མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ནས་ལྡི་ལིའི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་མཆོག་ལ་མཇལ་འཕྲད་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༧/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་རྒྱལ་སྲིད་དྲུང་ཆེ་སྐུ་ཞབས་ཨེན་ཊོ་ནི་བྷི་ལི་ཀན་ (Antony Blinken)མཆོག་གི་རྒྱ་གར་ནང་གི་གཞུང་འབྲེལ་སྐོར་སྐྱོད་དང་བསྟུན་ལྡི་ལིའི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དང་ལྡི་ལི་བོད་ཁང་གི་འགན་འཛིན་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་སུ་མཇལ་འཕྲད་གནང་ཡོད་འདུག

དེ་རིང་རུ་ཊར་(Reuters)གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། མིང་འཁོད་མེད་པའི་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཞིག་གིས། ཨ་རིའི་རྒྱལ་སྲིད་དྲུང་ཆེ་སྐུ་ཞབས་ཨེན་ཊོ་ནི་བྷི་ལི་ཀན་ (Antony Blinken)མཆོག་རྒྱ་གར་དུ་ཉིན་གྲངས་གཉིས་རིང་གཞུང་འབྲེལ་སྐོར་སྐྱོད་དུ་ཕེབས་ཡོད་པ་དང་བསྟུན། དེ་རིང་ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོར་རྒྱལ་སྲིད་དྲུང་ཆེ་མཆོག་ནས་ལྡི་ལིར་ཡོད་པའི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལ་འཁྱུག་ཙམ་རིང་ཐུག་འཕྲད་གནང་ཡོད་སྐོར་གསུངས་འདུག ཡིན་ནའང་། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ནས་ཐུག་འཕྲད་སྐོར་གྱི་གནས་ཚུལ་ཕྱིར་བསྒྲགས་གནང་གི་མེད་འདུག

གཞན་ཡང་། དེ་རིང་སྔ་དྲོར་རྒྱ་གར་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་ངོས་ནས་རྒྱལ་སྲིད་དྲུང་ཆེ་བྷི་ལིན་ཀན་མཆོག་སྐུ་མགྲོན་གཙོ་བོར་བཟུང་སྟེ། རྒྱ་གར་གྱི་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་སྐོར་ཞིག་དང་ལྷན་དུ་སྤྱི་སྙོམས་ཀྱི་ཡར་རྒྱས་ཞེས་པའི་བརྗོད་གཞིའི་ཐོག་ལ་ཆུ་ཚོད་ ༡ ཙམ་རིང་གླེང་མོལ་གནང་ཡོད་པ་དང་། ཆོས་ལུགས་མི་སྣའི་གླེང་མོལ་དེའི་ནང་ལྡི་ལི་བོད་ཁང་གི་འགན་འཛིན་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་མཉམ་ཞུགས་གནང་སྟེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཆོས་ལུགས་དང་མ་བརྟེན་པའི་བཟང་སྤྱོད་ཀྱི་དགོངས་གཞིའི་སྐོར་གླེང་སློང་གནང་ཡོད་འདུག

འདི་གའི་གསར་འགོད་པས་ལྡི་ལི་བོད་ཁང་གི་འགན་འཛིན་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་ལ་ཞལ་པར་བརྒྱུད་ལྷན་ཚོགས་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ཚོགས་འདུའི་ཐོག་ཁོང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དུས་རྒྱུན་དུ་དེང་དུས་ཀྱི་ཤེས་ཡོན་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དགོས་གལ་ཆེ་བའི་སྐོར་ནས་བཀའ་སློབ་མང་པོ་གནང་གི་ཡོད་པ་མ་ཟད། ཨ་རིར་ཡོད་པའི་ཨེ་མོ་རི་གཙུག་ལག་སློབ་ཆེན་དང་མཉམ་འབྲེལ་གྱི་ཐོག་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དེ་ཤེས་ཡོན་སློབ་གསོའི་བསླབ་གཞིའི་ནང་གཏན་འབེབ་བྱས་ཡོད་སྟབས། རྒྱ་གར་དང་ཨ་རི་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་གྱི་ཐོག་ནས་བཟང་སྤྱོད་ཀྱི་སློབ་གསོ་དེ་རྒྱལ་སྤྱིའི་ནང་སྤེལ་ཐུབ་པ་ཡིན་ན། དེས་རྒྱལ་སྤྱིའི་ཁྱོན་ཡོངས་ལ་ཆ་སྙོམས་ཀྱི་ཡར་རྒྱས་ཡོང་རྒྱུར་ཐུགས་ཕན་ཆེན་པོ་གསོ་ངེས་ཡིན་སྐོར་གྱི་དགོངས་ཚུལ་བཏོན་ཡོད་སྐོར་གསུངས་བྱུང་།

དེ་རིང་སྔ་དྲོའི་ལས་རིམ་དེ་ནི་རྒྱལ་སྲིད་དྲུང་ཆེ་ལགས་ཀྱི་རྒྱ་གར་གྱི་ལས་རིམ་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་། ཉིན་གྲངས་གསུམ་ཙམ་སྔོན་ལ་ལྡི་ལིར་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གིས་ཇི་ལྟར་མགྲོན་འབོད་ཞུས་པ་ལྟར་དགེ་བཤེས་ལགས་མཛད་རིམ་དེར་མཉམ་ཞུགས་གནང་ཡོད་པ་དང་། ལྷན་ཚོགས་དེར་ཁ་ཆེ་དང་ཡི་ཤུ། ཧིན་དྷུ་ཆོས་ལུགས་བཅས་ཀྱི་སྐུ་ཚབ་དང་། དེ་བཞིན་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་རྩོད་པ་ཞིག་ཀྱང་མཉམ་ཞུགས་གནང་ཡོད་འདུག

ཨ་རིའི་རྒྱལ་སྲིད་དྲུང་ཆེ་མཆོག་ཁ་སང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འབྱོར་ཏེ། དེ་རིང་ཉིན་གུང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇེ་ཤང་ཀར་ལགས་དང་ལྷན་དུ་ཐུག་འཕྲད་གནང་སྟེ། ཨ་རི་དང་རྒྱ་གར་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་དང་། ལྷག་པར་དུ་ཏོག་དབྱིབས་གཉན་རིམས་ཀྱི་དུས་སྐབས་འདིར་ཕྱོགས་གཉིས་དབར་མཉམ་ལས་ཀྱི་ལས་གཞི་རིགས་སྤེལ་ཐུབ་མིན་སོགས་ཀྱི་སྐོར་ནས་གོ་བསྡུར་གནང་ཡོད་པ་དང་། དེ་བཞིན་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་ལའང་གོང་བརྗོད་གནད་དོན་ཁག་གི་ཐོག་གོ་བསྡུར་གནང་གི་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist