མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ལྷ་ལྡན་གཙུག་ལག་ཁང་སོགས་སུ་དམ་དྲག་དོགས་ཟོན་ཆེ་རུ་བཏང་།

བོད་ཀྱི་དུས་བབ།
༢༠༢༡/༠༣/༡༥
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་དང་བསྟུན་ནས་མུ་མཐུད་བོད་ཀྱི་རྒྱལ་ས་ལྷ་སའི་ལྷ་ལྡན་གཙུག་ལག་ཁང་དང་བར་སྐོར་སོགས་སུ་རྒྱ་རིགས་ཕུད་བོད་མི་གཙོ་བོར་གྱུར་བའི་མི་རིགས་གཞན་ལ་ཞིབ་བཤེར་གཟབ་ནན་བྱེད་བཞིན་འདུག

འདི་གར་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༠ ནས་བཟུང་ལྷ་ས་གྲོང་ཁྱེར་དམིགས་གསལ་ཉེན་རྟོག་ཁང་དང་དམིགས་གསལ་དྲག་པོའི་སྦྱོང་བརྡར་སྟེ་གནས་ཁང་མཉམ་འབྲེལ་ཐོགལྷ་ལྡན་གཙུག་ལག་ཁང་དང་ལྕགས་པོ་རིའི་སྐོར་ལམ་སོགས་སུ་མེ་མདའ་བཟུང་བའི་དྲག་ཆས་ཉེན་རྟོག་པ་མང་པོ་འགྲེམ་འཇོག་བྱས་ཏེ་།མཇལ་སྐོར་བ་ཚོར་བཀག་སྡོམ་དང་ཞིབ་བཤེར་ནན་པོ་བྱེད་བཞིན་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡༣ཉིན་ལྷ་ལྡན་གཙུག་ཁང་གི་སྐོར་ལམ་ནང་དྲག་ཆས་སྤྲས་པའི་ཉེན་རྟོག་པ་སྔར་ལས་མང་པོ་བསླེབས་པ་དང་། ཐད་འཕུར་གནམ་གྲུ་ཁག་ཅིག་གིས་མཁའ་དབྱིངས་ནས་མི་མང་གི་འགྲོ་འདུག་ལ་ལྟ་ཞིབ་བྱས་ཡོད་པ་མ་ཟད། སྐོར་ལམ་ནང་དུ་མི་གསུམ་ལས་མང་བ་མཉམ་དུ་འགྲོ་སྐྱོད་མི་ཆོག་པ་དང་།རྒྱ་རིགས་ཕུད་གཞན་ཚང་མར་ལུས་བཤེར་ཞིབ་ནན་བྱས་ཡོད་འདུག

ཉིན་དེར་སྐོར་ལམ་དུ་ཕེབས་པའི་མི་ཞིག་གིས། དེ་རིང་པོ་ཏ་ལའི་སྐོར་ལམ་དུ་སྔོན་མ་ནང་བཞིན་བོད་མི་མང་པོ་མཐོང་རྒྱུ་མི་འདུག་ལ། མཇལ་སྐོར་བ་མང་ཆེ་བ་་རྒྱ་མི་ཡིན་སྐོར་དང་།གོང་རིམ་གྱི་བཀའ་ལ་བརྩི་བཀུར་ལག་ལེན་བྱས་ཏེ། ཏང་ལ་དགའ་ཞིང་ཏང་ལ་སྙིང་ཉེ་བའི་ཐོག་ནས་དགྲ་ཕྱོགས་ལ་འཛིང་ཕོད་པ་དང་། དམག་རྒྱག་མཁས་པ། རྒྱལ་ཁ་བླངས་ཏེ་རྒྱལ་ཁབ་བརྟན་ལྷིང་གི་དམ་བཅའ་དོན་འཁྱོལ་ཡོང་ཐབས་ལ་མཐའ་གཅིག་ཏུ་འབད་དགོས་པའི་སྐུལ་འདེད་སྔར་ལྷག་བྱེད་བཞིན་ཡོད་སྐོར་བརྗོད་བྱུང་ལ། ལོ་ལྟར་གསུམ་བཅུའི་དུས་དྲན་གྱི་སྔ་གཞུག་ཏུ་རྒྱ་ནག་གཞུང་གིས་བོད་ཡུལ་གང་སར་དྲམ་དྲག་དོགས་ཟོན་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་ལྟར། འདི་ལོར་ཡང་བོད་ཁུལ་གྱི་མགྲོན་ཁང་དང་ཟ་ཁང་སོགས་སུ་ཞིབ་བཤེར་བྱས་ཏེ་ཐོབ་ཐང་དཔང་ཡིག་ལ་ཞིབ་བཤེར་དང་ཉེན་བརྡ་ཉེས་ཆད་བཏང་བ། གྲོང་ཁྱེར་ཆེ་ཁག་ཏུ་འགྲོ་འདུག་ལ་བཀག་སྡོམ་ནན་པོ་བྱས་དང་བྱེད་མུས་ཡིན་འདུག

རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist