མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་སྲིད་གཞུང་གསར་པས་བོད་དོན་གྲོས་ཆོད་ལག་བསྟར་གནང་གི་ཡོད་མེད་གྲོས་ཚོགས་འཐུས་མིས་ལྟ་ཞིབ་དགོས།

བོད་ཀྱི་དུས་བབ།
༢༠༢༡/༠༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་ཇིམ་སི་མེག་གྷོ་ཝན་ལགས་ཀྱིས་སྲིད་འཛིན་བྷའེ་ཌིན་མཆོག་གི་སྲིད་གཞུང་ནས་༧གོང་ས་མཆོག་ལ་མཇལ་མོལ་གནང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་སྐོར་གསུངས་འདུག

ཁ་སང་ཕྱི་ཚེས་ ༡༦ ཉིན་ཨ་རིའི་མེ་ས་ཆུ་སེཌ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག ཨ་རིའི་གྲོས་ཚོགས་ནང་ཕྱི་ལོ་ ༢༠༢༠ ལོའི་ཨ་རིའི་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཡིག་གཏན་འབེབ་བྱུང་བར་དགའ་བསུ་དང་། གཏན་འབེབ་ཀྱི་བརྒྱུད་རིམ་ཁྲོད་གྲོས་ཚོགས་ནང་ཁྲིམས་འཆར་ངོ་སྤྲོད་གནང་མཁན་གྲོས་ཚོགས་འོག་མའི་འཐུས་མི་ཇིམ་སི་མེག་གྷོ་ཝན་ (James McGovern) ལགས་དང་། གྲོས་ཚོགས་གོང་མའི་འཐུས་མི་མཱར་ཁོ་རུ་བྷི་ཡོ་ (Marco Rubio) ལགས་གཉིས་ལ་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོ་ཞིག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བརྙན་འཕྲིན་ཚན་པའི་དྲ་ལམ་བརྒྱུད་ཚོགས་ཡོད་པ་དང་། དེའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་གཙོས་ཨ་རིའི་དོན་གཅོད་དངོས་གྲུབ་ཚེ་རིང་ལགས། གྲོས་ཚོགས་འཐུས་མི་ཇིམ་སི་མེག་གྷོ་ཝན་ (James McGovern) ལགས་དང་འཐུས་མི་མཱར་ཁོ་རུ་བྷི་ཡོ་ (Marco Rubio) ལགས་ཀྱི་སྐུ་ཚབ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བུ་ཆུང་ཚེ་རིང་ལགས་སོགས་མཉམ་ཞུགས་གནང་ཡོད་འདུག

སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་གཙོས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་ཨ་རིའི་བོད་དོན་ཁྲིམས་ཡིག་གཏན་འབེབ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཡོད་པ་དང་། ལྷག་པར་དུ་བོད་ནང་དང་བཙན་བྱོལ་བོད་མི་ཡོངས་ཀྱིས་དགའ་བསུ་ཆེན་པོ་བྱས་ཡོད་པ་མ་ཟད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཧ་ཅང་ཡག་པོ་བྱུང་ཡོད་པ་གསུངས་ཡོད་སྐོར་དང་།  ཁྲིམས་ཡིག་དེ་གཏན་འབེབ་བྱུང་བར་བརྟེན་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བདུན་གཅིག་ཙམ་གྱི་རིང་དྲག་དམག་འགྲེམ་འཇོག་དང་། ཕོ་བྲང་པོ་ཏ་ལའི་ཐོག་དྲག་དམག་ཐད་ཕུར་གནམ་གྲུས་སྐོར་གཡེང་བྱས་ཡོད་སྐོར་སོགས་གསུངས་འདུག

དེའི་རྗེས་གྲོས་ཚོགས་འཐུས་མི་ཇིམ་སི་མེག་གྷོ་ཝན་ (James McGovern) ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཨ་རིར་ཕེབས་ཏེ་སྲིད་འཛིན་བྷའེ་ཌིན་མཆོག་དང་སྲིད་འཛིན་གཞོན་པ་ཀ་མ་ལ་ཧ་རི་སི་ (Kamala Harris) གཉིས་ལ་མཇལ་མོལ་གནང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་དང་། ཉེ་བའི་ལོ་འགའི་ནང་ཨ་རི་གཞུང་གིས་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་དང་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་གྱི་ཁྲིམས་གལ་ཆེན་གཉིས་གཏན་འབེབ་བྱས་ཡོད་པ་དང་། ཨ་རིའི་བྷའེ་ཌིན་སྲིད་གཞུང་གིས་ཁྲིམས་དེ་དག་ལག་བསྟར་བྱེད་ཀྱི་ཡོད་མེད་ལ་བལྟ་རྒྱུ་ནི་གྲོས་ཚོགས་འཐུས་མིའི་འགན་འཁྲི་ཡིན་སྐོར་དང་། ཨ་རིའི་དམིགས་བསལ་བོད་དོན་འབྲེལ་མཐུད་པ་ཞིག་འཕྲལ་དུ་བསྐོ་བཞག་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ། དེ་བཞིན་བྷའེ་ཌིན་སྲིད་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་དང་འབྲེལ་ནས་ཐེ་ཇུས་བྱེད་མཁན་གྱི་རྒྱ་ནག་གི་མཐོ་རིམ་ལས་བྱེད་དག་ལ་ཆད་འགེལ་བྱེད་དགོས་སྐོར། དེ་བཞིན་སྟོབས་ཆེན་རྒྱལ་ཁབ་རྒྱ་ནག་ལྟ་བུ་ཞིག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཞེད་སྣང་སྐྱེ་ཡི་ཡོད་པའི་རྒྱུ་མཚན་ནི་༧གོང་ས་མཆོག་ནི་ཞི་བདེ་དང་དྲང་བདེན། བྱམས་བརྩེའི་བདག་ཉིད་ཆེན་མོ་ཞིག་ཡིན་པ་དང་། ཨ་རིའི་གྲོས་ཚོགས་འཐུས་མི་ཚུད་པའི་མི་ཧ་ཅང་མང་པོ་ཞིག་གི་ཡིད་སྨོན་ཞུ་ས་ཞིག་ཡིན་སྐོར་དང་། ཉེ་བའི་ཨ་རིའི་བོད་དོན་ཁྲིམས་ཡིག་དེ་ནི་བོད་མི་ཡོངས་དང་ལྷག་པར་དུ་ཨ་རིར་གནས་སྡོད་བོད་མི་ཚོས་མཉམ་རུབ་ཀྱིས་འབད་བརྩོན་བྱས་པ་ཞིག་ཡིན་སྐོར་གསུངས་འདུག

ཨ་རིའི་བོད་དོན་ཁྲིམས་ཡིག་དང་འབྲེལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས། ཁྲིམས་ཡིག་དེ་ཡིས་བོད་མི་ཚོར་རེ་བ་ཞིག་སྦྱིན་ཡོད་སྟབས་གྲོས་ཚོགས་འཐུས་མི་ཇིམ་སི་མེག་གྷོ་ཝན་ (James McGovern) དང་མཱར་ཁོ་རུ་བྷི་ཡོ་ (Marco Rubio) ལགས་གཉིས་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུས་འདུག་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་དམ་བཅའ་ཁག་ལ་རྒྱབ་སྐྱོར་གནང་བ་དང་ཨ་རིའི་བོད་རིགས་ཡོངས་ཀྱི་མངོན་འདོད་སྣང་མེད་དུ་མ་བཞག་པ་ལའང་ཐུགས་རྗེ་ཆེ་ཞུས་འདུག ཕྱི་ལོ་ ༡༩༧༩ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཨ་རིར་ཕེབས་པ་ནས་བཟུང་། ཨ་རིའི་གྲོས་ཚོགས་ཀྱིས་བོད་དོན་ཐད་ཁྲིམས་ཡིག་ཆེ་ཁག་ ༤ གཏན་འབེབ་བྱས་ཡོད་པ་དང་། འཐུས་མི་ཇིམ་སི་མེག་གྷོ་ཝན་ (James McGovern) ལགས་ནས་ཁྲིམས་ཡིག་དེ་དག་ཚང་མའི་ཐོག་ནུས་པ་ཆེན་པོ་བཏོན་ཡོད་པ་དང་། ཨ་རིའི་གྲོས་ཚོགས་ནང་བོད་དོན་ཁྲིམས་ཡིག་ཁག་གཏན་འབེབ་དང་འབྲེལ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་སྐུ་ལས་མང་པོ་ཞིག་བསྐྱོན་ཡོད་པ་དང་། ཁོང་གིས་ད་ལྟའི་ཨ་རི་རྒྱལ་ས་ཝ་ཤིན་ཊོན་གྱི་བོད་དོན་ལས་འགུལ་གྱི་གཞི་རྩ་བཏིང་ཡོད་སྐོར་བརྗོད་འདུག

གཞན་ཡང་། འདི་ལོའི་བོད་ཀྱི་ལོ་སར་དང་སྟབས་བསྟུན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་ཀྱི་ལོ་སར་ལ་འཚམས་འདྲི་ཞུ་སྐབས། ཚོགས་པ་དེས་ཕྱི་ལོ་ ༢༠༢༠ ལོའི་ཨ་རིའི་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་ཀྱི་ཁྲིམས་ཡིག་གཏན་འབེབ་བྱུང་བར་དགའ་བསུ་ཞུས་ཡོད་པ་དང་། ཁྲིམས་ཡིག་གཏན་འབེབ་དེ་ནི་བོད་དོན་ཆེད་ཧ་ཅང་གལ་གནད་ཆེན་པོ་ཡིན་ལ། དབུ་མའི་ལམ་གྱི་དགོངས་དོན་འོག་བོད་དོན་སེལ་བ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱིར་བོད་དུ་མ་ཕེབས་བར་དུ་མུ་མཐུད་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་བཀོད་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༣།༢༦ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ལས་ཀ་ག་རེ་བྱས་ནའང་མདུན་སྐྱོད་དེ་གལ་ཆེན་པོར་རྩིས་ནས་འདས་པའི་ལོ་ལྔའི་རིང་ཕྱག་ལས་གནང་བ་ལྟར་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུངས་འདུག

སྐར་མ ༡༣ སྔོན་ལ།
Mobile App

བོད་ལྗོངས་དམངས་འཐུས་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ཀྱི་གནས་ཚུལ་ཞུ་གཏུག་བྱས།

སྐར་མ ༥༨ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༢༢ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༢༣ སྔོན་ལ།
༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འཇོག་གནང་མཛད། ༢༠༢༢།༡།༣  དུས་བབ་ཀྱི་པར།
Mobile App

རྒྱ་བལ་གནས་ཆེན་ཁག་གི་བོད་བརྒྱུད་ནང་བསྟན་གྱི་གཟི་འོད།

༢༠༢༦/༠༢/༢༤
ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

༢༠༢༦/༠༢/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese