མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་ཐའེ་ཝན་མི་མང་ལ་ཐུགས་གསོའི་གསུང་འཕྲིན་སྩལ་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༤/༠༥
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་དབུས་པའི་བོད་པའི་དགོན་སྡེ་ཁག་ཅིག་གིས་ཐའེ་ཝན་ནང་བྱུང་བའི་མེ་འཁོར་དོན་རྐྱེན་ཆེད་སྐྱབས་འཇུག་དང་སྨོན་ལམ་སོགས་འདོན་གྱི་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༣ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉེ་ལམ་ཐའེ་ཝན་ནང་མེ་འཁོར་བརྡབ་སྐྱོན་གྱི་གོད་ཆག་བྱུང་བ་དང་འབྲེལ། ཐའེ་ཝན་སྲིད་འཛིན་ཚའེ་དབྱིང་ཝན་ (Tsai Ing-wen) ལགས་ཀྱི་མཚན་ཐོག་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་། ངོས་ནས་ཁྱེད་དང་སྟབས་མ་ལེགས་པར་གོད་ཆག་འདིའི་ཁྲོད་ནས་འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་ཤུལ་ལུས་ནང་མི་དང་གཞན་རྣམས་ལ་སེམས་གསོ་ཞུ་ཡི་ཡོད། ཅེས་དང་། ཐའེ་ཝན་གྱི་མི་མང་དུས་ཡུན་རིང་པོ་ནས་ངོས་དང་སེམས་ཐག་ཉེ་བོ་ཡོད་སྟབས། འདི་ལྟ་བུའི་དོན་རྐྱེན་རེ་བྱུང་སྐབས་ང་ཚོ་ཚང་མ་གོད་ཆག་ཆེན་པོ་ཞིག་དང་འཕྲད་པ་ལྟ་བུ་འདུག ཅེས་གསུངས་ཡོད་འདུག

མེ་འཁོར་བརྡབ་སྐྱོན་གྱི་གནས་ཚུལ་དེ་བྱུང་མ་ཐག  ཐའེ་ཝན་རྒྱལ་སྤྱིའི་བོོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་གོ་སྒྲིག་འོག་བོད་པའི་དགེ་འདུན་པ་ཚོ་དངོས་སུ་གོད་ཆག་བྱུང་ཡུལ་དུ་ཆེད་ཕེབས་ཀྱིས་སྨོན་ལམ་གསུང་འདོན་གནང་བར། ཐའེ་ཝན་གྱི་སྲིད་འཛིན་དང་ཧྭ་ལེན་ (Hua-lien) རྫོང་གི་རྫོང་དཔོན་གཉིས་ནས་ཐུགས་རྗེ་ཆེ་ཞུས་ཡོད་འདུག་ལ། ཐའེ་ཝན་གཞུང་ངོས་ནས་ཕྱི་ཚེས་ ༣ ནས་ཉིན་གྲངས་གསུམ་རིང་རྒྱལ་ཡོངས་ཀྱི་རྒྱལ་དར་ཕྱེད་ཀ་མར་ཕབ་དུ་བཅུག་སྟེ་འདས་པོ་རྣམས་ལ་མྱ་ངན་རྗེས་དྲན་ཞུས་ཡོད་པ་རེད། གཞན་ཡང་ཁ་སང་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་ཁག་ཏུའང་མེ་འཁོར་བརྡབ་སྐྱོན་ཁྲོད་འདས་གྲོངས་སུ་སོང་བ་རྣམས་ལ་སྨོན་ལམ་གསུང་འདོན་གནང་ཡོད་འདུག

ཐའེ་ཝན་གྱི་ (The Straits Times) གསར་ཁང་གི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢ ཉིན་གྱི་ས་གནས་ཀྱི་སྔ་དྲོའི་ཆུ་ཚོད་ ༩ པ་ཙམ་ལ།  ཐའེ་ཝན་གྱི་ཨང་རྟགས་ ༤༠༨ ཅན་གྱི་འགྲུལ་སྐྱེལ་མེ་འཁོར་དེ་ཕུག་ལམ་ཞིག་བརྒྱུད་ནས་ཐའེ་ཝན་ལྷོ་ཤར་ཐའེ་ཐང་ (Taitung) ཞེས་པའི་གྲོང་ཁྱེར་དུ་སྐྱོད་སྐབས། གློ་བུར་དུ་འཛུགས་སྐྲུན་རླངས་འཁོར་ཞིག་དང་གདོང་ཐུག་བརྒྱབ་སྟེ། མེ་འཁོར་ནང་ལས་བྱེད་དང་འགྲུལ་བ་བཅས་ཁྱོན་མི་གྲངས་ ༤༩༦ ཡོད་པའི་ཁྲོད་ནས་བྱིས་པ་ལོ་ན་ ༦ ཚུད་པའི་ཉུང་མཐར་འགྲུལ་བ་ ༥༠ འདས་གྲོངས་དང་། འགྲུལ་བ་ ༡༤༠ ལྷག་ལ་སྐྱོན་ཕོག་སྟེ་སྨན་ཁང་དུ་བསྐྱལ་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

ཆུ་ཚོད་ ༡༤ སྔོན་ལ།
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

ཆུ་ཚོད་ ༡༦ སྔོན་ལ།
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

ཆུ་ཚོད་ ༡༨ སྔོན་ལ།
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

༢༠༢༦/༠༣/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese