མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་མི་ནག་ཚོང་རྒྱག་མཁན་སྡུག་ཤོས་ཀྱི་གྲས་སུ་ཚུད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་འདི་ལོའི་མི་ཚོང་ཁྲིམས་འགལ་གནད་དོན་སྐོར་གྱི་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་བོད་མི་འབུམ་ ༥ ལས་མང་བ་བཟོ་གྲྭ་དང་ལག་ཤེས་སྦྱོང་བརྡར་ཁང་སོགས་སུ་ངལ་རྩོལ་དུ་བཀོལ་བཞིན་ཡོད་སྐོར་བརྗོད་འདུག

ཉེ་ཆར་ཨ་རིའི་ཕྱི་སྲིད་ལས་ཁུངས་གྱིས་ཕྱི་ལོ་ ༢༠༢༡ ལོའི་འཛམ་གླིང་ཁྱོན་ཡོངས་ཀྱི་མི་ཚོང་ཁྲིམས་འགལ་གནད་དོན་སྐོར་གྱི་སྙན་ཐོ་ (Trafficking in Persons Report) ཞིག་བཏོན་པའི་ནང་། རྒྱ་ནག་གིས་བོད་མི་དང་ཤར་ཊུར་ཀི་སི་ཐན་ཁུལ་དུ་གནས་སྡོད་ཡུ་གུར་མི་མང་རྣམས་བཙན་གྱིས་ངལ་རྩོལ་དུ་བཀོལ་བཞིན་པ་སོགས་ཀྱི་གནས་སྟངས་ལ་བརྟེན་ནས། རྒྱ་ནག་ནི་འདས་པའི་ལོ་ལྔ་རིང་ནས་བསྟུད་མར་འཛམ་གླིང་གི་མི་ཚོང་ (Human Trafficking) རྒྱག་མཁན་གྱི་རྒྱལ་ཁབ་སྡུག་ཤོས་གྲས་སུ་ཚུད་ཡོད་པ་རེད།

ཨ་རིའི་སྙན་ཐོ་དེའི་ནང་། རྒྱ་ནག་གཞུང་གིས་ཤིན་ཅང་(ཤར་ཊུར་ཀི་སི་ཐན)ཁུལ་དུ་འདུས་སྡོད་བྱེད་བཞིན་པའི་ཡུ་གུར་གཙོས་པའི་གྲངས་ཉུང་མི་རིགས་ས་ཡ་ ༡ ལས་མང་བ་བཙན་གྱིས་ངལ་རྩོལ་དུ་བཀོལ་གྱི་ཡོད་ཅིང་། དེ་ནི་རྒྱ་ནག་གཞུང་གིས་ལག་ཤེས་སྦྱོང་བརྡར་ལ་ཁག་དཀྲིས་ཏེ་གྲངས་ཉུང་མི་རིགས་རྣམས་ཀྱི་རིག་གཞུང་ངོ་བོ་དང་བཅས་པ་རྩ་བརླག་གཏོང་རྒྱུའི་སྲིད་ཇུས་ཤིག་ཡིན་སྐོར་དང་། རྒྱ་ནག་གི་མགོ་འཁྲིད་ཚོས་སྡིགས་ར་དང་། ཚུལ་མིན་འཁྲིག་སྤྱོད། མནར་གཅོད། རྡུང་རྡེག་སོགས་ཀྱི་ཐབས་ལམ་བརྒྱུད་ནས་བཀག་ཉར་ཁང་ནང་ཡོད་པའི་ཡུ་གུར་མི་རིགས་རྣམས་རྒྱ་ནག་གི་བཟོ་གྲྭ་ཁག་ལ་ངལ་རྩོལ་དུ་གཏོང་གི་ཡོད་སྐོར་བཀོད་འདུག

དེ་བཞིན་རྒྱ་ནག་གཞུང་གིས་དབུལ་གྲོལ་དང་། ལས་མི་གནས་སྤོས་ཀྱི་མིང་ཐོག་ནས་བོད་མི་འབུམ་ ༥ ལས་མང་བ་བཟོ་གྲྭ་དང་ལག་ཤེས་སྦྱོང་བརྡར་དུ་བཏང་ཡོད་པ་མ་ཟད། སྦྱོང་བརྡར་ཁང་དེ་དག་ནང་བོད་མི་ཚོར་གདམ་ཀ་སོགས་གང་ཡང་མེད་པར་རང་བཞིན་གྱིས་བཙན་བཀོལ་ངལ་རྩོལ་ཁོངས་སུ་ཚུད་ཀྱི་ཡོད་སྐོར་བཀོད་འདུག་ལ། ཨ་རིའི་གཞུང་གིས་མི་ཚོང་གནད་དོན་ཐད་གནས་སྟངས་སྡུག་པོ་ཡིན་པའི་རྒྱལ་ཁབ་ཚོར་དཔལ་འབྱོར་ཉེས་ཆད་གཅོད་རྒྱུ་ཡིན་པའི་ཉེན་བརྡ་ཡང་བཏང་ཡོད་འདུག

China’s Foreign Ministry Spokesperson Wang wenbin

དེ་ཡང་ཟླ་འདིའི་ཕྱི་ཚེས་ ༢ ཉིན་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝིན་པིན་ཟེར་བ་དེས། རྒྱ་ནག་ངོས་ནས་ཨ་རིའི་ཁུངས་ལྡན་མ་ཡིན་པའི་གནས་ཚུལ་དང་འཁྱར་གཏམ་ལ་གཞིར་བཟུང་བའི་སྐྱོན་འཛུགས་རིགས་དེར་ངོས་ལེན་རྩ་བ་ནས་བྱེད་ཐབས་མེད་པ་དང་། ཨ་རིའི་ངོས་ནས་དང་ཐོག་རང་ཉིད་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་མི་རིགས་དབྱེ་འབྱེད་ཀྱི་གནད་དོན་ལ་བསྐྱར་ཞིབ་བྱེད་དགོས་པ་དང་། ཨ་རི་ལ་འགྲོ་བ་མིའི་ཐོབ་ཐང་འཆད་རྒྱུའི་ཐོབ་ཐང་མེད་སྐོར་སོགས་བརྗོད་ཡོད་འདུག

གཞན་ཡང་རྒྱ་ནག་གཞུང་གིས་རྒྱལ་ནང་ཙམ་དུ་མ་ཟད། ཨ་ཧྥེ་རི་ཀ་དང་ལྷོ་ཨ་མེ་རི་ཀ་ཡིས་མཚོན་པའི་ཕྱིའི་རྒྱལ་ཁབ་ཁག་ནང་དུའང་། རྒྱུད་གཅིག་ལམ་གཅིག་ཅེས་པའི་གཞི་རྒྱ་ཆེ་བའི་འཛུགས་སྐྲུན་ལས་གཞིའི་ཁྲོད་ངལ་རྩོལ་ལས་མི་རྣམས་ལ་ཆ་རྐྱེན་ཞན་པ་དང་། འཕྲོད་བསྟེན་སྨན་བཅོས་ཀྱི་མཐུན་འགྱུར་མེད་པ་སོགས་གནས་སྟངས་ཐབས་རྡུགས་ཡིན་སྐོར་བཀོད་ཡོད་འདུག ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྙན་ཐོ་དེའི་ནང་མི་ཚོང་ཞེས་པ་བུད་མེད་དང་ཕྲུ་གུ་སོགས་ལ་ཚུལ་མིན་འཁྲིག་སྤྱོད་ཀྱི་ལས་སམ། ཡང་ན་ངལ་རྩོལ་སོགས་ཀྱི་ཆེད་དུ་སྡིགས་རའམ་བསླུ་བྲིད་སོགས་ཀྱི་སྒོ་ནས་ཉོ་ཚོང་ངམ་བཀོལ་སྤྱོད་བྱེད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་འདུག

སྙན་ཐོ་དེས་འཛམ་གླིང་རྒྱལ་ཁབ་སོ་སོའི་ནང་མི་ཚོང་གི་གནས་སྟངས་དང་འབྲེལ་ནས་རིམ་པ་གསུམ་ཅན་གྱི་ཨང་རིམ་སྤྲད་ཀྱི་ཡོད་པའི་ཁྲོད་ནས། རྒྱ་ནག་དང་། འབར་མ། ཨབ་གྷ་ནི་སི་ཐན། ཨི་རཱན། བྱང་ཀོ་རི་ཡ། ཨུ་རུ་སུ། སི་རི་ཡ་སོགས་ཨང་རིམ་གསུམ་པའི་ནང་བཞག་ཡོད་ཅིང་། རྒྱལ་ཁབ་དེ་དག་གི་ནང་མི་ཚོང་ཤུགས་ཆེར་རྒྱག་གི་ཡོད་ནའང་། སྲིད་གཞུང་ངོས་ནས་དེར་དུས་ལྟར་གདོང་ལེན་དང་ཁ་གཏད་གཅོག་གི་མེད་པ་ཡིན་འདུག གཞན་ཡང་རྒྱ་ནག་ཚུད་པའི་རྒྱལ་ཁབ་ ༡༡ ནང་གཞུང་གི་ལས་གཞིའི་ནང་དུ་མི་ཚོང་རྒྱག་པ་དང་། གཞུང་གི་སྨན་བཅོས་སོགས་ཀྱི་ཚན་པ་འདྲ་མིན་ནང་བཙན་བཀོལ་ངལ་རྩོལ་ལག་བསྟར་བྱེད་པ་དང་། གཞུང་གི་ལས་བྱའི་ཁྲོད་དུ་ཚུལ་མིན་འཁྲིག་སྤྱོད་ཆེད་མི་ཚོང་རྒྱག་པ་དང་། ཕྲུ་གུ་ལོ་ཆུང་རྣམས་རྒྱལ་ཁབ་ཀྱི་དམག་མིར་བསྡུས་པ་སོགས་མི་ཚོང་རྒྱག་རྒྱུ་དེ་གཞུང་གི་སྲིད་ཇུས་དང་སྒྲོམ་གཞི་ནང་མངོན་གསལ་དུ་ཡོད་སྐོར་བཀོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༨ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༩ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༠ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༠ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese