མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཁུལ་གྱི་དམག་སྡེ་མང་པོ་མཉམ་དུ་བསྡུས་ནས་དམག་འཐབ་སྦྱོང་བརྡར་གཞི་རྒྱ་ཆེན་པོ་ཞིག་བྱས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༦/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་རྒྱ་ནག་བཅིངས་གྲོལ་དམག་ཟེར་བས་བོད་ཁུལ་དུ་རྟེན་གཞི་བྱས་པའི་དམག་སྡེ་རྣམས་ལ་དམིགས་ཏེ་མཐོ་ཚད་སྨི་ ༣༧༠༠ ལྷག་ཡོད་པའི་བོད་མཐོ་སྒང་གི་ས་ཁུལ་ཞིག་ཏུ་ས་མཐོར་དམག་འཐབ་བྱེད་ཐབས་དང་གོ་མཚོན་བཀོལ་ཐབས་ཀྱིས་མཚོན་པའི་དམག་སྦྱོང་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད་འདུག

ཁ་སང་རྒྱ་ནག་རྒྱལ་སྲུང་ལྷན་ཁང་གིས་གསལ་བསྒྲགས་བྱས་པ་ལྟར་ན། ད་ཐེངས་ཀྱི་དམག་སྦྱོང་ལས་འགུལ་དེ་རྒྱ་ནག་བཅིངས་གྲོལ་དམག་གི་ནུབ་རྒྱུད་དམག་ཁུལ་གྱི་ཁོངས་གཏོགས་བོད་རྒྱུད་དམག་སྡེས་གོ་སྒྲིག་བྱས་པ་ཞིག་ཡིན་སྐོར་དང་། དམག་སྦྱོང་དེའི་ནང་བོད་ཁུལ་དུ་བགོ་འགྲེམ་བྱས་པའི་དམག་སྡེ་འདྲ་མིན་མཉམ་ཞུགས་ཀྱིས། མཉམ་འབྲེལ་གྱི་ཐོག་ནས་དམག་ཇུས་གཙོ་བོ་གསུམ་སྟེ། དངོས་སུ་དམག་འཐབ་བྱེད་ཐབས་དང་། དམག་དོན་གྱི་འཕྲུལ་རིག་དང་གོ་མཚོན་བཀོལ་ཐབས། མཐོ་སྒང་གི་ས་བབ་གཞིར་བཟུང་དམག་འཐབ་བྱེད་ཐབས་བཅས་ཀྱི་ཐད་ལ་སྦྱོང་བརྡར་སྤྲད་ཡོད་འདུག

ད་ལན་གྱི་དམག་སྦྱོང་དེ་བོད་ཀྱི་ས་ཁུལ་གང་དུ་སྤེལ་ཡོད་མེད་གསལ་ཁ་མི་འདུག་ཀྱང་། དེ་ནི་འདས་ལོར་བོད་ཧིན་ས་མཚམས་སུ་རྒྱ་དཀར་ནག་གི་དམག་མིའི་བར་གདོང་ཐུག་བྱུང་ནས་ད་ལྟའང་གནས་ཚུལ་ཞི་འཇགས་བྱུང་མེད་པའི་དུས་སྐབས་འདིར་སྤེལ་བ་ཞིག་ཡིན་ཞིང་། གནས་ཚུལ་དབྱེ་ཞིབ་པས་རྒྱ་ནག་གིས་འདས་པའི་ལོ་ཤས་རིང་ནས་བོད་ཧིན་ས་མཚམས་ཁུལ་དུ་དམག་དོན་བྱ་འགུལ་ཚ་ཚ་འུར་འུར་དུ་སྤེལ་བཞིན་པ་མ་ཟད། རྒྱ་ནག་རྒྱལ་སྲུང་ལྷན་ཁང་གིས་འདི་ལོ་གཅིག་པུར་རྒྱ་ནག་གིས་དམག་སྦྱོང་ཆེ་ཆུང་ ༡༠༠ ལས་མང་བ་སྤེལ་ཟིན་སྐོར་ཡང་བརྗོད་འདུག

གཞན་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་བཞིན་པ་ལྟར་ན། རྒྱ་ནག་གིས་བོད་ཀྱི་ས་བབ་ལ་བརྟེན་ནས་བོད་ནང་གི་བོད་མི་གཞོན་སྐྱེས་ལས་མེད་རྣམས་གཅིག་ཏུ་བསྡུས་ཏེ། བོད་མི་ཁོ་ན་ལས་གྲུབ་པའི་དམག་སྡེ་ཞིག་ལོགས་སུ་བཙུགས་ཡོད་པ་མ་ཟད། ད་བར་དམག་མི་ ༡༠༠ ལས་གྲུབ་པའི་རུ་ཁག་གཉིས་བསྡུས་ཟིན་པའི་ཁྲོད་ནས། སྦྱོང་བརྡར་ཐོན་པའི་རུ་ཁག་དང་པོ་དེ་རྒྱ་གར་དང་ས་འབྲེལ་ཆགས་པའི་གྲོ་མོ་རྫོང་གི་ཆུ་འབི་རུ་བགོ་འགྲེམ་བྱས་ཟིན་པ་དང་། རུ་ཁག་གཞན་དེ་གྲོ་མོ་རྫོང་ཁོངས་ཀྱི་ཕག་རི་ཁུལ་དུ་དམག་སྦྱོང་བྱེད་མུས་ཡིན་འདུག

དེ་ཡང་རྒྱ་གར་གྱི་གསང་བའི་ལས་ཁུངས་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་གཞུང་གིས་བོད་མི་ལས་གྲུབ་པའི་དམག་སྡེ་ཞིག་ལོགས་སུ་བཙུགས་དགོས་དོན་ནི། བོད་མི་རྣམས་ལ་ས་གནས་ཀྱི་གནས་སྟངས་དང་། སྐད་ཡིག གནམ་གཤིས་བཅས་ལ་རྒྱུས་མངའ་ཡོད་པར་བརྟེན་ཆེད་མངགས་བོད་ཀྱི་ས་མཚམས་ས་ཁུལ་ཁག་ཏུ་བགོ་འགྲེམ་བྱེད་ཀྱི་ཡོད་འདུག གཞན་ཡང་རྒྱ་གར་གྱི་ཧིན་དྷུ་སི་ཐན་དུས་བབ་ཀྱིས་རྒྱ་གར་གྱི་གསང་བའི་མི་སྣ་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༤ པའི་ནང་ལྷ་སར་ཡོད་པའི་རྒྱའི་དམག་དཔོན་སྐོར་ཞིག་བོད་མངའ་རིས་ཁུལ་གྱི་རུ་ཐོག་རྫོང་དང་། རྩ་མདའ་རྫོང་དུ་ཡོད་པའི་བཅིངས་གྲོལ་དམག་གི་དམག་སྡེར་ཆེད་སྐྱོད་ཀྱིས། དེའི་ནང་ཡོད་པའི་བོད་རིགས་དམག་མི་རྣམས་བོད་མི་ཁོ་ན་ལས་གྲུབ་པའི་དམིགས་བསལ་དམག་སྡེའི་ནང་འཇུག་ཐབས་བྱས་ཡོད་འདུག འོན་ཀྱང་སྐབས་དེར་བསྡུས་པའི་དམིགས་བསལ་དམག་སྡེ་དང་ད་ལན་གྱི་དམག་སྡེ་གཉིས་འདྲ་ཡི་མེད་སྐོར་བརྗོད་འདུག

རྒྱ་གར་གྱི་ཧིན་དྷུ་གསར་ཁང་ (The Hindu) གིས་དེ་འབྲེལ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་བོད་མི་ལས་གྲུབ་པའི་དམིགས་བསལ་དམག་སྡེའི་རུ་ཁག་གཅིག འདས་ལོར་རྒྱ་དཀར་ནག་གི་དམག་མིའི་བར་གདོང་ཐུང་འབྱུང་སའི་དཔལ་མགོན་མཚོ་དང་རྒྱང་ཐག་ཉེ་བོ་ཡིན་པའི་རུ་ཐོག་རྫོང་དུ་བགོ་འགྲེམ་བྱ་རྒྱུ་ཡིན་འདུག་ལ། བོད་མིའི་དམིགས་བསལ་དམག་སྡེ་དེའི་བྱ་འགུལ་གཙོ་བོ་ནི་རྒྱ་ནག་བཅིངས་གྲོལ་དམག་ལ་གོ་མཚོན་དང་ཅ་དངོས་སོགས་སྐྱེལ་འདྲེན་དང་། ས་གནས་ཀྱི་གནས་ཚུལ་ལ་སོ་ལྟ་བྱ་རྒྱུ་བཅས་ཡིན་འདུག  གཞན་ཡང་མཐོ་སྒང་གི་ས་བབ་དང་བསྟུན་ནས་དྲེལ་དང་རྟ་ཞོན་ནས་འགྲུལ་བཞུད་བྱེད་པ་དང་། ཕྱོགས་གཞན་ནས་མཁའ་སྐྱོད་པར་ཆས་ (Drone) ལྟ་བུ་ཡང་བཀོལ་སྤྱོད་བྱེད་སྟངས་སློབ་ཀྱི་ཡོད་འདུག རྒྱ་དཀར་ནག་གི་དམག་དོན་དབྱེ་ཞིབ་པས། ད་ལན་རྒྱ་ནག་གིས་འདི་ལྟ་བུའི་བོད་མིའི་དམག་སྡེ་ཞིག་བཙུགས་དགོས་དོན་གཅིག་ནི། རྒྱ་གར་གྱིས་བཙན་བྱོལ་བོད་མི་ཁོ་ན་ལས་གྲུབ་པའི་དམག་སྒར་ཨང་ ༢༢ ལ་འགྲན་སློང་བྱས་པ་ཞིག་ཡིན་སྐོར་རྗོད་ཀྱིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༣ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese