མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་བོད་མི་ཚོས་རྒྱ་གར་གཞུང་མང་ལ་རོགས་དངུལ་ཧིན་སྒོར་ས་ཡ་ ༥༠ ཙམ་ཕུལ་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༥/༡༣
Share on FacebookShare on TwitterShare on EmailShare on Whatsapp
རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བཙན་བྱོལ་བོད་མི་རྣམས་ཀྱིས་རྒྱ་གར་གྱི་སྲིད་བློན་གྱི་ཏོག་དབྱིབས་རོགས་སྐྱོར་ཐེབས་རྩར་ (PM-CARE FUND)ཞལ་འདེབས་ཧིན་སྒོར་ས་ཡ་ ༥༠ ཙམ་ཕུལ་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༢ ཉིན་ས་ག་ཟླ་བའི་ཚེས་གཅིག་དང་རེས་གཟའ་ལྷག་པ། རྒྱལ་སྤྱིའི་སྨན་ཞབས་པའི་ཉིན་མོ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྨན་ཞབས་པ་གཙོ་བོར་གྱུར་བའི་འཕྲོད་བསྟེན་གྱི་ལས་བྱེད་ཡོངས་ལ་བཀྲ་ཤིས་བདེ་ལེགས་དང་རྗེས་སུ་ཡི་རང་ཞུས་པ་དང་སྦྲགས། བཀའ་ཤག་གིས་རྒྱ་བལ་འབྲུག་གསུམ་ལ་ཡོད་པའི་བོད་མི་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་མི་ཚོར། རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་ཚ་རླབས་གཉིས་པ་འཕྱུར་ཏེ་ཛ་དྲག་ཆགས་པ་དེར་རོགས་དངུལ་ཞལ་འདེབས་གང་ཐུབ་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་ལྟར། རྒྱ་གར་གྱི་སྲིད་བློན་གྱི་ཏོག་དབྱིབས་རོགས་སྐྱོར་ཐེབས་རྩར་ (PM-CARE FUND)བོད་མི་ཚོས་ཞལ་འདེབས་ཧིན་སྒོར་ས་ཡ་ ༥༠ ཙམ་ཕུལ་ཐུབ་པ་བྱུང་སྐོར་གསལ་བསྒྲགས་གནང་འདུག

སྲིད་སྐྱོང་མཆོག་གི་གསལ་བསྒྲགས་གནང་། ཨ་རི་དོན་ཁང་གི་ཁྱབ་ཁོངས་ནས་ཧིན་སྒོར་ས་ཡ་ ༢༠ ་དང་། སུད་སི་དོན་ཁང་གི་ཁྱབ་ཁོངས་ནས་ཧིན་སྒོར་ས་ཡ་ ༡༠། སྦིལ་ཛིལ་ (Brazil)དོན་ཁང་གི་ཁྱབ་ཁུངས་ནས་འབུམ་ ༣༧། དེ་བཞིན་ཐའེ་ཝན་ནས་འབུམ་ ༣༠ དང་། ཨོ་སི་ཊོ་ལི་ཡ་དང་ནེའུ་ཛེ་ལན་ཌི་ནས་འབུམ་ ༢༧ བཅས་ཕྱི་རྒྱལ་ཁག་ནས་ཞལ་འདེབས་ཁྱོན་བསྡོམས་ཧིན་སྒོར་ས་ཡ་ ༤༠ གནང་ཡོད་པ་དང་། རྒྱ་བལ་འབྲུག་གསུམ་ལ་ཡོད་པའི་བོད་མི་ཚོས་འབུམ་ ༨༠ དང་སྲི་ཞུ་ལས་བྱེད་པའི་ཉིན་གཅིག་གི་ཕོགས་བཅས་བསྡོམས་ནས་རྒྱ་གར་གྱི་སྲིད་བློན་མཆོག་གི་ཏོག་དབྱིབས་རོགས་སྐྱོར་ཐེབས་རྩ་ (PM-CARE FUND) ལ་ཞལ་འདེབས་ཧིན་སྒོར་ས་ཡ་ ༥༠ ཙམ་ཕུལ་ཐུབ་པ་བྱུང་བ་དེ་ཡག་པོ་བྱུང་སོང་བསམ་གྱི་འདུག  རྒྱུ་མཚན་ནི་རྒྱ་གར་གཞུང་མང་གཉིས་ལས་བཀའ་དྲིན་ཆེ་བ་ང་ཚོ་བོད་མིར་ཡོད་པ་མ་རེད། ང་ཚོ་ཆུང་དུས་ནས་སྐྱེས་ས་དང་འཚར་ས། བོད་ནས་ལུང་པ་ཤོར་བའི་གནས་སྟངས་ཀྱི་སྐབས་སུ་རྒྱ་གར་གྱིས་བདག་པོ་བརྒྱབ་སྟེ་གཞིས་ཆགས་དང་འཕྲོད་བསྟེན། སློབ་གྲྭ་སོགས་གང་ཅིའི་ཐད་ནས་རོགས་སྐྱོར་གནང་ཡོད་པ་རེད། ད་ལན་ཛ་དྲག་གནས་སྟངས་སྐབས་སུ་རྒྱ་གར་གཞུང་ལ་རོགས་སྐྱོར་ཆེད་ཞལ་འདེབས་བརྒྱབ་ཐུབ་པ་དེ་ཡག་པོ་བྱུང་སོང་། བཀའ་ཤག་ངོས་ནས་འབོད་སྐུལ་ཞུས་པ་ལྟར་བོད་མི་སྤྱི་ཡོངས་ནས་གང་ཐུབ་ཅི་ཐུབ་གནང་སྟེ་ཞལ་འདེབས་བརྒྱབ་པ་དེ་ལ་སྙིང་ཐག་པ་ནས་ཐུགས་རྗེ་གནང་ཞུ་ཡི་ཡོད། རྒྱ་གར་གཞུང་གི་གནད་ཡོད་མི་སྣ་ཚོས་གསན་པ་ཡིན་ནའང་དགའ་ཚོར་བྱུང་སྟེ། བོད་པ་ཟེར་བ་དེ་༧གོང་ས་མཆོག་གིས་གསུངས་པ་ལྟར་བཀའ་དྲིན་བསམ་མཁན་ཞིག་རེད་འདུག  རྒྱ་གར་ལ་དཀའ་ངལ་འཕྲད་པའི་སྐབས་སུ་གདུང་སེམས་མཉམ་སྐྱེད་བྱེད་པའི་ཐོག་ནས་མཉམ་དུ་ལངས་ཀྱི་འདུག  ཅེས་བརྡ་ལན་བཟང་པོ་ཞིག་སྤྲོད་ཐུབ་ཀྱི་རེད་བསམ་གྱི་འདུག  ཅེས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཕོགས་རིམ་ཚོགས་ཆུང་གི་སྙན་ཐོ་གཞིར་བཟུང་། ཕྱི་ལོ་ ༢༠༡༦ ནས་ ༢༠༢༡ བར་དུ་ལོ་ལྔ་ཆགས་ཀྱི་ཡོད་སྟབས། གྲོས་ཚོགས་ནས་བཀའ་འཁྲོལ་ཐོབ་ཡོད་ལ། ལས་བྱེད་དམའ་རིམ་གྱི་ཕོགས་བརྒྱ་ཆ་ ༡༨ སྤར་བ་དང་ལས་བྱེད་མཐོ་བའི་ཕོགས་བརྒྱ་ཆ་ ༡༠ སྤར་བ་ལྟ་བུ་ཆགས་ཡོད་སྐོར་དང་། འཕྲོད་བསྟེན་ཐོག་ནས་སྨན་ཞབས་པ་གཙོ་བོ་ཆགས་ཀྱི་ཡོད་པས་ (B.Sc Nurse) ལ་བརྒྱ་ཆ་ ༡༠ དང་ (Staff Nurse) ལ་བརྒྱ་ཆ་ ༡༥། (Auxiliary Nurse) ལ་བརྒྱ་ཆ་ ༢༠ བཅས་སྤར་བ་དང་། འཕྲོད་བསྟེན་རང་ཁུངས་ཀྱི་ཁ་ལོ་བ་ལ་ཕྱི་ལོ་ ༢༠༡༡ ལོར་ཕོགས་སྟོང་ཕྲག་དྲུག་ཡིན་པ་དང་ད་ལོ་སྟོང་ཕྲག་ ༡༨ ལ་སྤར་ཡོད་སྐོར་དང་གསུངས་བ་དང་འབྲེལ། ད་ལན་སྨན་ཞབས་པ་ཚོ་ནད་པ་དང་ཐད་ཀར་འབྲེལ་བ་བྱེད་ཀྱི་ཡོད་པས་སྟོང་མིན་ཙམ་གྱིས་ནང་སྲིད་དང་འཕྲོད་བསྟེན། ཤེས་རིག་ལྷན་ཁང་གསུམ་གྱི་སྨན་ཞབས་པ་ཚང་མ་ལ་སྟོང་ཕྲག་ལྔ་རེ་ཐུགས་རྗེ་ལེགས་འབུལ་དུ་གནང་རྒྱུ་ཡིན་དང་། དེ་བཞིན་སྨན་ཞབས་པའི་ནང་མི་ཚོར་ནད་ཡམས་དང་འབྲེལ་བའི་ན་ཚ་འགོས་པ་དེ་འདྲ་བྱུང་ན། བཀའ་ཤག་གི་ངོས་ནས་འཕྲོད་བསྟེན་ལས་ཁུངས་བརྒྱུད་དེ་མཐུན་འགྱུར་གང་ཐུབ་ཅི་ཐུབ་གནང་གི་ཡིན། ང་ཚོས་སྨན་ཞབས་པའི་ནང་མི་འགའ་ཤས་སྙུང་མཁན་ལ་མཐུན་རྐྱེན་སྦྱར་ཐུབ་པ་བྱུང་སོང་། སྨན་ཞབས་པ་ཡོངས་ལ་ནད་ཡམས་དང་འབྲེལ་ནས་སྐུ་ལས་ལ་མུ་མཐུད་བདག་སྐྱོང་གནང་རོགས་གནང་ཞུ་ཡི་ཡིན། ཞེས་དང་། ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་དབུས་བོད་མིའི་ངལ་སེལ་ཚོགས་པ་(Central Tibetan Relief Committee) དང་རང་ཁུངས་ཀྱི་ཕོགས་འདྲ་བོ་ཆགས་ཡོད་པ་དང་། དེ་བཞིན། སམ་བྷོ་ཊའི་ཁྱབ་ཁོངས་ལ་ཡོད་པའི་ལས་བྱེད་ཀྱི་ཕོགས་སྤར་ཐུབ་ཡོད་སྐོར་གསུངས་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༡༡ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

ཆུ་ཚོད་ ༡༥ སྔོན་ལ།
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese