མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིས་ཁ་བྲལ་རིང་ལུགས་ལ་རྒྱབ་སྐྱོར་མཚམས་འཇོག་དགོས་ཟེར།

བོད་ཀྱི་དུས་བབ།
༢༠༢༡/༠༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གིས་ཨ་རིས་རྒྱ་ནག་ཐོག་འཛིན་བཞིན་པའི་སྲིད་ཇུས་སྙོམས་སྒྲིག་གིས། རྒྱ་ནག་ལ་དཔལ་འབྱོར་ཐོག་ནས་ཉེས་ཆད་གཏོང་བཞིན་པ་མཚམས་འཇོག་དང་ཨ་རྒྱ་གཉིས་ནས་གྲོས་མོལ་བྱེད་པར་གྲ་སྒྲིག་ཡོད་སྐོར་བརྗོད་འདུག

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡ ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་མགོ་འཛུགས་བྱས་ཤིང་། རྒྱ་ནག་དང་རྒྱལ་ཁབ་གཞན་བར་གྱི་འབྲེལ་ལམ་སྐོར་གྱི་ལོ་འཁོར་ཚོགས་འདུའི་ (Lanting Forum) སྟེང་། དེ་རིང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ་ཡིས། ཨ་རིས་རྒྱ་ནག་དམར་ཤོག་ཚོགས་པ་དང་དེའི་ཆབ་སྲིད་ལམ་ལུགས། ད་དུང་རྒྱ་ནག་དངོས་ཟོག་དང་བཟོ་གྲྭ་ཁག་ལ་ཚོང་འབྲེལ་ཉེས་ཆད་མཚམས་འཇོག་དང་། བོད་དང་ཧོང་ཀོང་། ཤིན་ཅང་བཅས་ཀྱི་ཁ་བྲལ་རིང་ལུགས་ལ་རྒྱབ་སྐྱོར་མཚམས་འཇོག་དགོས་པའི་སྐུལ་མ་བཏང་ཡོད་འདུག

དེ་འབྲེལ་གནས་ཚུལ་ནང་ཝང་ཡེ་ཡིས། བྷའེ་ཌན་གཞུང་གིས། སྲིད་འཛིན་ཟུར་བ་ཊོམ་ཕུའི་རྒྱ་ནག་ཐོག་མཁྲེགས་འཛིན་བྱས་པའི་སྲིད་ཇུས་ཁག་སྙོམས་སྒྲིག་གིས། ཨ་རྒྱ་གཉིས་ཞི་བའི་ངང་འཕེལ་རྒྱས་དང་མཉམ་གནས་ཀྱི་ཕྱོགས་སུ་བསྐྱོད་དགོས་ཀྱི་ཡོད་པ་མ་ཟད། རྒྱ་ནག་གིས་ཨ་རིར་ཁ་གཏད་གཅོག་པའམ་རྒྱལ་སྤྱིའི་སྟེང་གི་ཨ་རིའི་གོ་བབས་འཛིན་འདོད་མེད་སྐོར་བརྗོད་འདུག

ཉེ་སྔོན་ཕྱི་ཚེས་ ༡༡ ཉིན་སྲིད་འཛིན་བྷའེ་ཌན་གྱིས། ཁ་པར་བརྒྱུད་ཞི་ཅིན་ཕིན་དང་གྲོས་མོལ་ཐོག་མ་བྱས་སྐབས། ཁོས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་མཇུག་འབྲས་ངན་པ་ཡོང་རྒྱུ་ཡིན་པའི་ཉེན་བརྡ་བཏང་སྟེ། མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་སྟེང་ཨ་རིས་མུ་མཐུད་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་ཡིན་སྐོར་ཞི་ཅིན་ཕིན་ལ་བཤད་ཡོད་ཅེས་བརྗོད་ཡོད་པ་རེད།

ཡང་ཝང་ཡེ་ཡིས། ང་ཚོའི་རེ་བར་ཨ་རིས་རྒྱ་ནག་ཐོག་འཛིན་བཞིན་པའི་སྲིད་ཇུས་སྙོམས་སྒྲིག་བྱས་ཏེ། རྒྱུ་མཚན་མེད་པར་རྒྱ་ནག་གི་དངོས་ཟོག་ཐོག་དཔྱ་ཁྲལ་བཀལ་རྒྱུ་དང་རྒྱ་ནག་གི་བཟོ་ཚོང་ཁང་དང་ཉམས་ཞིབ་སྡེ་ཚན། དེ་བཞིན། སློབ་གསོའི་སྡེ་ཁག་སོགས་སུ་དཔལ་འབྱོར་ཐོག་ནས་ཉེས་ཆད་གཏོང་བཞིན་པ་མཚམས་འཇོག་དང་། ལྷག་པར་དུ་ཨ་རིས་དོན་དངོས་དང་མི་མཐུན་པར་རྒྱ་ནག་ལ་དྲག་གནོན་བྱ་རྒྱུ་མཚམས་འཇོག་དགོས་ཀྱི་ཡོད། ཅེས་འབོད་སྐུལ་ཞུས་ཡོད་པ་མ་ཟད། རྒྱ་ནག་གིས་ཨ་རྒྱ་གཉིས་ནས་གྲོས་མོལ་གྱི་ལམ་ནས་ཕྱོགས་གཉིས་དབར་གྱི་འགལ་ཟླ་ཁག་མེད་པར་བཟོས་ཏེ་དཀའ་ངལ་སེལ་བར་གྲ་སྒྲིག་ཡོད་སྐོར་སོགས་བརྗོད་ཡོད་འདུག

ད་ལྟ་ཨ་རྒྱ་གཉིས་དབར་ཚོང་འབྲེལ་དང་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས། ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་རྒྱ་ནག་གི་དྲག་པོའི་དམག་ཤུགས། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སོགས་དང་འབྲེལ་ནས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཆེས་ཚད་དམའ་ཤོས་སུ་བསླེབས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༣།༢༦ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ལས་ཀ་ག་རེ་བྱས་ནའང་མདུན་སྐྱོད་དེ་གལ་ཆེན་པོར་རྩིས་ནས་འདས་པའི་ལོ་ལྔའི་རིང་ཕྱག་ལས་གནང་བ་ལྟར་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུངས་འདུག

སྐར་མ ༡༣ སྔོན་ལ།
Mobile App

བོད་ལྗོངས་དམངས་འཐུས་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ཀྱི་གནས་ཚུལ་ཞུ་གཏུག་བྱས།

སྐར་མ ༥༨ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༢༢ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༢༣ སྔོན་ལ།
༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འཇོག་གནང་མཛད། ༢༠༢༢།༡།༣  དུས་བབ་ཀྱི་པར།
Mobile App

རྒྱ་བལ་གནས་ཆེན་ཁག་གི་བོད་བརྒྱུད་ནང་བསྟན་གྱི་གཟི་འོད།

༢༠༢༦/༠༢/༢༤
ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

༢༠༢༦/༠༢/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese