མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏོག་དབྱིབས་ནད་ཡམས་ལས་ང་ཚོའི་སྤྱི་ཚོགས་ཀྱི་ཆོལ་ཁ་ཕྱོགས་ཞེན་གྱི་འཐེན་ཁྱེར་དེ་ཉེན་ཁ་ཆེ་བ་མཐོང་གི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༣/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་མི་མང་སྤྱི་འཐུས་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་མཐའ་མའི་ལས་ཉིན་གཉིས་པའི་སྔ་དྲོར། སྤྱི་འཐུས་ཁག་ཅིག་ནས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་སྐབས། བཙན་བྱོལ་ནང་གནས་སྡོད་བོད་མི་རྣམས་ཀྱིས་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་བོད་ནང་གི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་བྱེད་དགོས་ན་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དགོས་པ་དང་། རྒྱ་ནག་ནང་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་བསྡུ་ལ་ཉེ་བའི་སྐབས་འདིར་བོད་གཞུང་མང་གཉིས་ཀྱིས་ལས་འགུལ་མང་ཙམ་སྤེལ་ཐབས་དགོས་སྐོར་དང་། གྲོས་ཚོགས་ར་བའི་ནང་དབུ་མ་དང་རང་བཙན་གྱི་རྩོད་གླེང་གི་དགེ་སྐྱོན་སོགས་ཀྱི་དགོངས་ཚུལ་བྱུང་སོང་།

དེ་ཡང་བགྲོ་གླེང་གི་ཐོག་མར་སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་ཀྱིས། གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཞེས་པ་དོན་དུ་ང་ཚོས་བོད་ནང་གི་མི་མང་ཚོའི་བདེན་དོན་འཐབ་རྩོད་ལ་རྗེས་སུ་ཡི་རངས་ཡོད་ཟེར་ནས་གདེང་འཇོག་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་ང་ཚོས་བོད་ནང་གི་མི་མང་གིས་ཚུར་ང་ཚོ་ལ་རེ་བ་དང་གདེང་འཇོག་གང་འདྲ་ཞིག་ཡོད་མེད་ཐོག་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག ཅེས་དང་། བོད་ནང་གི་མི་མང་གིས་༧རྒྱལ་བ་རིན་པོ་ཆེ་གཅིག་པུ་མ་གཏོགས་བཙན་བྱོལ་གྱི་སྤྱི་ཚོགས་ལ་རེ་བ་དང་ཡིད་ཆེས་བརླག་འགྲོ་ཡི་མེད་ནའང་། རིམ་གྱིས་ང་ཚོར་རེ་བ་དང་ཡིད་ཆེས་ཆུང་དུ་འགྲོ་ཡི་ཡོད་པ་མཐོང་གི་འདུག་ལ། དྲ་རྒྱ་སོགས་ཀྱི་ནང་བོད་ནང་གི་ཤེས་ཡོན་ཅན་རེ་ཟུང་གིས་དེ་འདྲའི་སྐད་ཆ་ལབ་ཀྱི་འདུག ༧གོང་ས་མཆོག་ནས་འདས་པའི་ལོ་ ༦༠ ནང་སྐུ་ལས་ཚད་མེད་བསྐྱོན་ནས་ང་ཚོ་བོད་ཆོལ་ཁ་གསུམ་དེ་རྡོག་རྩ་གཅིག་སྒྲིལ་བཟོས་པ་ཞིག་ཆགས་པ་རེད། བོད་སིལ་བུར་འཐོར་རྗེས་ད་ལྟ་ནང་བཞིན་གཅིག་སྒྲིལ་གྱི་ངོས་འཛིན་དང་མཐུན་སྒྲིལ་གྱི་ལ་རྒྱ་བྱུང་མ་མྱོང་བ་ཚང་མས་བཤད་ཀྱི་ཡོད་པ་རེད། དེ་དངོས་ཡོད་ཀྱང་རེད། འོན་ཀྱང་འདས་པའི་ལོ་ཁ་ཤས་ནང་ང་ཚོའི་སྤྱི་ཚོགས་འདི་གང་འདྲ་ཆགས་སོང་། ང་ཚོའི་སྤྱི་ཚོགས་ནང་ཆོལ་ཁ་ཕྱོགས་ཞེན་གྱི་གནས་སྟངས་འདི་ཚང་མས་ཤེས་ཀྱི་ཡོད་པ་རེད། འདི་ཧ་ཅང་ཐབས་སྐྱོ་པོ་རེད། འདི་མུ་མཐུད་དུ་འགྲོ་བ་ཡིན་ན་ང་ཚོའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ནུས་པ་དང་གཅིག་གྱུར་གྱི་སྟོབས་ཤུགས་དེ་ཁ་འཐོར་དུ་འགྲོ་རྒྱུའི་ཉེན་ཁ་ཡོད་རེད་བསམ་གྱི་འདུག ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་དང་ཕྱོགས་ཞེན་དེ་ཚོ་ནད་དུག་ལྟ་བུ་ཆགས་འདུག ངས་བལྟས་ན་ད་ལྟའི་ཏོག་དབྱིབས་ནད་ཡམས་ལས་ང་ཚོའི་སྤྱི་ཚོགས་ཀྱི་ཆོལ་ཁ་ཕྱོགས་ཞེན་གྱི་འཐེན་ཁྱེར་དེ་ཉེན་ཁ་ཆེན་པོ་ཞིག་ལ་མཐོང་གི་འདུག ཅེས་གསུངས་སོང་།

ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་ནང་འཚོག་གཏན་ཁེལ་བའི་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་དང་འབྲེལ་ནས་བོད་གཞུང་མང་གཉིས་ནས་སྐབས་བསྟུན་ལས་འགུལ་སྤེལ་དགོས་སྐོར་ལ་སྤྱི་འཐུས་བསམ་གཏན་ཆོས་སྒྲོན་ལགས་ཀྱིས། དེ་སྔ་ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་ནང་ཨོ་རྩལ་ཚོགས་སྐབས་བོད་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ། མི་མང་བཅས་ཀྱིས་མཉམ་འབྲེལ་གྱི་ཐོག་ནས་ལས་འགུལ་རྒྱ་ཆེན་པོ་སྤེལ་ཡོད་པ་ལྟར། ད་ལྟ་རྒྱ་ནག་ནང་ཨོ་རྩལ་འཚོག་རྒྱུུར་ལོ་ ༡ མ་གཏོགས་མེད་སྟབས། བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་གྲ་སྒྲིག་དགོས་གལ་ཆེ་སྐོར་གསུངས་སོང་ལ། ཁ་སང་ཡང་སྤྱི་འཐུས་སྐོར་ཞིག་གིས་རྒྱ་ནག་གི་ཨོ་རྩལ་དང་སྟབས་བསྟུན་ནས་བོད་གཞུང་མང་གཉིས་ནས་ལས་འགུལ་རྒྱ་ཆེར་སྤེལ་དགོས་པའི་དགོངས་ཚུལ་བཏོན་གནང་སོང་།

སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས། རྒྱ་ནག་གཞུང་གིས་ལོ་ཚིགས་གནད་འགག་ཅན་བེད་སྤྱོད་བཏང་ནས་འདི་ལོར་རྒྱ་ནག་གུང་ཁྲན་ཏང་བཙུགས་ནས་ལོ་ ༡༠༠ འཁོར་བའི་བཞུགས་མོལ་ཚོགས་འདུ་ཟེར་བ་ཚོགས་ཚར་བ་དང་། བོད་ཞི་བས་བཅིངས་གྲོལ་བཏང་ནས་ལོ་ ༧༠ འཁོར་ཡོད་ཟེར་བའི་ཚོགས་འདུ་དེ་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༣ ཉིན་འཚོག་རྒྱུ་ཡིན་དུས། སྐབས་དེར་ད་ལྟའི་བཀའ་ཤག་དང་གྲོས་ཚོགས་གཉིས་ཀ་ཡོད་སྟབས་རྒྱ་ནག་གཞུང་ལ་བརྡ་ལན་ངེས་པར་དུ་སྤྲད་དགོས་པ་མ་ཟད། ལས་འགུལ་ཡང་སྤེལ་གལ་ཆེ་སྐོར་གྱི་དགོངས་ཚུལ་གསུངས་སོང་།

མི་རིགས་ས་གནས་རང་སྐྱོང་གི་བསམ་འཆར་ཡིག་ཆ་དང་འབྲེལ་ནས་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས། ད་ལྟ་ང་ཚོའི་མི་རིགས་ས་གནས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་དེའི་ལས་དོན་ཐོག་ལ་ང་རང་ངོས་ནས་གདེང་ཚོད་དང་རེ་བ་ཡོད་པ་ལྟ་བུ་མཐོང་གི་མི་འདུག དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། ལས་ཀྱི་སྣེ་མོ་བ་རྣམས་ཀྱི་ལས་དོན་གྱི་ཐོག་ནས་ཡིད་ཆེད་མ་སླེབས་པ་དེ་འདྲ་མ་རེད། ཡིན་ནའང་། ང་ཚོས་སྲིད་ཇུས་འདོན་སའི་རྒྱ་དམར་གཞུང་གི་མགོ་འཁྲིད་ཚོའི་འགྲོ་སྟངས་འགྲོ་ལུགས་ཀྱི་གནས་སྟངས་ཐོག་ནས་ང་ལ་དུས་ནམ་ཡང་ཡིད་ཆེས་སླེབས་མི་ཐུབ་པའི་གནས་སྟངས་ཡོང་གི་འདུག དེ་སྔ་ང་ཚོས་མི་རིགས་ས་གནས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེ་འབུལ་སྐབས། རྒྱ་ནག་གི་རྩ་ཁྲིམས་ཀྱི་དོན་ཚན་མང་པོ་ཞིག་ལུང་འདྲེན་བྱེད་ཀྱི་ཡོད་པ་རེད། ལྷག་པར་དུ་རྩ་ཁྲིམས་ཀྱི་དོན་ཚན་ ༣༦ པ་ཧོང་ཀོང་གི་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཞེས་པ་དེ་དཔེ་ལ་འཇོག་གི་ཡོད་པ་རེད། དེ་བཞིན་གྲངས་ཉུང་མི་རིགས་དང་འབྲེལ་བའི་དོན་ཚན་དེ་དག་ལུང་འདྲེན་གྱི་ཡོད་པ་རེད། སྐབས་དེ་དུས་ཀྱི་ཧོང་ཀོང་དང་ད་ལྟའི་ཧོང་ཀོང་གི་གནས་སྟངས་ལ་བལྟས་ན། སྤྱི་ཡོངས་ནས་སྤྱི་ཚོགས་ཀྱི་གནས་སྟངས་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་ལ། ཉེ་བའི་ཆར་རྒྱ་ནག་གིས་ཁྲིམས་ལུགས་ཀྱི་ཐོག་ནས་འགྱུར་བ་མང་པོ་བཏང་ཡོད། དེར་བརྟེན་ང་ཚོས་ད་ལྟའང་དེ་ལྟར་བྱས་པ་ཡིན་ན་ཕན་ཐོགས་གང་ཡང་མེད་པའི་བསམ་ཚུལ་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་ཡོང་གི་འདུག ཅེས་གསུངས་བ་དང་། སྤྱི་འཐུས་རང་ཉིད་ལ་མཚོན་ན། ད་ལྟའི་བཙན་བྱོལ་སྤྱི་ཚོགས་ནང་འཚར་ལོངས་ཡོང་བཞིན་པའི་ན་གཞོན་མང་པོའི་སེམས་ཁམས་ནང་། དགྲ་ལ་དགྲ་ཡི་འདུ་ཤེས་འཛིན་མ་ཐུབ་པ་དང་། དཀའ་ངལ་ལ་དཀའ་ངལ་གྱི་བསམ་བློ་འཁོར་མ་ཐུབ་པ། མ་འོངས་པར་མི་རིགས་ཀྱི་འཐབ་རྩོད་དང་རྒྱལ་ཁབ། རིག་གཞུང་གི་འདུ་ཤེས་བརླག་འགྲོ་ཡི་ཡོད་པའི་ཚོར་བ་ཞིག་ཡོང་གི་ཡོད་པ་དང་། དེ་སྔ་གྲོས་ཚོགས་ནང་རང་བཙན་དང་དབུ་མའི་རྩོད་པ་བརྒྱབ་ན་ཞབས་འདྲེན་ཡིན་སྐོར་གསུང་མཁན་བྱུང་ཡོད་ནའང་། སྐབས་དེ་དུས་སྤྱི་འཐུས་རང་ཉིད་ནས་ཕྱོགས་གཅིག་ནས་སྤྱི་ཚོགས་ནང་རྩོད་རྙོག་མེད་ན་ཡག་པོ་ཡོད་ཀྱང་། ཕྱོགས་གཞན་ནས་བལྟས་ན། ལམ་དབུ་མའི་ལངས་ཕྱོགས་བཟུང་ནས་རྩོད་གླེང་བྱེད་མཁན་དེའི་བསམ་བློའི་ནང་སྤྱི་དོན་འཁུར་ཡོད་པ་དང་། དེ་བཞིན་རང་བཙན་བཤད་མཁན་ཞིག་ཡིན་ནའང་བོད་པའི་སྤྱི་དོན་གྱི་བསམ་བློ་འཁུར་ཡོད་སྟབས། རྩོད་པ་ཡོད་པ་དེ་ཡང་ཡག་པོ་ཡིན་པ་དང་། རིམ་པས་མ་འོངས་ལོ་ ༡༥ ནང་རྩོད་པ་དེ་ཡང་ཁག་པོ་ཆགས་སྲིད་པ་བཤད་མྱོང་བ་ལྟར། ད་ལྟ་ལོ་ ༡༥ ཕྱིན་མེད་ཀྱང་རྩོད་གླེང་དེ་ཉུང་དུ་ཉུང་དུ་ཕྱིན་ཚར་ཡོད་པ་དང་། དེ་གཅིག་ནས་ཡག་པོ་ཡིན་སྲིད་ཀྱང་། ཕྱོགས་གཞན་ནས་སྤྱི་དོན་ལ་འཁུར་འཁྱེར་བའི་མི་དེ་ག་ཚོད་ཆགས་ཀྱི་ཡོད་མེད་ཀྱི་གནད་དོན་ཞིག་ཡིན་སྐོར་གསུངས་སོང་།

སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས་ཕྱི་ལོ་ ༢༠༠༩ ནས་ད་བར་རང་ལུས་མེར་སྲེག་གནང་མཁན་གྲངས་ ༡༥༥ བྱུང་ཡོད་པའི་ཁྲོད་ ༡༣༣ འདས་གྲོངས་སུ་ཕྱིན་ཡོད་པ་དང་། རང་ལུས་མེར་སྲེག་གི་བློས་གཏོང་ནི་བླ་ན་མེད་པ་ལྟ་བུ་ཞིག་ཆགས་ཡོད་པ་དང་། བློས་གཏོང་གནང་མཁན་ཚོའི་དམིགས་ཡུལ་དང་བློས་གཏོང་དེ་ཚོ་ཆུད་ཟོས་སུ་མ་སོང་བར་དྲན་གསོ་བྱེད་དགོས་པ་དང་། དམིགས་ཡུལ་དེ་དང་མཐུན་པའི་ཐོག་ནས་ཕྱག་ལས་གནང་ཐུབ་དགོས་པ། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཞུ་གཏུག་བྱེད་དགོས་པ་གལ་ཆེན་མཐོང་གི་ཡོད་སྐོར་དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ལ་འབྲེལ་ཡོད་ཡིག་ཆ་ཁག་མཁོ་སྤྲོད་བྱས་ཏེ་བོད་མིའི་རང་ལུས་མེར་སྲེག་དང་འབྲེལ་ནས་སྙན་ཐོ་འདོན་པར་འབོད་སྐུལ་ཞུ་དགོས་གལ་ཆེ་སྐོར་གསུངས་བྱུང་།

གཞན་ཡང་དེ་རིང་གི་ཚོགས་དུས་སྟེང་སྤྱི་འཐུས་མི་ཉུང་བ་ཞིག་གིས་འདས་པའི་ལོ་གཅིག་ནང་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཤུགས་ཆེར་སོང་མིན་ལ་མ་ལྟོས་པར། ཨ་རིའི་གྲོས་ཚོགས་ཀྱིས་བོད་ཀྱི་སྲིད་ཇུས་དང་རྒྱབ་སྐྱོར་ཁྲིམས་ཡིག་གཏན་ལ་ཕབ་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གཞུང་འབྲེལ་ཐོག་ཨ་རིའི་ཕྱི་སྲིད་ལྷན་ཁང་དུ་མགྲོན་འབོད་བྱས་པ་དང་། གཞན་ཡང་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་བོད་མི་སྒེར་ངོས་ནས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་དང་། ལྷག་པར་དུ་དྷ་ས་ནས་སྣ་ཐོད་ལ་བར་དང་། ལྡི་ལི་བཅས་ཀྱི་བར་གོམ་བགྲོད་ལས་འགུལ་སྤེལ་བ་དག་ལ་རྗེས་སུ་ཡི་རངས་ཞུས་པ་དང་འབྲེལ། ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་རྒྱལ་སྤྱིའི་ཁྱོན་ཡོངས་ནང་རྒྱ་ནག་ལ་ལྟ་ཕྱོགས་འགྱུར་བཞིན་པའི་སྐབས་འདིར་བོད་མི་ཡོངས་ནས་གོ་སྐབས་དམ་འཛིན་དགོས་སྐོར་སོགས་ཀྱི་དགོངས་ཚུལ་བཏོན་གནང་སོང་། དེ་བཞིན་སྤྱི་འཐུས་རེ་ཟུང་གིས་བོད་མིའི་སྒྲིག་འཛུགས་བཀའ་ཤག་ངོས་ནས་འདི་ལོའི་གསུམ་བཅུའི་དུས་དྲན་གྱི་གཞུང་འབྲེལ་མཛད་སྒོའི་སྟེང་མི་མང་ལངས་གླུ་བསྐྱར་གསོ་གནང་བར་བསྔགས་བརྗོད་ཞུས་སོང་།

གསར་འགོད་པ། པ་སངས་ཚེ་རིང་། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese