མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་བུད་མེད་ཀྱིས་རྒྱལ་སྤྱིའི་བུད་མེད་དུས་ཆེན་སྲུང་གཙི་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༣/༠༨
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་རོགས་རམ་འབྲེལ་མཐུད་ལས་ཁུངས་ཀྱིས་བོད་པའི་བུད་མེད་སུ་རུང་ལ་ཁྱིམ་གྱི་དྲག་སྤྱོད་སོགས་ཀྱི་གནོད་འཚེ་བྱུང་ཚེ་ལས་ཁུངས་དེར་བཅར་བའམ་ཁ་པར་སོགས་བརྒྱུད་འབྲེལ་བ་བྱས་ན་བརྒྱ་ཆ་ ༡༠༠ རོགས་རམ་བྱ་མ་ཐུབ་ནའང་བརྒྱ་ཆ་ ༩༩ བྱ་ངེས་ཡིན་སྐོར་བརྗོད་བྱུང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་བཞུགས་སྒར་དྷ་སའི་མེག་གྷན་ཁྲོམ་གཞུང་དུ། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱལ་སྤྱིའི་བུད་མེད་ཉིན་མོ་སྲུང་གཙི་གནང་བ་དང་བསྟུན། འདས་ལོར་འཛམ་གླིང་ཡོངས་ནང་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་སྐབས། ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་རྣམས་ཀྱིས་མ་སྐུལ་དྭང་བླངས་ཐོག་ནས་བོད་མི་གཙོས་པའི་ས་གནས་ཡུལ་མི་རྣམས་ལ་སྐམ་ཟས་བགོ་འགྲེམ་ལ་སོགས་པའི་སྤྱི་ཚོགས་ཞབས་ཞུའི་ལས་འགུལ་སྤེལ་བ་ཁག་གསལ་འདོན་གནང་སོང་།

དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་འདི་གའི་གསར་འགོད་པར། ལོ་ ༡༠༠ ཡར་སྔོན་དང་བསྡུར་ན་ད་ལྟའི་བུད་མེད་རྣམས་ཀྱི་གནས་སྟངས་ལ་ཁྱད་པར་ཞེ་དྲག་ཕྱིན་ཡོད། དེང་སང་སོ་སོས་བྱས་པ་ཡིན་ན་དེར་འགོག་མཁན་དང་གནོན་མཁན་ཡོད་པ་མ་རེད། དཔེར་ན་མི་ཚང་ཞིག་ལ་ཆ་མཚོན་ན། འགའ་ཤས་མ་གཏོགས་འདྲ་འདྲ་བྱ་རྒྱུའི་གོ་སྐབས་རག་གི་ཡོད་པ་རེད། དེ་བཞིན་སློབ་གྲྭ་དང་ལས་ཀ་བྱེད་སའི་ནང་དུའང་དཀའ་ངལ་ཕྲན་བུ་ཡོད་ན་མ་གཏོགས། ལོ་ ༡༠༠ ཡི་སྔོན་དང་བསྡུར་ན། ད་ལྟའི་བུད་མེད་རྣམས་ཀྱི་གནས་སྟངས་ཡག་ཐག་ཆོད་ཡོད་པ་རེད། ཅེས་དང་། ༢༠༢༠ ལོར་ཏོག་དབྱིབས་གཉན་རིམས་ཀྱི་སྐབས་ས་གནས་ཀྱི་བུད་མེད་ལྷན་ཚོགས་རྣམས་ཀྱིས་རང་གི་སྲོག་ཉེན་ལ་མ་ལྟོས་པར། སོ་སོའི་སྤྱི་ཚོགས་ཁྲོད་ཀྱི་མི་ཚང་སྐྱོ་པོ་དང་ཁ་ཟས་མེད་མཁན། ནད་པ་དང་རྒན་འཁོགས་རྣམས་དང་། དེ་བཞིན་གཡས་གཡོན་གྱི་རྒྱ་གར་མི་སེར་རྣམས་ལ་ཞལ་ལག་སོགས་སྤྲད་དེ་གཟིགས་རྟོག་གནང་ཡོད་པ་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

རྒྱལ་སྤྱིའི་བུད་མེད་ཉིིན་མོ་དང་བསྟུན། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་གོང་འཕེལ་ཚན་པ་དང་། དབུས་བུད་མེད་ལྷན་ཚོགས་གཉིས་ཀྱི་ཟུང་འབྲེལ་ཐོག་མགོ་འཛུགས་གནང་བའི་བོད་ཀྱི་བུད་མེད་རོགས་རམ་འབྲེལ་མཐུད་ལས་ཁུངས་ (Tibetan Women Helpline) ཀྱི་ལམ་སྟོན་པ་སྐལ་བཟང་སྒྲོལ་མ་ལགས་སུ། རང་རེའི་སྤྱི་ཚོགས་ཁྲོད་བུད་མེད་རྣམས་ལ་ཁྱིམ་གྱི་དྲག་སྤྱོད་ (Domestic Violence) ཀྱིས་མཚོན་པའི་འཚེ་སྤྱོད་ཕོག་མཁན་ཅི་ཙམ་བྱུང་ཡོད་མེད་དང་། འབྲེལ་མཐུད་ལས་ཁུངས་ངོས་ནས་ད་བར་དངོས་སུ་བུད་མེད་ཅི་ཙམ་ལ་རོགས་རམ་གནང་ཐུབ་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས། རྒྱ་ནག་ནས་དར་བའི་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་འདས་ལོར་འཛམ་གླིང་ཁྱོན་ཡོངས་ནང་བུད་མེད་ཐོག་འཚེ་སྤྱོད་སྤེལ་བའི་བརྒྱ་ཆ་དེ་ཡར་འཕར་ཡོད་ལ། བོད་པའི་སྤྱི་ཚོགས་ཁྲོད་དུ་དེ་ལྟར་བྱུང་མེད་ཅེས་བཤད་ཐུབ་ཐབས་མེད་པ་མ་ཟད། ད་བར་བུད་མེད་ ༡༥ ལ་རོགས་སྐྱོར་བྱས་ཐུབ་ཡོད་ཅིང་། དེའི་ཁྲོད་ནས་ཀྱང་བུད་མེད་ ༡༠ ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་པ་བྱུང་ཡོད། བུད་མེད་གཞན་ ༥ ལ་ཁ་པར་དང་གློག་འཕྲིན་སོགས་བརྒྱུད་ནས་འབྲེལ་བ་བྱས་ཐུབ་ཡོད། ཅེས་བརྗོད་བྱུང་།

ཡང་ཁོང་མོས། བོད་པའི་སྤྱི་ཚོགས་འདི་མཐོང་རྒྱ་ཐོས་རྒྱ་ཉུང་དྲགས་པའམ། སྐབས་རེར་བུད་མེད་རྣམས་ལ་ཁྱིམ་ཚང་གི་སྐད་ཆ་ཕྱི་ལ་བཤད་མི་ཆོག་པའི་གནོན་ཤུགས་སླེབས་པའི་རྐྱེན་གྱིས་རོགས་རམ་འབྲེལ་མཐུད་ལས་ཁུངས་ལ་འབྲེལ་བ་བྱ་ཐུབ་ཀྱི་མེད་པ་དང་། རོགས་རམ་འབྲེལ་མཐུད་ལས་ཁུངས་ངོས་ནས་གནོད་འཚེ་ཕོག་པའི་བུད་མེད་རྣམས་ཀྱི་གནས་ཚུལ་གསང་རྒྱ་དམ་པོ་བྱེད་ཀྱི་ཡོད་སྟབས། བོད་པའི་བུད་མེད་སུ་རུང་ལ་ཁྱིམ་གྱི་དྲག་སྤྱོད་སོགས་པའི་གནོད་འཚེ་བྱུང་ཚེ། དེ་གའི་ལས་ཁུངས་ལ་བཅར་བའམ་ཁ་པར་སོགས་བརྒྱུད་འབྲེལ་བ་ཞུ་དགོས་པ་དང་། ལས་ཁུངས་ངོས་ནས་བརྒྱ་ཆ་ ༡༠༠ རོགས་རམ་བྱ་མ་ཐུབ་ནའང་བརྒྱ་ཆ་ ༩༩ བྱ་ངེས་ཡིན་སྐོར་བརྗོད་བྱུང་།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

༢༠༢༦/༠༣/༡༨
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

༢༠༢༦/༠༣/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese