མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་སར་ཚེས་གཅིག་ཉིན་དྷ་ས་ནས་ལྡི་ལིར་གོམ་བགྲོད་གནང་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༢༡/༠༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་རྒྱ་གར་གྱིས་རྒྱ་ནག་གཅིག་གི་སྲིད་ཇུས་འཛིན་གྱི་ཡོད་ཀྱང་རྒྱ་ནག་གིས་རྒྱ་གར་གཅིག་གི་སྲིད་ཇུས་འཛིན་གྱི་མེད་པས་རྒྱ་གར་གྱིས་བསྐྱར་དུ་བསམ་གཏོང་དགོས་པའི་དུས་ལ་བབ་ཡོད་སྐོར་གྱི་འབོད་སྐུལ་གནང་རྒྱུ་ཡིན་འདུག

ཟླ་འདིའི་ཕྱི་ཚེས་ ༡༢ སྟེ་བོད་ཀྱི་ལོ་སར་ཚེས་ ༡ ཉིན་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་རྒྱ་གར་གྱི་མང་ཚོགས་ལ་བོད་ཀྱི་གནད་དོན་ཐད་གོ་རྟོགས་སྤེལ་ཐབས་སུ། བཞུགས་སྒར་དྷ་ས་ནས་ལྡི་ལི་བར་ཟླ་བ་ ༡ ལྷག་གི་རིང་ཁེར་རྐྱང་གི་གོམ་བགྲོད་ལས་འགུལ་ཞིག་སྤེལ་གཏན་ཁེལ་འདུག་ལ། ལས་འགུལ་དེ་བརྒྱུད་ནས་རྒྱ་གར་གཙོས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་འགྱུར་བ་གཏོང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་འདུག

དེ་ཡང་གོམ་བགྲོད་ལས་འགུལ་གྱི་བསྒྲགས་གཏམ་ནང་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། ངས་གཙོ་བོ་རྒྱ་གར་གཞུང་ལ་དགོས་འདུན་ནན་ཏན་གྱིས་ཞུ་རྒྱུ་ནི། རྒྱ་ནག་གཅིག་གི་སྲིད་ཇུས་བཟུང་བ་དེར་འགྱུར་བ་གཏོང་དགོས། རྒྱ་གར་གྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དེ་རྒྱལ་ཁབ་གཅིག་ལ་ངོས་འཛིན་བྱས་ནའང་། རྒྱ་ནག་གིས་དེ་ལྟར་ཡ་ལན་བྱེད་ཀྱི་མེད། རྒྱ་ནག་གིས་ཨ་རུ་ན་ཅལ་མངའ་སྡེ་ཁོང་ཚོའི་ཡིན་ཟེར་གྱི་ཡོད་པ་མ་ཟད། ཧི་མ་ཅལ་དང་། ལ་དྭགས། ཨུ་དིར་ཁན། འབྲས་ལྗོངས་བཅས་ཀྱི་ས་ཆའི་ཆ་ཤས་ཀྱང་ཁོང་ཚོའི་ཡིན་ཟེར་གྱི་ཡོད་པ་རེད། ཀ་ཤི་མིར་གྱི་གནད་དོན་ཐོག་རྒྱ་ནག་གིས་རྒྱ་གར་ལ་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ནང་ཞུ་གཏུག་ཡང་ཡང་བྱས་ཡོད་པ་རེད། ང་ཚོས་བསྐྱར་དུ་བསམ་བློ་གཏོང་དགོས་དོན་གཅིག་ལ། རྒྱ་ནག་གིས་རྒྱ་གར་རྒྱལ་ཁབ་གཅིག་ལ་ངོས་འཛིན་བྱེད་ཀྱི་མེད་ན། རྒྱ་གར་གྱིས་རྒྱ་ནག་རྒྱལ་ཁབ་གཅིག་ལ་ངོས་འཛིན་བྱེད་དོན་ཅི་ཡོད། ཅེས་བཀོད་འདུག

འདི་གའི་གསར་འགོད་པས་བསྟན་འཛིན་བརྩོན་འགྲུས་ལགས་སུ་ད་ལྟའི་དུས་སྐབས་འདིར་ལས་འགུལ་འདི་འདྲ་སྤེལ་དགོས་པའི་རྒྱུ་མཚན་གང་ཡིན་སྐོར་དྲིས་པར་ཁོང་གིས། འདས་ལོ་ནས་བཟུང་རྒྱ་གར་ནང་རྒྱ་ནག་ཐད་སེམས་ཁྲལ་བྱེད་མཁན་མང་དུ་ཕྱིན་ཡོད་པ་རེད། འོན་ཀྱང་ངའི་བསམ་ཚུལ་ལ་རྒྱ་གར་ནང་བོད་དོན་སྐོར་ཤེས་མཁན་ཧ་ཅང་ཉུང་ཉུང་རེད། མི་མང་ཙམ་དུ་མ་ཟད་ཤེས་ཡོན་པ་དང་གསར་འགོད་པ་རྣམས་ཀྱིས་ཀྱང་དེ་ཙམ་ཤེས་ཀྱི་མེད། བོད་ཀྱི་གནས་ཚུལ་མ་ཤེས་བར་དུ་རྒྱ་ནག་ལ་གདོང་ལེན་བྱེད་ཐུབ་ཐབས་མེད། དེར་བརྟེན། རྒྱ་གར་ནང་བོད་དོན་སྐོར་གོ་རྟོགས་སྤེལ་རྒྱུའི་དུས་ཚོད་ཏག་ཏག་སླེབས་འདུག་ལ། རྒྱ་གར་གྱིས་ཀྱང་ཉན་རྒྱུའི་དུས་ཚོད་ཅིག་ལ་སླེབས་ཡོད། ཅེས་བརྗོད་བྱུང་། དེ་བཞིན་རྒྱ་གར་གྱི་གཞི་རིམ་དང་མཐོ་རིམ་སློབ་དེབ་ནང་རྒྱ་གར་གྱི་ཁྱིིམ་མཚེས་རྒྱལ་ཁབ་བལ་ཡུལ་དང་། པཱ་ཀི་སི་ཐན་སོགས་ཀྱི་སྐོར་ལ་འཁོད་ཡོད་ཀྱང་བོད་སྐོར་གང་ཡང་འཁོད་མེད་སྐོར་དང་། ཉེ་ལམ་རྒྱ་གར་གྱི་དམག་མིས་བོད་ཀྱི་ལོ་རྒྱུས་དང་རིག་གནས་ཐད་སློབ་སྦྱོང་བྱ་དགོས་པའི་གནས་ཚུལ་ཞིག་ཀྱང་ཐོན་ཡོད་སྐོར་སོགས་བརྗོད་བྱུང་།

ཡང་གོམ་བགྲོད་ལས་འགུལ་གྱི་གནད་འགག་སྐོར་ལ་ཁོང་གིས། གོམ་བགྲོད་ཟེར་བ་དེ་ས་གནས་ས་ཐོག་རང་ལ་འགྲོ་ཡི་ཡོད་སྟབས། རང་བཞིན་གྱིས་མི་མང་པོ་དང་ཐུག་འཕྲད་བྱུང་གི་ཡོད་ལ། གོམ་བགྲོད་ཀྱི་དུས་ཡུན་རིང་པོ་ཡིན་སྟབས་གནས་ཚུལ་འགྲེམ་སྤེལ་གྱི་དུས་ཚོད་ཀྱང་རིང་པོ་རག་གི་ཡོད། དེ་བཞིན་མི་ཞིག་དངོས་སུ་གོམ་པ་བརྒྱབ་སྟེ་དཀའ་ལས་བརྒྱབ་དུས། མི་སུ་འདྲ་ཞིག་ཡིན་ནའང་དེར་ལྟ་ཉན་བྱ་རྒྱུ་དང་དོ་སྣང་ཤུགས་ཆེ་བ་བྱེད་ཀྱི་རེད། འཛམ་གླིང་གི་ལོ་རྒྱུས་ཁྲོད་དུའང་རྒྱ་གར་ནང་གྷན་དྷི་དང་། ཨ་ཧྥེ་རི་ཁའི་ནང་མན་ཌེ་ལ། གཞན་ཡང་ཨ་རིའི་ནང་མར་ཊིན་ལུ་ཐར་ཀིང་སོགས་ཀྱིས་ཞི་བའི་གོམ་བགྲོད་བྱས་ཡོད་སྟབས། གོམ་བགྲོད་ཟེར་བ་དེ་མང་ཚོགས་ཁྲོད་གོ་རྟོགས་སྤེལ་རྒྱུའི་ཐབས་ལམ་གནད་འགག་ཅིག་ཏུ་རྩི་ཡི་ཡོད་པ་རེད། ཅེས་བརྗོད་བྱུང་།

འདས་པའི་ལོ་གཅིག་ནང་ལ་དྭགས་ཀྱི་བོད་ཧིན་ས་མཚམས་སུ་རྒྱ་དཀར་ནག་གི་དམག་མིའི་བར་གདོང་ཐུང་བྱུང་བ་དང་བསྟུན། རྒྱ་གར་ནང་གི་བོད་མི་སྒེར་ཚུད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་སྦག་སྦག་སྐོར་སྐྱོད་ལས་འགུལ་དང་། མི་སྒེར་གྱི་གོམ་བགྲོད་ལས་འགུལ་སོགས་བརྒྱུད་ནས་རྒྱ་གར་གྱི་གཞུང་དམངས་གཉིས་ལ་བོད་དོན་ཐོག་གོ་རྟོགས་སྤེལ་ཐུབ་པ་བྱུང་ཡོད་ཅིང་། རྒྱ་གར་གྱི་རྒྱལ་ཡོངས་གསར་འགྱུར་བརྒྱུད་ལམ་ཁག་ཏུའང་སྔར་དང་མི་འདྲ་བར་བོད་དོན་ཐོག་དོ་སྣང་དང་གནས་ཚུལ་འགྲེམ་སྤེལ་ཤུགས་ཆེ་རུ་སོང་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

སྲིད་སྐྱོང་མཆོག་ནས་ལས་ཀ་ག་རེ་བྱས་ནའང་མདུན་སྐྱོད་དེ་གལ་ཆེན་པོར་རྩིས་ནས་འདས་པའི་ལོ་ལྔའི་རིང་ཕྱག་ལས་གནང་བ་ལྟར་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུངས་འདུག

སྐར་མ ༧ སྔོན་ལ།
Mobile App

བོད་ལྗོངས་དམངས་འཐུས་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ཀྱི་གནས་ཚུལ་ཞུ་གཏུག་བྱས།

སྐར་མ ༥༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༢༡ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༢༣ སྔོན་ལ།
༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འཇོག་གནང་མཛད། ༢༠༢༢།༡།༣  དུས་བབ་ཀྱི་པར།
Mobile App

རྒྱ་བལ་གནས་ཆེན་ཁག་གི་བོད་བརྒྱུད་ནང་བསྟན་གྱི་གཟི་འོད།

༢༠༢༦/༠༢/༢༤
ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

༢༠༢༦/༠༢/༢༣

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 5 སྔོན།

    ཡག་པོ་རེད་རྗེས་སུ་ཡིད་རངས་ཡོད་། གལ་ཆེ་ཤོས་དེ་བཙན་བྱོལ་བོད་མིའི་བཅའ་
    ཁྲིམས་དོན་ཚན་བཅོ་ལྔ་ནང་འཁོད་པའི་བོད་དོན་བདེན་མཐའ་སེལ་ཐུབ་པ་ལ་དབུས་བོད་
    མིའི་སྒྲིག་འཛུགས་ཀྱི་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་སྲིད་ཇུས་བརྒྱུད་ནས་བོད་རྒྱ་
    གཉིས་མི་དང་མི་ཐུག་ནས་ཕར་བཤད་ཚུར་ཉན་དང་ཚུར་བཤད་ཕར་ཉན་བརྒྱུད་ནས་
    བོད་རྒྱའི་དཀའ་ངལ་སེལ་དགོས་པ་དེ་གལ་ཆེན་དོན་ཆེན་ཞིག་ལ་ངོས་འཛིན་ཞུ་གི་ཡོད་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese