མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསམ་ཚུལ་སྣ་གཅིག

བོད་ཀྱི་དུས་བབ།
༢༠༢༡/༠༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

དགེ་བཤེས་བློ་བཟང་དཔལ་ལྡན། ཨོ་གླིང་།

སྟོང་ལོ་གསར་པའི་མགོ་སྟོད་འདིར།  བོད་མིའི་རང་དབང་སླར་གསོའམ། ཡང་ན། བོད་མིའི་ལོ་རྒྱུས་ཀྱི་མུ་མཐའ་སྐྱོང་བའི་རྒྱུན་ཐག་གཙོ་བོ་སྟེ། བཙན་བྱོལ་བོད་མིའི་ཆིག་སྒྲིལ་གྱི་ནུས་པ་འཐོར་ཞིག་ལ་འགྲོ་བར་ཉེ་བའི་གནས་ཚུལ་གཅིག་རྗེས་གཉིས་མཐུད་དུ་མངོན་འོང་བས། མི་རིགས་ཀྱི་ལར་ཞེན་དང་གཅེས་སེམས་མངའ་བའི་ཤེས་ལྡན་པ་རྣམས་ཀྱིས་ཀྱང་ཐམས་ཅད་བག་ཡོད་དུ་གནས་པར་འབོད་སྐུལ་གཏོང་བཞིན་ཡོད། འོན་ཀྱང་བསམ་ཡོད་རྒན་གྲས་ཁ་ཤས་ཀྱིས་གཞན་ལ་བསམ་ཤེས་དང་བསྟུན་མཁས་ཆེ་དྲགས་ནས་དྲང་བདེན་བརྗོད་པའི་སྨྲ་ལྕེ་ཡང་ལྐུག་པར་གྱུར་འདུག

སྤྱི་ཚོགས་ཀྱི་ལབ་གླེང་སྣ་ཚོགས་ཀྱི་བར་གསེང་ན་སྣང་ཚུལ་སྣ་ཚོགས་འབྱུང་བཞིན་པའི་ཁྲོད། གཞུང་དངུལ་བཏང་ནས་གཞོན་སྐྱེས་འདུ་འཛོམས་གནང་བ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ལ་འཐུས་མི་བསྐོ་འཇོག་བྱས་ནས་གཞོན་སྐྱེས་ཚོར་གོ་སྐབས་མང་པོ་སྤྲོད་རྒྱུ་ཡིན་ཚུལ་གྱི་ལབ་གླེང་ཞིག་ཀྱང་རླུང་ཡན་བཞིན་ཁྱབ་བཞིན་ཡོད་ལ། གནས་ཚུལ་འདིའི་རིགས་ལ་འདྲ་འདྲ་འགྲིག་འགྲིག་གི་ཕྱི་ཐུམ་ཇི་ལྟར་གཡོག་ཀྱང་། དོན་ལ་རང་ཕྱོགས་ཀྱི་འོས་ཤོག་གཡོ་ལེན་བྱེད་པའི་སྒྱུ་ཐབས་ཉག་གཅིག་ལས་མ་འདས། རྒྱུ་མཚན་དེའི་དབང་གིས་མི་རབས་རྒན་གཞོན་བར་འགྲན་རྩོད་ཀྱི་གླེང་གཞི་ཡང་མངོན་གསལ་དུ་སླེབས་བཞིན་ཡོད།

ད་ལྟ་བོད་མིའི་སྤྱི་ཚོགས་ཀྱི་ཕྱོགས་སོ་སོ་ནས་ཇི་ལྟར་བྱས་ན། ང་ཚོའི་ཆིག་སྒྲིལ་གྱི་ནུས་པ་སླར་གསོ་བྱེད་པའམ། ཡང་ན། མཐུན་སྒྲིལ་གྱི་ནུས་པ་ཇེ་དམ་དུ་གཏོང་བའི་ཐབས་ཤེས་སྣ་ཚོགས་འཚོལ་བ་དང་། གཅིག་སྒྲིལ་འཐོར་རྐྱེན་དུ་འགྲོ་བའི་རྒྱུ་རྐྱེན་འཚོལ་ཞིབ་བྱེད་བཞིན་ཡོད། མཐུན་སྒྲིལ་ཇེ་དམ་དུ་གཏོང་བ་དང་། ཕྱོགས་ཞེན་ཇེ་ཆེར་འགྲོ་བའི་རྒྱུ་རྐྱེན་འཚོལ་བའི་གོ་རིམ་ཁྲོད། མི་མང་པོ་ཞིག་ལ་ཐུན་མོང་གི་ངོས་འཛིན་ཞིག་བྱུང་བ་ནི། ཆོལ་ཁ་གསུམ་ཟེར་བ་དང་། ཆོས་བརྒྱུད་ལྔ་ཞེས་པ་འདི་གཉིས་འཐོར་རྐྱེན་གྱི་རྒྱུ་གཙོ་བོ་ཞིག་ཏུ་མཐོང་བཞིན་ཡོད་ཚོད་ལ། དེའི་སྐོར་གྱི་གླེང་ཕྱོགས་ཀྱང་མང་དུ་འབྱུང་བཞིན་འདུག བོད་ནས་བཙན་བྱོལ་དུ་འབྱོར་བའི་རིགས་ཞེན་ཡོད་མདོག་སྟོན་མཁན་ཁ་ཤས་ཀྱིས་ང་བོད་ཡིན་འོན་ཀྱང་མདོ་དབུས་ཁམས་གསུམ་གང་གི་ཀྱང་མིན་ཚུལ་བྲིས་པ་དྲ་ཐོག་ཏུ་མཐོང་རྒྱུ་འདུག

འོན་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་འཐུས་ཀྱི་གྲུབ་ཆ་དེ། ཆོལ་ཁ་གསུམ་དང་། ཆོས་བརྒྱུད་བཅས་ནས་ཡོང་དགོས་པ་འདི། ལོ་རྒྱུས་ཀྱི་གནད་དོན་ཧ་ཅང་གལ་ཆེན་ཞིག་ལ་དམིགས་ཡོད་དེ། མན་ཆིན་སྲིད་གཞུང་ནས་མགོ་བཙུགས་པའི་བོད་མི་ཁ་བྲལ་དང་དཀྲུག་ཤིང་གི་གཡོ་བྱུས་རྒྱུན་རིང་བཏིང་བ་དང་། བོད་མི་ནང་ཁུལ་ནས་ཀྱང་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཆིག་སྒྲིལ་གྱི་ནུས་པ་ཉམས་ནས་དུས་ཡུན་རིང་པོ་འདས་ཤིང་། རྒྱ་ནག་གི་སྲིད་དབང་སྔ་ཕྱི་གཉིས་ཀྱིས་ཀྱང་མངོན་ལྐོག་ཅི་རིགས་ནས། འཇམ་རྩུབ་གཡོ་བསླུའི་ཐབས་ཤེས་སྣ་ཚོགས་བཀོལ་ནས། བོད་མི་རྣམས་ཁ་བྲལ་དུ་གཏོང་འདོད་ཀྱི་གཡོ་ཇུས་ཀྱི་མཚོན་ཁ་ནས་བསྲུང་བའི་རྡོ་རྗེ་གོ་ཁྲབ་ལྟ་བུ་ཞིག་ཡིན་པ་ལས། མི་རིགས་ཁ་བྲལ་གཏོང་བྱེད་ཀྱི་འགད་རྫས་ལྟ་བུ་ཞིག་ག་ལ་ཡིན་ཏེ། བཙན་པོའི་རྒྱལ་རབས་འཐོར་བཤིག་ཏུ་སོང་བའི་ལོ་ངོ་གཅིག་སྟོང་ཡས་མས་ཀྱི་རིང་ལ་ཕྱིར་ལྟ་བྱས་ན། ད་ལྟའི་སྐབས་འདི་ནི་བོད་ལ་མི་རིགས་ཀྱི་འདུ་ཤེས་ཆེས་ཟབ་པའི་དུས་དང་། གཅིག་གྱུར་གྱི་ནུས་པ་ཆེས་ཆེ་བའི་དུས་ཡིན་པ་མངོན་གསལ་ཡིན་པ་དང་། ལོ་ངོ་བརྒྱ་ཕྲག་མང་པོར་ཁ་འཐོར་དུ་སོང་བའི་མི་རིགས་ཤིག་ཕྱི་ནང་གི་འགལ་རྐྱེན་མཚོ་ལྟར་བརྡོལ་བའི་སྐབས་འདི་འདྲ་ལ། མི་རིགས་ཀྱི་འདུ་ཤེས་སླར་གསོ་དང་། དམིགས་ཡུལ་གཅིག་ཏུ་གྱུར་བ་འདི་ལ་རྒྱུ་རྐྱེན་ཧ་ཅང་མང་པོ་ཞིག་ཡོད་སྲིད་ཀྱང་། ཆེས་གལ་ཆེ་བ་ཞིག་ནི། ༧གོང་ས་ཐམས་ཅད་མཁྱེན་པའི་ཕུགས་རྒྱང་རིང་པོའི་དགོངས་གཞིའི་འོག་བྱུང་བའི་བཙན་བྱོལ་སྒྲིག་འཛུགས་འདི་ལ་རག་ལས་ཆེན་པོ་ཡོད་པ་ཤེས་དགོས་པ་ཡིན།

སེར་མོ་པའི་སྤྱི་འཐུས་རེ་ཟུང་གིས་སྐྱུག་བྲོ་བའི་གཏམ་བཤད་དང་ཀུན་སྤྱོད་ཡ་མ་ཟུང་རེ་འགའ་ལ་བརྟེན་ནས། ཆོས་བརྒྱུད་སྤྱི་འཐུས་ཀྱང་ཕན་ལས་གནོད་ཆེ་ཚུལ་གྱི་བསམ་ཚུལ་མང་དུ་འབྱུང་བཞིན་པ་དང་། རེ་འགས་བསམས་ན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། མཁས་དབང་ཟམ་གདོང་རིན་པོ་ཆེ་ལྟ་བུ་ཞིག་གིས་དངོས་སུ་སྤྱི་ཚོགས་ཀྱི་འགན་མ་ཁུར་ན། བོད་མིའི་མཐུན་སྒྲིལ་འཐོར་ཞིག་གི་ཉེན་ཁ་འདི་ལ་གཡོལ་ཐབས་མེད་ཚུལ་ཡང་གླེང་། རྒྱ་ནག་དམར་གཞུང་གི་སྣེ་ཁྲིད་པ་ཚོས་ཀྱང་ང་ཚོའི་སྤྱི་ཚོགས་འདི་འཐོར་ཞིག་ལ་འགྲོ་རྒྱུར་བསྒུགས་ནས་བསྡད་ཡོད་པ་མ་ཟད། བོད་མིའི་ལོ་རྒྱུས་ཀྱི་ཤི་གསོན་ཀྱང་ཐད་ཀར་ང་ཚོའི་མཐུན་སྒྲིལ་ལ་རག་ལས་ཤིང་། གལ་ཏེ། ང་ཚོའི་མཐུན་སྒྲིལ་མུ་མཐུད་འཐོར་བཤིག་ཏུ་སོང་ན། དུས་རབས་འདིའི་ནང་བོད་མིའི་ལོ་རྒྱུས་ལ་རྫོགས་ཚིག་ཐེབས་རྒྱུ་ཉག་གཅིག་ལས་མ་འདས་པ་ང་ཚོས་མངོན་གསལ་དུ་མཐོང་གིན་འདུག་པ་འདིའོ། །

དེས་ན་ང་ཚོས། མི་རིགས་ཁ་འཐོར་ཡ་བྲལ་དང་། ལོ་རྒྱུས་ཉམས་རྒུད་ཀྱི་སྐྱོ་གར་ལ་བསྒུགས་ནས་སྡོད་རྒྱུ་མིན་པར། ༧གོང་ས་ཐམས་ཅད་མཁྱེན་པས། རེ་བ་བཟང་ས་ནས་རྒྱག་དགོས་པ་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་བཀའ་སློབ་ཀྱི་དགོངས་དོན་བཞིན། མི་རིགས་ཀྱི་མཐུན་སྒྲིལ་ཇེ་བརྟན་དང་། ནུས་པ་ཉམས་སྤུངས་ཀྱི་ཕྱོགས་ལ་ཅི་ཐུབ་ཀྱི་འབད་དགོས་པ་མ་ཟད། འདིའི་ཕྱོགས་ལ་མཁས་པ་ཚོས་རྣམ་དཔྱོད་འདོན་དགོས་ཤིང་། ཆབ་སྲིད་པས་སྲིད་ཇུས་འདིང་དགོས་པ་སྨོས་མེད་ཡིན།

འོན་ཀྱང་། མི་རིགས་མཐུན་སྒྲིལ་གྱི་ཆེད་དུ་ཆོལ་ཁའི་མིང་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་མེད་པར་གཏོང་རྒྱུ་དེ། བྱེད་ཐབས་ལེགས་པོ་ཞིག་མིན་པ་མ་ཟད་དངོས་སུ་ལག་བསྟར་བྱེད་ཐབས་བྲལ་བ་ཞིག་ཡིན་པས། དོན་མེད་ཀྱི་སྟོང་གཏམ་མང་དུ་གླེང་བ་ལས། ཚང་མས་ཁས་ལེན་ཐུབ་ཅིང་། དངོས་ཡོད་ལག་ལེན་དུ་འཁྱོལ་ཐུབ་པའི་བྱ་བ་རེ་འགའ་ངེས་པར་བསྒྲུབ་དགོས་པར་མཐོང་།

མདོར་ན། ད་ལྟའི་ང་ཚོའི་སྤྱི་ཚོགས་ནང་བྱུང་བའི་འཐོར་རྐྱེན་གྱི་གནས་སྟངས་ཅི་རིགས་དང་། གླེང་ཕྱོགས་མི་ལེགས་པ་མང་དུ་འབྱུང་བཞིན་པ་འདི་དག་གི་འབྱུང་རྐྱེན་ལ།  ལོ་རྒྱུས་ཀྱི་གནས་སྐབས་སྣ་ཚོགས་ཀྱི་རྒྱུ་རྐྱེན་ཡོད་ན་ཡང་།  དངོས་ཀྱི་རྒྱུ་རྐྱེན་གལ་ཆེན་ཞིག་ནི། རང་རེའི་གྲོས་ཚོགས་ཀྱི་མི་སྣ་རེ་ཟུང་གི་བྱ་སྤྱོད་དང་། གཏམ་བཤད་ཀྱི་ཟུར་རེ་འགའ། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུའི་ཁྱབ་བསྒྲགས་གནང་སྟངས་། གནད་ཡོད་མི་སྣས་དབང་ཆ་བེད་ལོག་ཏུ་སྤྱོད་པའི་གནས་ཚུལ་སོགས་ལས་བྱུང་ཞིང་དེའི་ཤུགས་རྐྱེན་སྤྱི་ཚོགས་ཐོག་ཁྱབ་བརྡལ་དུ་སོང་བ་མངོན་གསལ་ཡིན།

འོ་ན། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྟེགས་བུ་ལ་སུ་ཞིག་འཁོད་མིན་ཏེ་ང་ཚོ་མང་ཚོགས་ལ་ཡོད་པའི་ཐོབ་ཐང་ཉག་གཅིག་ཡིན་པས། གནས་སྟངས་འདི་ལ་འགྱུར་བ་གཏོང་མི་ཐུབ་པ་ཞིག་ཀྱང་ག་ལ་ཡིན། འོན་ཀྱང་། གནས་སྐབས་ཀྱི་རིང་ལ་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་མེད་པར་གཏོང་ཐབས་ཤིག་མེད་པ་མ་ཟད། མེད་པར་བྱས་པའི་དབང་དུ་བཏང་ཡང་མི་རིགས་ཀྱི་ལོ་རྒྱུས་དང་། ང་ཚོའི་ད་ལྟའི་གནས་བབ་ལ་བློ་ཡུལ་ལས་འདས་པའི་ལྡོག་ཕྱོགས་ཀྱི་འགྱུར་ལྡོག་འགྲོ་སྲིད་པ་ཞིག་ཡིན། དེས་ན་ད་ལྟ་ང་ཚོས་བྱེད་ཐུབ་པ་དང་བྱེད་འོས་པ་ཞིག་ནི། གྲོས་ཚོགས་ཀྱི་གྲུབ་ཆ་ཡོང་སྟངས་ལ་ལེགས་བཅོས་གཏོང་རྒྱུ་དེ་ཡིན།

ཁོ་བོས་བསམས་ན། ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་དེ་ཚོ་སུ་ཞིག་ཡིན་ནའང་བོད་གངས་ཅན་པའི་སྤྱི་བའི་འཐུས་མི་ཡིན་པས། ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་སུ་ཡིན་ཀྱང་འོས་ཤོག་བརྒྱ་དགོས་པའི་དབང་དུ་བཏང་ཚེ། འོས་ཤོག་ལྔ་བཅུ་ཆོལ་ཁ་དང་ཆོས་བརྒྱུད་རང་ཁོངས་ནས་ཐོབ་དགོས་པ་དང་། གཞན་འོས་ཤོག་ཉེར་ལྔ་རེ་ཆོལ་ཁོངས་གཞན་གཉིས་ནས་བླུགས་པ་ཡིན་ན།  ད་གཟོད་ཆོལ་ཁ་དང་ཆོས་བརྒྱུད་དེའི་སྤྱི་འཐུས་སུ་ཐག་གཅོད་གནང་ཐུབ་ཚེ། ཆོལ་ཁ་དང་ཆོས་བརྒྱུད་ཀྱི་གླེང་རྙོག་རིགས་ཉུང་དུ་འགྲོ་རྒྱུ་མ་ཟད། མིང་དོན་གཉིས་མཚུངས་ཀྱི་སྤྱི་བའི་འཐུས་མི་ཞིག་ཏུ་བགྲངས་ཆོག་པ་ཡིན། དེ་ལྟར་ལག་ལེན་དུ་གནང་ན་སྤྱིའི་སྡིངས་ཆ་བེད་སྤྱོད་གནང་མཁན་ཚོས་ཀྱང་གང་བྱུང་ཕྱོགས་ཞེན་བྱེད་པར་ཡང་ཚད་བཀག་ངེས་ཅན་ཐེབས་རྒྱུ་དང་། ལས་དོན་བྱེད་ཕྱོགས་བཅས་ལ་ཡང་འགྱུར་བ་འགྲོ་ངེས་པ་ཡིན།

མདོར་ན། ཆོལ་ཁ་གསུམ་དང་། ཆོས་བརྒྱུད་ཀྱི་ཚབ་མཚོན་རང་འཇགས་བཞག་པའི་ཐོག འཐུས་མི་རྣམས་ལ་བོད་མི་སྤྱི་ཡོངས་ནས་སྟངས་འཛིན་བྱེད་ཐུབ་པ་ཞིག་བྱུང་ན། ང་ཚོའི་སྤྱི་བའི་ལས་དོན་ལ་ཕན་ཐོགས་ངེས་ཅན་ཞིག་ཡོང་ངེས་ཡིན་པའི་བསམ་ཚུལ་ཉུང་བསྡུས་འདི། བོད་མི་སྤྱི་སེམས་ཅན་ཚོར་ཕུལ་བའི་ལྷག་བསམ་གྱི་དར་དཀར་ཡུག་གཅིག་ཡིན་པ་ལས། སྐབས་འཚོལ་རིང་ལུགས་པ་དང་། དམར་གཞུང་གི་མགྲིན་ཚབ་པ་ཚོར་འབྲེལ་བ་ཅི་ཡང་མེད་དོ། །

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༤ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༥ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese