མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགའ་ལྡན་ཕོ་བྲང་ནས་བོད་ཀྱི་འབྲས་ནད་ཚོགས་པར་ལེགས་གསོལ་བསྔགས་བརྗོད་གནང་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་འབྲས་ནད་ཚོགས་པས་རང་ཉིད་བློ་གཏོང་གིས་ཏོག་དབྱིབས་ནད་རིམས་ཀྱི་ཛ་དྲག་གནས་སྟངས་ལ་ཐུག་པའི་བོད་མི་མང་པོར་རོགས་རམ་གནང་བཞིན་པར་དགའ་ལྡན་ཕོ་བྲང་གིས་བསྔགས་བརྗོད་གནང་བ་དང་འབྲེལ་ཞལ་འདེབས་གནང་འདུག

ད་ལྟ་ཆར་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་འོག བོད་ཁྲི་ཕྲག་མང་པོར་དཀའ་ངལ་འཕྲད་བཞིན་ཡོད་པ་དང་བསྟུན། རྒྱ་གར་རྒྱལ་ས་ལྡི་ལི་རུ་རྟེན་གཞི་བྱས་པའི་བོད་ཀྱི་འབྲས་ནད་ཚོགས་པས། ལྡི་ལི་བསམ་ཡས་གླིང་གི་བོད་མི་རྣམས་གཙོ་བྱས་པའི་ཏོག་དབྱིབས་ཛ་དྲག་གནས་སྟངས་འོག་དཀའ་ངལ་ཅན་ཚོར་རོགས་རམ་གནང་གི་ཡོད་པར། དགའ་ལྡན་ཕོ་བྲང་ནས་ལེགས་གསོལ་བསྔགས་བརྗོད་གནང་བ་དང་སྦྲགས་ཧིན་སྒོར་ ༡༡༠༠༠༠ ཞལ་འདེབས་གནང་ཡོད་འདུག

དགའ་ལྡན་ཕོ་བྲང་གི་བསྔགས་བརྗོད་ཡི་གེ་ནང་། ༧གོང་ས་མཆོག་ནས་དགོས་ངེས་ཆེ་བའི་མིར་རོགས་སྐྱོར་བྱེད་པ་ནི་བྱམས་བརྩེ་ལག་ལེན་དུ་བསྟར་བ་ཡིན་གསུངས་ཡོད་པ་ལྟར། ཁྱེད་ཀྱི་ཚོགས་པའི་ངོས་ནས་སྤྱི་ཚོགས་ཞབས་ཞུ་ལེགས་པོ་སྒྲུབ་བཞིན་ཡོད་པ་དང་། དམིགས་བསལ་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གི་དུས་སྐབས་འདིར་དགོས་ངེས་ཆེ་བའི་ནད་པ་མང་པོར་རོགས་རམ་གནང་བཞིན་པར་ང་ཚོས་ཡི་རངས་བསྔགས་བརྗོད་ཞུ་ཡི་ཡོད་པ་མ་ཟད། དགའ་ལྡན་ཕོ་བྲང་གི་ཐེབས་རྩ་ནས་ལེགས་གསོལ་བསྔགས་བརྗོད་མཚོན་སླད་ཧིན་སྒོར་ ༡༡༠༠༠༠ ཞལ་འདེབས་གནང་རྒྱུའི་ཐུགས་ཐག་བཅད་སོང་། ང་ཚོས་ཁྱེད་དང་ཁྱེད་ཀྱི་ཚོགས་པའི་ཚོགས་མི་ཡོངས་ལ་འཚམས་འདྲི་ཞུ་ཡི་ཡོད། ཅེས་བརྗོད་ཡོད་པ་རེད།

བོད་ཀྱི་འབྲས་ནད་ཚོགས་པར་དགའ་ལྡན་ཕོ་བྲང་གི་བཀའ་ཡིག་དེ་འབྱོར་བ་དང་བསྟུན། དེ་རིང་ཉིན་རྒྱབ་ཁོ་ཚོས་ངོ་དེབ་སྟེང་། ༧གོང་ས་མཆོག་ནས་བོད་ཀྱི་འབྲས་ནད་ཚོགས་པར་ཐུགས་བརྩེའི་བཀའ་ཡིག་གནང་སྟེ། སྤྱིར་འབྲས་ནད་ཀྱི་ནད་པ་དང་། ཡང་སྒོས་ད་ལྟའི་དུས་ཚོད་གཉན་འཕྲང་གི་སྐབས་འདིར། རང་གི་ལུས་སྲོག་ལ་ཇི་མི་སྙམ་པར་སྙིང་སྟོབས་ཞུམ་མེད་ཀྱི་ཐོག་ནས་ཉེ་འཁོར་གྱི་ཏོག་ནད་ ༡༩ ཅན་གྱི་བོད་པའི་ནད་པ་རྣམས་སྐྱོབ་གང་ཐུབ་གནང་བར་དགའ་ལྡན་ཕོ་བྲང་གི་ཡིག་ཚང་བརྒྱུད་བསྔགས་བརྗོད་ཀྱི་མེ་ཏོག་དང་སེམས་ཤུགས་ཀྱི་མེ་ལྕེ་རབ་ཏུ་སྤར་ཞིང་། བོད་ཀྱི་འབྲས་ནད་ཚོགས་པ་འདི་གཞུང་འབྲེལ་མིན་པའི་ཚོགས་པ་ཆུང་ཆུང་ཞིག་ཡིན་ཡང་། བུང་བ་གསེར་གཟིགས་ཀྱིས་འབྲས་ནད་ཚོགས་པར་ཐུགས་བརྩེའི་བཀའ་ཡིག་གནང་བ་དེ་ལ་བརྟེན་ནས། ངེད་འབྲས་ནད་ཚོགས་པའི་ཚོགས་མི་ཡོངས་ལ་བརྗོད་མི་ཤེས་པའི་དགའ་སྤྲོ་འབུམ་གྱིས་ཁེངས་ཡོད་སྐོར་སོགས་བརྗོད་འདུག

གཞན་ཡང་།  ཁ་སང་ཕྱི་ཚེས་ ༦ ཉིན་དགའ་ལྡན་ཕོ་བྲང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཧི་མ་ཅལ་མངའ་སྡེའི་ནང་ཏོག་དབྱིབས་རིམས་ནད་ཁྱབ་བརྡལ་གྱི་ཛ་དྲག་གནས་སྟངས་སྔོན་འགོག་གི་ཆེད་དུ་མངའ་སྡེ་གཞུང་གིས། ཟླ་འདིའི་ཕྱི་ཚེས་་༦ ནས་ ༡༦ བར་ཉིན་གྲངས་བཅུའི་རིང་ལ་ཐེམ་སྤང་བཀའ་རྒྱ་གནང་རྒྱུའི་བཀོད་ཁྱབ་བཏང་འདུག་པ་ལྟར། དགའ་ལྡན་ཕོ་བྲང་ཡིག་ཚང་གི་སྐྱབས་ཞུ་ཁང་ཚེས་ ༦ ནས་ཉིན་གྲངས་བཅུའི་རིང་སྒོ་འབྱེད་རྒྱུ་མིན་པའི་དགོངས་འཇགས་ཞུ་དགོས་སྐོར་བཀོད་པ་ལ་ལྟར། དེ་རིང་འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་དགའ་ལྡན་ཕོ་བྲང་གི་གསར་འགོད་འབྲེལ་མཐུད་པ་ཚེ་བརྟན་བསམ་འགྲུབ་ལགས་སུ་བཀའ་འདྲི་ཞུས་སྐབས། ཧི་མ་ཅལ་མངའ་སྡེ་གཞུང་གི་ཐེམ་སྤང་བཀོད་ཁྱབ་འོག་དགའ་ལྡན་ཕོ་བྲང་ཡིག་ཚང་གི་སྐྱབས་ཞུ་ཁང་ཉིན་བཅུའི་རིང་སྒོ་བརྒྱབ་ཡོད་པ་དང་། ཉིན་གྲངས་དེ་དག་རིང་སྐྱབས་ཞུའི་ལམ་ཁ་གཞན་མེད་སྐོར་གསུངས་བྱུང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

སྐར་མ ༣༤ སྔོན་ལ།
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

ཆུ་ཚོད་ ༣ སྔོན་ལ།
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

ཆུ་ཚོད་ ༤ སྔོན་ལ།
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

༢༠༢༦/༠༣/༡༧

མཆན། 1

  1. asanga says:
    ལོ་ 5 སྔོན།

    དགོས་ངེས་ཆེ་བའི་མིར་རོགས་སྐྱོར་བྱེད་པ་ནི་བྱམས་བརྩེ་ལག་ལེན་དུ་བསྟར་བ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese