྟེ་ཨ་རི་དང་བོད་གཉིས་ཀྱི་འབྲེལ་ལམ་སྔར་ལྷག་ཡར་རྒྱས་གོང་འཕེལ་གཏོང་གནང་རྒྱུའི་རེ་སྨོན་བྱེད་ཀྱི་ཡོད་སྐོར་གསུངས་ཡོད་འདུག

གཞན་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱང་གནས་མཆོག་གིས་བོད་མི་ཡོངས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཨ་རིའི་སྲིད་འཛིན་ ༤༦ པ་ཇོ་བྷའེ་ཌིན་མཆོག་ལ་འཚམས་འདྲི་གནང་བ་དང་འབྲེལ། ཨ་རིའི་གཞུང་མང་གཉིས་ཀྱིས་རྒྱུན་ཆད་མེད་པར་བོད་མི་དང་བོད་ཀྱི་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ང་ཚོར་སྐུ་ཉིད་ཀྱི་འཛིན་སྐྱོང་ནས་ཉེ་ཆར་ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབ་བྱས་པའི་ཨ་རིའི་བོད་ཀྱི་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་ཡིག་དེ་ཉིད་ལག་བསྟར་ཚགས་ཚུད་གནང་ངེས་ཡིན་པའི་ཡིད་ཆེས་ཡོད། ཅེས་གསུངས་ཡོད་འདུག

ཡང་ཚོགས་གཙོ་མཆོག་གིས། ཨ་རི་ནི་བོད་ཀྱི་གནད་དོན་དང་བོད་མིའི་ཐུན་མིན་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་ཐད་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་ཁབ་ཐོག་མའིི་གྲས་ཤིག་ཡིན་པ་མ་ཟད། ཨ་རིའི་ངོས་ནས་ད་བར་ཇི་མི་སྙམས་པར་རྒྱ་ནག་གཞུང་ལ་བོད་རྒྱ་འབྲེལ་མོལ་ཡོང་ཐབས་ཐད་ཡར་སྐུལ་དང་གནོན་ཤུགས་སྤྲད་ཡོད་ནའང་། ད་བར་རྒྱ་ནག་གི་ཕྱོགས་ནས་ང་ཚོར་བཟང་ཕྱོགས་ཀྱི་བརྡ་ལན་གང་ཡང་འབྱོར་མེད་སྟབས། ང་ཚོས་སྐུ་ཉིད་ཀྱི་འཛིན་སྐྱོང་འོག་ཨ་རིའི་གཞུང་གིས་སྔར་རྒྱུན་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ནུས་པ་མཉམ་སྤུངས་ཀྱི་ཐོག་ནས་དབུ་མའི་ལམ་གྱི་སྲིད་བྱུས་འོག་བོད་རྒྱའི་གནད་དོན་སེལ་ཐབས་གནང་རྒྱུར་རེ་བ་བྱེད་ཀྱི་ཡོད་སྐོར་གསུངས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

ཆུ་ཚོད་ ༤ སྔོན་ལ།
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

ཆུ་ཚོད་ ༧ སྔོན་ལ།
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

ཆུ་ཚོད་ ༨ སྔོན་ལ།
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

༢༠༢༦/༠༣/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese