མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁེ་ན་ཌའི་གྲོས་ཚོགས་ནས་རྒྱ་ནག་གིས་ཡུ་གུར་མི་རིགས་རྩ་གཏོར་གཏོང་གི་ཡོད་པར་ངོས་འཛིན་བྱས།

བོད་ཀྱི་དུས་བབ།
༢༠༢༡/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཁེ་ན་ཌའི་གྲོས་ཚོགས་ཀྱིས་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་རྩ་སྟོང་གི་སྲིད་ཇུས་མུ་མཐུད་སྤེལ་ཚེ་རྒྱ་ནག་ནང་འཚོག་འཆར་ཡོད་པའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཕྱིར་འཐེན་བྱེད་དགོས་པའི་སྐུལ་འདེད་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག

དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁེ་ན་ཌའི་གྲོས་ཚོགས་ནང་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་རྩ་སྟོང་བཟོ་ཡི་ཡོད་མེད་ཐད་མང་མོས་འོས་བསྡུ་བྱས་སྐབས། དགག་བྱ་གཅིག་ཀྱང་མེད་པར་གྲོས་ཚོགས་འཐུས་མི་ ༢༦༦ གིས་མོས་མཐུན་བྱས་ཏེ། ཚད་མཐོའི་རྒྱབ་སྐྱོར་ཐོག་ཁེ་ན་ཌའི་གྲོས་ཚོགས་ནས། རྒྱ་ནག་གིས་ཡུ་གུར་མི་རིགས་རྩ་སྟོང་བཟོ་ཡི་ཡོད་པར་ངོས་འཛིན་བྱས་ཡོད་པ་དང་། ཁེ་ན་ཌ་ནི་ཨ་རི་རྗེས་ཀྱི་རྒྱལ་སྤྱིའི་སྟེང་རྒྱ་ནག་གིས་ཡུ་གུར་མི་རིགས་རྩ་སྟོང་གཏོང་གི་ཡོད་པར་ངོས་འཛིན་གནང་མཁན་གཉིས་པ་དེ་ཡིན་པ་རེད།

བྷི་བྷི་སི་གསར་ཁང་གི་གནས་ཚུལ་ནང་། ཁེ་ན་ཌའི་གྲོས་ཚོགས་གོང་མའི་ནང་ཡུ་གུར་མི་རིགས་རྩ་སྟོང་གཏོང་གི་ཡོད་པའི་མང་མོས་འོས་བསྡུར་ཚད་མཐོའི་རྒྱབ་སྐྱོར་ཐོབ་པ་དང་འབྲེལ། ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཚོས། གལ་སྲིད་རྒྱ་ནག་གཞུང་གིས་མུ་མཐུད་ཡུ་གུར་མི་རིགས་རྩ་སྟོང་གི་སྲིད་ཇུས་སྤེལ་ཚེ། ཁེ་ན་ཌ་གཞུང་ནས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱུན་ལས་ཚོར་ཕྱི་ལོ་ ༢༠༢༢ ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་པེ་ཅིན་དུ་འཚོག་རྒྱུ་ཕྱིར་འཐེན་བྱེད་དགོས་པའི་སྐུལ་འདེད་གཏང་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

ད་རེས་མང་མོས་འོས་བསྡུའི་སྐབས། ཁ་ན་ཌའི་སྲིད་བློན་ཇཱ་སི་ཊན་ཊུ་རུ་ཌོ་(Justin Trudeau) ལགས་ཀྱི་སྣེ་འཁྲིད་པའི་བློན་ཆེན་ཕལ་ཆེ་བས་འོས་བླུགས་མེད་པ་དང་། སྲིད་བློན་ཊུ་རུ་ཌོ་གཞུང་གིས། དེ་སྔ་ནས་རྒྱ་ནག་གིས་ཡུ་གུར་མི་རིགས་ལ་དྲག་གནོན་ཤུགས་ཆེན་བྱེད་ཀྱི་ཡོད་པའི་ངོས་འཛིན་འོག ཤིན་ཅང་ཁུལ་གྱི་ཡུ་གུར་མི་རིགས་ཀྱི་གནས་སྟངས་ལ་མུ་མཐུད་ཞིབ་འཇུག་བྱས་རྗེས།  ཡུ་གུར་མི་རིགས་རྩ་གཏོར་གཏོང་གི་ཡོད་མེད་ཀྱི་ཐག་གཅོད་ལེན་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། འོས་བསྡུའི་སྐབས་ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་མག་གྷར་ནའེ་ (Marc Garneau) ལགས་ཀྱིས། ངས་ཁེ་ན་ཌ་གཞུང་གི་ཚབ་བྱས་ཏེ་འོས་བླུགས་མེད་ཅེས་ཡོངས་བསྒྲགས་བྱས་ཡོད་པ་རེད།

དེ་རིང་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་སྟེང་། ཤིན་ཅང་རང་སྐྱོང་ཁུལ་གྱི་དམར་ཤོག་དྲུང་ཆེ་ཁྲིན་ཆན་གོ་ (Chen Quanguo) ཟེར་བས། རྒྱ་ནག་གིས་ཤིན་ཅང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་། ས་གནས་མང་ཚོགས་ལ་སྡོད་ཁང་འཛུགས་སྐྲུན་གྱིས་མི་མང་གི་འཚོ་བ་གོང་འཕེལ། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་སྲུང་སྐྱོབ། དེ་བཞིན་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཐད་སྔོན་འགོག་ནན་མོ་བྱས་པ་སོགས་དོན་ཚན་ཆེན་པོ་དྲུག་བགྲངས་ཏེ། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུ་གུར་མི་རིགས་རྩ་སྟོང་བཟོ་ཡི་ཡོད་ཟེར་བ་ནི་བདེན་པ་མིན་པའི་ལན་འདེབས་བྱས་ཡོད་པ་དང་། ཁ་སང་རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་ཡེ་ཡིས།  རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་སྟེང་། ཤིན་ཅང་ཁུལ་གྱི་གནད་དོན་ནི་ཁ་བྲལ་དང་འཇིགས་སྐུལ་རིང་ལུགས་ལ་ཁ་གཏད་གཅོག་པར་གནད་འགོག་ཆགས་ཡོད། འོན་ཀྱང་། དོན་དངོས་ཐོག་ཤིན་ཅང་ཁུལ་དུ་མི་རིགས་རྩ་སྟོང་དང་ངལ་སྩོལ་སྒྱུར་བཀོད་ཟེར་བ་ཁྱོན་ནས་མེད་ཅེས་བརྗོད་ཡོད་པ་རེད།

ཡང་ཁེ་ན་ཌའི་ཁ་གཏད་སྲིད་དོན་ཚོགས་པའི་ཚོགས་གཙོ་ཨའེ་རེན་ (Erin O’Toole) ལགས་ཀྱིས། ཁེ་ན་ཌས་ཚོང་འབྲེལ་གྱི་གོ་སྐབས་ཁག་ཅིག་བློས་གཏོང་བྱེད་དགོས་བྱུང་ཡང་། ང་ཚོས་རྒྱ་ནག་གིས་ཡུ་གུར་མི་རིགས་རྩ་སྟོང་བཟོ་ཡི་ཡོད་པར་རྒྱབ་སྐྱོར་གྱིས། རྒྱ་ནག་ལ་ཁེ་ན་ཌའི་གཞུང་འགྲོ་བ་མིའི་ཐོབ་ཐང་དང་དེའི་ཆེ་མཐོང་སོགས་ཀྱི་སླད་དུ་ལངས་ཕྱོགས་བརྟན་པོ་ཡོད་པའི་བརྡ་ལན་ཁ་གསལ་ཞིག་སྤྲོད་ཀྱི་ཡོད། ཅེས་བརྗོད་ཡོད་པ་རེད།

ཡུ་གུར་མི་རིགས་རྩ་སྟོང་གཏོང་གི་ཡོད་པའི་ངོས་འཛིན་བྱས་པ་ནི། ཁེ་ན་ཌ་དང་རྒྱ་ནག་བར་གྱི་འབྲེལ་ལམ་ལ་འགལ་ཟླ་བྱུང་བ་གསར་ཤོས་ཤིག་ཆགས་ཀྱི་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོར་ཁེ་ན་ཌ་གཞུང་གིས། རྒྱ་ནག་གཞུང་འབྲེལ་གྱི་ཧཱ་ཝེ་འཕྲུལ་རིགས་བཟོ་ཚོང་ཁང་གི་ནོར་སྲིད་འགན་འཛིན་མེན་ཝན་ཀྲའོ་ (Meng Wanzhou) འཛིན་བཟུང་བཀག་ཉར་བྱས་པ་དང་། རྒྱ་ནག་གིས་ཁེ་ན་ཌའི་གཞུང་འབྲེལ་མི་སྣ་མའེ་ཁེལ་ (Michael Kovrig) དང་མའེ་ཁེལ་སི་པཱ་ཝོར་ (Michael Spavor) གཉིས་འཛིན་བཟུང་གིས་ཁེ་ན་ཌར་རྒོལ་ལན་སློག་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༣།༢༦ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ལས་ཀ་ག་རེ་བྱས་ནའང་མདུན་སྐྱོད་དེ་གལ་ཆེན་པོར་རྩིས་ནས་འདས་པའི་ལོ་ལྔའི་རིང་ཕྱག་ལས་གནང་བ་ལྟར་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུངས་འདུག

སྐར་མ ༡༣ སྔོན་ལ།
Mobile App

བོད་ལྗོངས་དམངས་འཐུས་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ཀྱི་གནས་ཚུལ་ཞུ་གཏུག་བྱས།

སྐར་མ ༥༨ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༢༢ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༢༣ སྔོན་ལ།
༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འཇོག་གནང་མཛད། ༢༠༢༢།༡།༣  དུས་བབ་ཀྱི་པར།
Mobile App

རྒྱ་བལ་གནས་ཆེན་ཁག་གི་བོད་བརྒྱུད་ནང་བསྟན་གྱི་གཟི་འོད།

༢༠༢༦/༠༢/༢༤
ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

༢༠༢༦/༠༢/༢༣

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 5 སྔོན།

    འོ་དེ་རེད་། རྒྱ་མིའི་བོད་མི་རིགས་དང་། བོད་ཀྱིས་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་
    རྩ་མེད་བཟོ་དང་བཟོ་བཞིན་པ་ནས་མི་ལོ་དྲུག་བཅུ་ཕྱིན་པ་དེ་ཁེ་ན་ཌ་གཞུང་གི་མ་མཁྱེན་པ་རེད་དམ་
    བོད་པས་འབྲེལ་བཤད་མ་ཐུབ་པ་རེད་???

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese