མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་སློང་དགེ་འདུན་ཚེ་རིང་མཆོག་ཉིན་གྲངས་ ༣༨ རིང་ཐུགས་དམ་དུ་བཞུགས་ཡོད་པ་རེད།

བོད་ཀྱི་དུས་བབ།
༢༠༢༡/༠༤/༢༡
Share on FacebookShare on TwitterShare on EmailShare on Whatsapp

སྔགས་རམས་པ་རྒན་དགེ་འདུན་ཚེ་རིང་མཆོག་ཉིན་གྲངས་ ༣༨ རིང་ཐུགས་དམ་དུ་བཞུགས་ཏེ་ཡོངས་གྲགས་ཐོག་ནས་ཐུགས་དམ་དུ་བཞུགས་མཁན་དུས་ཡུན་རིང་ཤོས་དེ་ཆགས་ཀྱི་ཡོད་འདུག

འདི་གའི་གསར་ཁང་ལ་རྒྱུད་སྟོད་གྲྭ་ཚང་གི་ཡིག་ཚང་ནས་མཁོ་སྤྲོད་གནང་བའི་གནས་ཚུལ་ལྟར་ན། རྒྱུད་སྟོད་གྲྭ་ཚང་གི་དགེ་སློང་སྔགས་རམས་པ་དགེ་འདུན་ཚེ་རིང་མཆོག་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་དགོངས་པ་གཞན་དོན་དུ་གཤེགས་ཚུལ་བསྟན་ནས། ཟླ་འདིའི་ཕྱི་ཚེས་ ༡༦ བར་ཉིན་གྲངས་ ༣༨ རིང་ཐུགས་དམ་དུ་བཞུགས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོར་༧སྐྱབས་རྗེ་མཁན་བླ་རྣམ་གཉིས་དབུ་བཞུགས་ཀྱིས་འདུས་མང་ནས་དཔལ་རྗོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་སྒོ་ནས་སྐུ་ཕུང་ཞུགས་འབུལ་དང་སྨོན་ལམ་གསུང་འདོན་གནང་ཡོད་པ་རེད།

གནས་ཚུལ་ནང་། དགེ་སློང་དགེ་འདུན་ཚེ་རིང་དམ་པ་ཁོང་གིས་སྔ་ཕྱི་བར་གསུམ་དུ་རྒྱུད་སྟོད་གྲྭ་ཚང་གི་ཆོས་འབྱུང་དང་མཆོད་དཔེ་སོགས་གསར་སྒྲིག་དང་བསྐྱར་ཞིབ་ཀྱི་ལས་གཞི་མང་པོའི་ནང་ཐུགས་ཁུར་བླ་མེད་བཞེས་ཀྱི་ཡོད་སྟབས། ནམ་རྒྱུན་སྒོ་གང་ས་ནས་དགོན་པའི་ལམ་སྟོན་དང་བཀའ་འདྲི་ཞུ་ཡུལ་གྱི་ཀ་ཆེན་ལྟ་བུ་ཞིག་ཡིན་པ་དང་།  མདོར་ན་དམ་པ་ཁོང་གིས་སྐུ་ཚེ་ཧྲིལ་པོར་གྲྭ་ཚང་འདི་ལ་ཐུགས་བརྩེ་ཆེན་པོས་རྨད་དུ་བྱུང་བའི་ལེགས་སྐྱེས་བཞག་གནང་མཛད་པར་བརྟེན། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༤ ཉིན་རྒྱུད་སྟོད་གྲྭ་ཚང་ནས་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་དགེ་རྒན་ཆེན་མོའི་མཚན་བསྟོད་གཟེངས་རྟགས་འབུལ་བཞེས་མཛད་ཡོད་ཅིང་། ཁོང་ཐུགས་དམ་དུ་བཞུགས་རིང་སྐུ་ཕུང་གི་གཟི་མདངས་མ་ཉམས་པར་ཐ་མལ་གྱི་ཕུང་པོའི་དྲི་མ་གཏན་ནས་མེད་པར་གསོན་ཉམས་ལྡན་པ་བཅས་ངོ་མཚར་རྨད་དུ་བྱུང་སྟེ། ཡོངས་གྲགས་ཀྱི་ཐོག་ནས་ཐུགས་དམ་བཞུགས་མཁན་དུས་ཡུན་རིང་ཤོས་དེ་ཆགས་ཀྱི་ཡོད་སྐོར་སོགས་བརྗོད་འདུག

རྒྱུད་སྟོད་གྲྭ་ཚང་གི་དགེ་བའི་བཤེས་གཉེན་ཆེན་མོ་རྒན་དགེ་འདུན་ཚེ་རིང་མཆོག་ནི། ཕྱི་ལོ་ ༡༩༣༥ ལོར་མདོ་སྟོད་སྨར་ཁམས་སུ་སྐུ་འཁྲུངས་ཤིང་། དགུང་གྲངས་ ༡༡ ལ་ཀླུ་རཱ་དགོན་པའི་སྒྲིག་ཁོངས་སུ་ཞུགས་ཏེ་དགེ་བའི་བཤེས་གཉེན་བྱམས་པ་རིན་པོ་ཆེ་ལས་དགེ་ཚུལ་སྡོམ་པ་བཞེས། དགུང་གྲངས་ ༡༩ ལ་འབྲས་བློ་གླིང་གྲྭ་ཚང་དུ་ཞུགས་ཏེ་སློབ་གཉེར་མཛད། དེ་ནས་རྒྱུད་སྟོད་གྲྭ་ཚང་དུ་སྒྲིག་ཞུགས་གནང་སྟེ་དགེ་བའི་བཤེས་གཉེན་དུ་མའི་དྲུང་ནས་མཐོང་བརྒྱུད་ཀྱི་ཕྱག་བཞེས་བཟང་པོ་དང་གྲྭ་ཚང་གི་ཆོ་ག་ཕྱག་ལེན། ཐིག་རྡུལ་ཚོན། དེ་བཞིན། མཆོད་བཟོ་དཀར་རྒྱན་བཅས་ལ་སྦྱངས་པ་མཐིལ་ཕྱིན་མཛད། དགུང་གྲངས་ ༢༡ ལ་སྐུའི་ཡོངས་འཛིན་༧སྐྱབས་རྗེ་གླིང་སྤྲུལ་རྡོ་རྗེ་འཆང་ཆེན་པོའི་ཞལ་སྔ་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།

ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་ཕེབས་ཏེ་ཐོག་མར་ཌལ་ཧོར་དང་དེ་ནས་བསྟན་འཛིན་སྒང་། དྷ་རམ་ས་ལ་བཅས་སུ་གྲྭ་ཚང་རིན་པོ་ཆེ་སྙིང་བཅངས་ཀྱིས་གལ་ཆེའི་ལས་འགན་མང་པོའི་འགན་ཁུར་བཞེས་པ་དང་། ལྷག་པར་དུ་རྒྱུད་ཆེན་གོང་མའི་ཕྱག་བཞེས་ཀྱི་རྒྱུན་བཟང་པོ་ཡི་དམ་གསང་བདེ་འཇིགས་གསུམ་གྱི་སྒྲུབ་མཆོད་རིམ་པ། འདོན་ལྟ་དབྱངས། དཀྱིལ་འཁོར་བྲི་བཞེངས། མཆོད་བཟོ་དཀར་རྒྱན་སོགས་རང་ཉིད་ཀྱིས་ཉམས་འོག་ཏུ་ཆུད་པའི་སྒོ་ནས་གདན་ས་ཆེན་མོ་ནས་ཕེབས་པའི་ཆོས་ཐོག་དགེ་བཤེས་རྣམ་པ་དང་རྒྱུད་པའི་སྐྱེད་རིམ་པ་རྣམས་ལ་འཆད་ཁྲིད་རྒྱ་ཆེར་གནང་འདུག དེ་བཞིན་༧གོང་ས་མཆོག་དང་སྐུའི་ཡོངས་འཛིན་རྣམ་གཉིས་གཙོས་གྲྭ་ཚང་གི་མཁན་ལས་ཟུར་པ་དུ་མའི་དྲུང་ནས་རྒྱུད་ཀྱི་འཆད་ཉན་དང་དབང་ལུང་མན་ངག་གི་རྒྱུན་བཟང་པོ་རྣམས་ཆད་ལུས་མེད་པ་གསན་བཞེས་མཛད། རྒྱུན་དུ་དམ་སྡོམ་མིག་འབྲས་བཞིན་སྲུང་བའི་ཐོག་ཐུགས་དམ་ཉམས་བཞེས་ལ་རྟག་ཏུ་གཞོལ་བར་མཛད་པ་མ་ཟད་དྷ་སར་གནས་སྤོས་ཏེ་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་གཞི་བསྙེན་ཆེན་མོ་ཡང་བཞུགས་གནང་མཛད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese