མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་འོས་མིའི་སྔོན་འགྲོའི་འོས་གྲངས་ཕྱོགས་བསྡུས་ཀྱི་གནས་བབ།

བོད་ཀྱི་དུས་བབ།
༢༠༢༡/༠༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མི་སྤྱི་འཐུས་ཚོགས་གཙོ་ཟུར་པ་སྤེན་པ་ཚེ་རིང་ལགས་ལ་འོས་གྲངས་ ༢༣༦༧༥ དང་ཨ་རིའི་སྐུ་ཚབ་དོན་ཟུར་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ལ་འོས་གྲངས་ ༡༣༩༤༢། བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ལ་འོས་གྲངས་ ༡༣༡༥༩ བཅས་འོས་གྲངས་མཐོ་ཤོས་དང་པོ་དང་གཉིས་པའི་བར་ལ་འོས་གྲངས་ ༩༧༣༣  དང་གཉིས་པ་གསུམ་པའི་བར་འོས་གྲངས་ ༧༨༣  གྱི་ཁྱད་པར་འདུག

ཕྱི་ལོ་ ༢༠༢༡ ལོའི་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཕྱི་ཟླ་ ༡ ཚེས་ ༣ ཉིན་ལེགས་པར་གྲུབ་ཡོད་པ་དང་། ཕྱི་ཚེས་ ༥ ཉིན་ནས་བཟུང་འདི་ག་བོད་ཀྱི་དུས་བབ་གསར་ཁང་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་དང་། རྒྱ་བལ་གཉིས་ཀྱི་ས་གནས་འོས་བསྡུ་ལས་ཁུངས་སོགས་སུ་འབྲེལ་བ་ཞུས་ཏེ། སྲིད་སྐྱོང་འོས་མིའི་སྔོན་འགྲོའི་གྲུབ་འབྲས་ཕྱོགས་བསྡུས་བྱས་ཏེ་གསར་སྣོན་བསྐྱར་བཅོས་བཅས་བྱེད་ཀྱི་ཡོད་ལ། རྒྱ་བལ་གཉིས་ཀྱི་ས་གནས་ཁག་ཅིག་གི་འོས་བསྡུའི་གྲུབ་འབྲས་ད་དུང་ཁ་གསལ་ངེས་གཏན་ཆགས་ཐུབ་ཀྱི་མི་འདུག

དེ་རིང་ཕྱི་ཚེས་ ༢༢ ཉིན་བར་དུ་བསྡུ་རུབ་བྱུང་བའི་གྲུབ་འབྲས་ཕྱོགས་བསྡོམས་ལྟར་ན། སྤྱི་འཐུས་ཚོགས་གཙོ་ཟུར་པ་སྤེན་པ་ཚེ་རིང་ལགས་ལ་འོས་གྲངས་ ༢༣༦༧༥ དང་། ཨ་རིའི་སྐུ་ཚབ་དོན་ཟུར་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ལ་འོས་གྲངས་ ༡༣༩༤༢། བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ལ་འོས་གྲངས་ ༡༣༡༥༩། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ལ་འོས་གྲངས་ ༡༠༠༣༡། བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ལ་འོས་གྲངས་  ༩༧༦། སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ལ་འོས་གྲངས་ ༢༡༢། བཀྲ་ཤིས་སྟོབས་རྒྱལ་ལགས་ལ་འོས་གྲངས་ ༣༤ བཅས་རེད་འདུག་ལ། འོས་གྲངས་མཐོ་ཤོས་དང་པོ་དང་གཉིས་པའི་བར་ལ་འོས་གྲངས་ཁྱད་པར་ ༩༧༣༣ དང་། གཉིས་པ་དང་གསུམ་པའི་བར་ལ་འོས་གྲངས་ཁྱད་པར་ ༧༨༣  འདུག འོན་ཀྱང་། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༨ ཉིན་དབུས་འོས་བསྡུ་ལས་ཁང་ནས་གཞུང་འབྲེལ་ཐོག་སྔོན་འགྲོའི་གྲུབ་འབྲས་གསལ་བསྒྲགས་གནང་རྒྱུ་ཡིན་པས། སྐབས་དེར་གོང་དུ་བཀོད་པའི་འོས་གྲངས་ཁག་ལ་འཕར་ཆག་ཅུང་ཙམ་རེ་འགྲོ་སྲིད་པ་རེད།

འདི་ལོར་འཛམ་གླིང་རྒྱལ་ཁབ་ ༢༦ ནང་ས་གནས་འོས་བསྡུ་ལས་ཁང་ཁྱོན་ ༥༨ ཡོད་པའི་ཁོངས་ནས་འདི་ག་ལས་ཁུངས་ནས་འོས་བསྡུའི་གྲུབ་འབྲས་ཀྱི་ལས་ཤོག་ལག་སོན་བྱུང་སྟེ་གྲངས་འབོར་ངེས་གཏན་ཟིན་པ་རྣམས་ནི། རྒྱ་གར་ནང་སྦེལ་ཀོབ་བདེ་སླར་དང་བོན་གཞིས། འབིར་སྡེ་དགེ། ཝ་ར་ཎ་སི། འབིར་ནང་ཆེན། བཀྲ་ཤིས་ལྗོངས། སྦེལ་ཀོབ་ལུགས་བསམ། སུན་མཚོ་ནམ་གསུམ། རྡོ་རྗེ་གདན་ཁུལ། འབིར་བོད་ཚོགས། ཊི་ཛུ། འབུལ་སྡེ་ལ། དྷ་ལ་ཧོ་སི། མེའོ། སིམ་ལ། དྷ་རམ་ས་ལ། མོན་གྷོ་འདོད་རྒུ་གླིང་། བསུ་ན་མདའ། ར་ཝང་ལ། ཨོ་རི་ས། ཀོ་ལི་གྷལ། ཧ་པ་སྤུར། ནེ་ནི་ཏཱལ། སྤུར་ཝ་ལ། ཕྱི་རྒྱལ་ཁག་ནས་སུད་སི་དང་འཇར་མན། ཨོ་སི་ཊི་རི་ཡ། ཨོ་གླིང་དང་ནེའུ་ཛི་ལན་ཌི། ཐའེ་ཝན། ཧྥ་རན་སི། ནེའུ་ཌིར་ལན་ཌི། སི་པེན། སྦེལ་ཇམ། བྱང་ཨ་རི། ཨི་ཊ་ལི། དབྱིན་ཡུལ། སུ་ཝེ་ཌན། ཨའེ་ལིན་ཌ། ནོར་ཝེ། ཌན་མག པོ་ལེནཌ་བཅས་ཡིན།

ལས་ཤོག་ལག་སོན་མ་བྱུང་ཡང་ས་གནས་སུ་འབྲེལ་བ་ཞུས་ཏེ་གྲངས་འབོར་གཤིབ་བསྡུར་བསྐྱར་ཞིབ་ཟིན་པ་རྣམས་ནི། རྒྱ་གར་ནང་གི་སྒང་ཐོག་དང་།  ལ་དྭགས།  ཀུ་ལུ། བྷན་ཌ་ར། རྡེ་ར་ལྡུན། ཀ་ལིན་སྤུང་།   བྷེང་ལོར་ཁ་འཐོར།   བསྟན་འཛིན་སྒང་། རྡོ་རྗེ་གླིང་། སྤོན་ཊ། ཀུམ་རའོ།  རྟ་དབང་། མ་ན་ལི། དྷོ་བྷི། ཌེ་མཱ་པུར།   ཁམས་ཀ་ཐོག མན་སྤར། ཕྱི་རྒྱལ་ཁག་ནས་ཨུ་རུ་སུ་དང་། ཉི་ཧོང་། ཨ་ཧྥེ་རི་ཁ་བཅས་ཡིན།

ལས་ཤོག་མ་རག་པ་དང་གཤིབ་བསྡུར་བསྐྱར་ཞིབ་མ་ཐུབ་པ་རྣམས་ནི་རྒྱ་གར་ནང་ལྡི་ལི་དང་ཤི་ལོང་། ཀྲུ་ཀྲིང་། བལ་ཡུལ་ནང་མཆོད་འཇོར་དང་བསམ་སྒྲུབ་གླིང་། འཕགས་ཤིང་། ཤར་ཝ་ར་གསུམ། བཀྲིས་དཔལ་འཁྲིལ། བཀྲིས་གླིང་། གློ་སྒྲིག་བཅས་ཡིན།

ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིའི་སྔོན་འགྲོའི་གྲུབ་འབྲས།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 5

  1. བསྟན་འཛིན་མི་བསླུ། says:
    ལོ་ 5 སྔོན།

    ཕྱི་ལོ་ ༢༠༡༦ ལོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ང་རང་གི་འོས་བླུགས་པ་ཡིན། གང་ཡིན་ཟེར་ན། ཁོ་རང་གིས་མུ་མཐུད་ལོ་ ༥ ལ་གནང་ན་གྲུབ་འབྲས་མང་པོ་ཞིག་མཇུག་སྐྱོང་ཐུབ་པ་རེད་བསམས་སོང་ལ། ང་རང་གི་འོས་དེ་འཕྲོ་བརླག་བཏང་མ་སོང་བསམ་ཡོད། ད་ལོར་ངའི་སྲིད་སྐྱོང་འོས་དེ་སྤེན་པ་ཚེ་རིང་ལ་བླུགས་ཡོད། དེ་ཕྱོགས་གཅིག་ནས་ང་རང་ལས་རྒྱུ་འབྲས་རྩི་མཁན་ཞིག་དང་དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་ཞིག བོད་སྤྱི་པ་ལ་སེམས་བསམ་པ་དཀར་པའི་བདེན་དཔང་ཡིན། ཕྱོགས་གཉིས་ནས་སྤེན་པ་ཚེ་རིང་གི་ཤེས་ཡོན་དང་འཇོན་ཐང་། བབ་བརླིང་བརྟན་གསུམ་གྱི་སྤྱོད་པ་དེ་ལ་དགའ་བ་གུས་བཀུར་ཞུས་པ་ཡིན། ཁོང་ལ་ད་ལོར་ཚོད་དཔག་ལས་བརྒལ་བའི་མི་མང་གི་འོས་ཐོབ་པ་དེའང་གོང་གི་རྒྱུ་མཚན་དེ་འདྲ་ཡིན་པ་ནི་བཤད་མ་དགོས་པ་རེད། གང་ལྟར་ངའི་དངོས་གཞིའི་འོས་ཡང་ཁོང་ལ་བླུག་གི་ཡིན། ཡིན་ནའང་། སྐལ་རྡོར་ལགས་ལ་གུས་ཞབས་དང་བརྩི་བཀུར་ཡོད་པའི་མ་ཚད། མ་འོངས་པར་ཁོང་ཡང་ང་ཚོའི་སྲིད་སྐྱོང་ཞིག་ཆགས་ཐུབ་པའི་ཡིད་ཆེས་ཡོད།

    Reply
  2. བསོད་ནམས་སྟོབས་རྒྱལ says:
    ལོ་ 5 སྔོན།

    ཁྱོན་བསྡོམས་བོད་མི་དྲུག་ཁྲི་ཉོ་སྟོང་ ༦༢‚༠༠༠ ཙམ་གྱི་འོས་བསྡུར་ཆ་ཤས་ལེན་ཡོད། དེའི་ནང་ནས་ཉི་ཁྲི་བཞི་སྟོང་ ༢༤༠༠༠། ཙམ་གྱི་སྤེན་ཚེ་ལགས་སུ་འོས་གནང་བ་དང་དེ་ལས་མང་བ་བོད་མི་་གསུམ་ཁྲི་བརྒྱད་སྟོང་ ༣༨༠༠༠། ཙམ་གྱི་སྤེན་ཚེ་ལ་འོས་གནང་མེད། འདིའི་ག་རེ་མཚོན་ཟེར་ན་གོང་ཞུས་འོས་གནང་མི་༣༨༠༠༠། དེ་དག་སྤེན་ཚེ་བ་འོས་གནང་འདོད་མེད་མཁན་རེད། ་མི་དེ་དག་གིས་དངོས་གཞིའི་སྐབས་སོ་སོའི་འདོད་མོས་ཡོད་མིན་ལ་མ་ལྲོས་བར་ད་ཆ་འོས་སྤེན་ཚེའི་ཁ་གཏད་དབུས་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སུ་འོས་གནང་རྒྱུ་ཕལ་ཆེར་ངེས་པ་ལས་དེ་མིན་སྤེན་ཚེ་ལ་མི་འདོད་པས་གཞན་ལམ་མེད་རེད། དེ་ལྟར་གནང་དགོས་ངེས་དང་དགོས་གལ་དགོས་གནད་དུ་སོང་གཟབ་གལ་མིན་ནམ།

    Reply
  3. ལེགས་ལྡན says:
    ལོ་ 5 སྔོན།

    ཡང་འདི་ལོ་སྤད་ཚེད་ཐུུབ་པ་ཐུུངས་དགོས་བྱེད་ས་རེད་!
    བཙན་འབྱོར་སྤྱི་ཚོགས་ནང་ཐུུབ་པ་སྐོལ་མཁན་ཁོང་ལ་རྒྱབ་སྐྱོར་གནང་མཁན་ཚང་མ་ཧཧཧཧཧཧཧཧ
    སྤད་ཚད་ལ་ཡོད་པའི་ནག་ཉེན་ཚང་མ་སྐལ་རྡོར་ལ་ཡོད་ན་ག་རི་གནང་གིས་རེད་!དྲི་བ་ཡིན!

    འཛམ་གླིང་ཞི་བདེ་ཁ་ལ་འཁུར་ཡང་བོད ་སྤྱི་ཚོགས ་ཁྲག་ལྟར་དཀྲུུགས

    Reply
  4. གཞུང་པ་ཚེ་དབང་བསོད་ནམས་། says:
    ལོ་ 5 སྔོན།

    དབུས་འོས་བསྡུ་ལས་ཁང་ནས་ཕྱི་ཟླ་གཉིས་པའི་ཚེས་བརྒྱད་ཉིན་སྲིད་སྤྱིའི་སྔོན་འགྲོའི་འོས་བསྡུའི་སྒྲུབ་འབྲས
    གསལ་བསྒྲགས་གནང་རྒྱུའི་ལས་རིམ་སྔོན་དུ་གསལ་བསྒྲགས་ཟིན་ཡོད་ན་གཞུང་འབྲེལ་མ་ཡིན་པའི་གསར་འགྱུར་
    བརྒྱུད་ལམ་ལ་ས་གནས་འོས་བསྡུའི་ལས་ཤོག་ཐོག་སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུའི་སྒྲུབ་འབྲས་སྤྲོད་ཆོག་པའི་
    ཆ་རྐྱེན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་གང་གི་འོག་ཏུ་འགན་ཁུར་པ་ཡིན་འོས་འཕེན་རྒྱ་ཆེ་མང་ཚོགས་ལ་གསལ་བཤད་ཕེབས་དགོས་དེ་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་གོ་དོན་ངོ་མ་དེ་མ་རེད་དམ་???

    Reply
  5. དཔའ་རྒོད། says:
    ལོ་ 5 སྔོན།

    བཀའ་ཟུར་རྒྱ་རི་ལ་རེ་བ་དང་ཆིག་སྒྲིལ་གྱི་ནུས་པ་ལྡན་པ་ཞིག་འདུག་ཀྱང་ཕྱོགས་ཁག་གང་གི་ཁུངས་སུ་མེད་ཙང་ཡར་སླེབ་ཐུབ་མིན་འདུག། ད་མ་འོང་པར་སྲིད་སྐྱོང་ལ་ཐོབ་དགོས་ན་ད་ལྟ་ནས་ཕྱོགས་ཁག་ནང་འཛུལ་དགོས་ངེས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese