མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་དམར་ཤོག་ཚོགས་པའི་དུས་སྟོན་ལ་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༢༡/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ངོ་ ༡༠༠ འཁོར་བའི་ཉིན་མོ་དང་བསྟུན་བཙན་བྱོལ་ནང་དུ་ཡོད་པའི་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ས་གནས་ཁག་གི་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་སྐད་འབོད་དང་མཚོན་དོན་རང་བཞིན་གྱི་འཁྲབ་སྟོན་ལས་འགུལ་སོགས་རྣམ་པ་འདྲ་མིན་གྱི་ཐོག་ནས་ལས་འགུལ་སྤེལ་བཞིན་འདུག

Students for a Free tibet Protests on the 100th Anniversary of CPC 1st July 2021 at Mcleodganj. (Tibet Times)

དེ་རིང་སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་ཚན་པ་ངོས་ནས། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིན་གྱི་གདོང་འབག་གྱོན་པའི་མི་ཞིག་དམར་པོ་ཁྲག་གིས་ཁེངས་པའི་ཁྲུས་གཞོང་ཞིག་ནང་ཞུགས་པའི་འཁྲབ་སྟོན་རང་བཞིན་གྱི་ལས་འགུལ་ཞིག་སྤེལ་སོང་བ་དང་། ལས་འགུལ་དེར་གཉའ་གནོན་དང་མནར་གཅོད་ཀྱི་དུས་རབས་ཤིག་ཅེས་མིང་བཏགས་ཡོད་འདུག ལས་འགུལ་དང་འབྲེལ་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིག་འཛིན་ཆོས་སྒྲོན་ལགས་ཀྱིས། རྒྱ་ནག་དམར་ཤོག་གཞུང་གིས་འདས་པའི་ལོ་ ༡༠༠ ནང་བོད་གཙོས་པའི་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་རྒྱལ་ཁབ་ནང་འགྲོ་བ་མིའི ཐོབ་ཐང་དང་རང་དབང་ཐོག་རྡོག་རོལ་ཚབས་ཆེན་བཏང་ཡོད་པ་དང་། ད་ལན་གྱི་ལས་འགུལ་འདིའི་བརྒྱུད་ནས་ལོ་ ༡༠༠ ཟིན་ཡོད་ནའང་བོད་མིའི་ཐོག་དྲག་གནོན་བྱས་པ་དེ་བརྗེད་ཐབས་མེད་པ་ཞིག་དང་། བོད་མིའི་ངོས་ནས་བོད་དོན་བདེན་མཐའ་མ་གསལ་བར་དུ་མུ་མཐུད་ནས་འཐབ་རྩོད་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་སོང་ལ། ཡིག་ཐོག་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་ལིམ་པིག་རྩེད་འགྲན་དེ་རྒྱ་ནག་ལ་འཚོག་རྒྱུ་བྱས་པ་དེ་ཨོ་རྩལ་གྱི་གཞི་རྩའི་རིན་ཐང་དང་འགལ་གྱི་ཡོད་པ་མ་ཟད། ད་ལྟ་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་ནོར་འཁྲུལ་བྱས་ཟིན་ནའང་། འཛམ་གླིང་གི་སྲིད་གཞུང་དང་རྩེད་འགྲན་པ་རྣམ་པས་རྒྱ་ནག་གི་དྲག་སྤྱོད་ལ་ཁ་གཏད་དུ་ལངས་ནས་པེ་ཅིང་གི་ཨོ་རྩལ་དེར་མཉམ་ཞུགས་མི་བྱ་རྒྱུའི་ཐག་གཅོད་བྱ་དགོས་སྐོར་གྱི་སྐུལ་འདེད་བྱས་ཡོད་འདུག

དེ་བཞིན་དེ་རིང་སྔ་དྲོ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་གཙོས་པའི་རྒྱུན་ལས་རྣམ་པ་དང་ལྡི་ལིའི་ས་གནས་བོད་ཀྱི་གཞོན་ལྷན་གྱི་ཚོགས་མི། དེ་བཞིན་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་གཙོས་དང་བླངས་བོད་མི་ཁག་གཅིག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་མདུན་དུ། རྒྱ་ནག་དམར་ཤོག་ཚོགས་པ་མགོ་བཙུགས་ནས་ལོ་ ༡༠༠ འཁོར་བར་ངོ་རྒོལ་སྐད་འབོད་ལས་འགུལ་ཞིག་སྤེལ་ཡོད་འདུག་ཅིང་། དེ་རིང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་དེ་འབྲེལ་གྱི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་ནག་དམར་ཤོག་ཚོགས་པ་འདི་ཉིད་ཐོག་མར་མི་ཉེས་མེད་གཉོམ་ཆུང་གྲངས་ལས་འདས་པའི་ཚེ་སྲོག་ལ་བརྟེན་ནས་གསར་འཛུགས་བྱས་པ་ཞིག་དང་། དམར་ཤོག་ཚོགས་པའི་འདས་ཟིན་པའི་ལོ་རྒྱུས་ནི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱིས་མཚོན་པའི་ཚབས་ཆེའི་གནད་དོན་གྱིས་ཁེངས་ཡོད་པ་ནི་བློ་འཚབ་རང་བཞིན་དུ་མཆིས། དམར་ཤོག་ཚོགས་པས་བོད་སར་བཙན་འཛུལ་བྱས་ཏེ་བོད་མི་ས་ཡ་གཅིག་ལྷག་དམར་གསོད་བཏང་བའི་དངོས་དོན་དེ་ང་ཚོའི་དྲན་ངོགས་ནས་བརྗེད་ཐབས་མེད་ལ། ང་ཚོས་འདས་པོ་ཁོང་རྣམ་པའི་མངོན་འདོད་འགྲུབ་ཆེད་རང་དབང་འཐབ་རྩོད་ཀྱི་ནུས་པ་སྔར་བས་མཐོར་འདེགས་བྱ་རྒྱུ་ཡིན། ཞེས་དང་། རྒྱ་ནག་དམར་ཤོག་ཚོགས་པ་འདི་ཉིད་བོད་ཀྱི་རིག་གཞུང་དང་ངོ་བོ་ཙམ་དུ་མ་ཟད། འཛམ་གླིང་ཁྱོན་ཡོངས་ཀྱི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་ཡིན་པས། དམངས་གཙོའི་རྒྱལ་ཁབ་ཚང་མས་མཉམ་རུབ་ཀྱི་ཐོག་ནས་རྒྱ་ནག་དམར་ཤོག་ཚོགས་པའི་དྲག་སྤྱོད་ལ་རྒོལ་བརྡུང་བྱེད་པའི་སྟོབས་ཤུགས་བསྐྱེད་དགོས། ཞེས་བཀོད་འདུག

Tibetan Activities protest on the occasion of CCP’s centenary celebration in front of the Chinese Embassy in New Delhi. Image:Tibetan Youth Congress

གཞན་ཡང་། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ངོས་ནས་དེ་རིང་དགོང་མོ་བཞུགས་སྒར་དྷ་སའི་ཁྲོམ་གཞུང་དུ་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་གཏན་འཁེལ་ཡོད་ཅིང་། ཚོགས་པའི་རྒྱ་རྒོལ་བསྒྲགས་གཏམ་ནང་། དེ་རིང་དམར་ཤོག་གི་དབང་འགྱུར་(བསྒྱུར་)འོག་ལོ་བརྒྱ་འཁོར་བར་རྒྱ་དམར་གཞུང་གིས་བསུ་བ་ཞུ་ཡི་ཡོད་ཀྱང་། རང་དབང་དང་དྲང་བདེན་ལ་དགའ་བའི་རྒྱལ་སྤྱིའི་མི་མང་ཡོངས་ནས་རྒྱ་དམར་གྱི་སྡུག་རྩུབ་དང་མནར་གཅོད་ཀྱི་སྲིད་ཇུས་ལ་ཐ་(མཐའ་)གཅིག་ཏུ་ངོ་རྒོལ་བྱ་དགོས། ཞེས་དང་དང་། རྒྱ་ནག་གཞུང་གིས་ངོས་ནས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་པ་གང་མྱུར་ཀློད་གྲོལ་དགོས་པ་དང་། ༧གོང་ས་མཆོག་གི་སྐུའི་ཡང་སྲིད་ཐད་ཐེ་བྱུས་བྱ་མི་ཆོག་པ། དེ་བཞིན་ཕྱི་ལོ་ ༢༠༢༢ ལོོའི་པེ་ཅིང་གི་དགུན་དུས་ཨོ་ལིམ་པིག་ལ་ངོ་རྒོལ་ཡོད་པ་སོགས་གནད་དོན་དྲུག་གི་སྟེང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐྱོན་བརྗོད་བྱས་ཡོད་འདུག

Tibetan NGO’s Statement on Celebration of CPC Centenary

འདས་པའི་བདུན་ཕྲག་གཅིག་ནང་རྒྱ་ནག་གཞུང་གིས་བོད་དང་རྒྱ་ནག་གི་ས་ཁུལ་ཕལ་ཆེ་བའི་ནང་རྒྱ་ནག་དམར་ཤོག་ཚོགས་པ་མགོ་བཙུགས་ནས་ལོ་ ༡༠༠ འཁོར་བའི་དུས་དྲན་སྲུང་གཙིའི་མིང་ཐོག་ནས་ཆབ་སྲིད་དྲིལ་བསྒྲགས་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་མུས་ཡིན་ཞིང་། དེ་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་མཛད་སྒོ་གཞི་རྒྱ་ཆེ་བ་ཞིག་སྤེལ་བའི་ཐོག སྲིད་འཛིན་ཞི་ཅིང་ཕིན་གྱིས། རྒྱ་ནག་གིས་ད་བར་རྒྱལ་ཁབ་གཞན་གྱི་མི་རིགས་སུ་གང་ལའང་བརྙས་བཅོས་དང་། མནར་གཅོད། དབང་བསྒྱུར་བྱས་མྱོང་མེད་ཅེས་འཁྱོག་བཤད་བྱས་འདུག་པ་མ་ཟད། རྒྱ་ནག་དེ་སྤྱི་ཚོགས་རིང་ལུགས་ཁོ་ན་སྐྱོབ་ཐུབ་ལ། རྒྱ་ནག་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཁོ་ནས་ཡར་རྒྱས་གཏོང་ཐུབ་སྐོར་དང་། རྒྱ་ནག་ལ་བརྙས་བཅོས་དང་མནར་གཅོད་གཏོང་ཐབས་བྱེད་མཁན་སུ་འདྲ་ཞིག་ཡིན་རུང་ཁོང་ཚོའི་མགོ་བོ་ལྕགས་གྱང་ལ་བརྡུང་ངེས་ཡིན་སྐོར་གྱི་འཇིགས་སྐུལ་ཡང་བྱས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༥ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༥ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༩ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese