མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདས་པའི་ཟླ་གཅིག་ནང་བོད་ཉིང་ཁྲི་ས་ཁུལ་དུ་འགྲུལ་བ་ཁྲི་ ༡༠ ལྷག་སྐྱེལ་འདྲེན་བྱས་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༢༡/༠༨/༠༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་རྒྱལ་ས་ལྷ་ས་ནས་ཉིང་ཁྲི་བར་གྱི་མྱུར་སྐྱོད་མེ་འཁོར་ཤར་གཏོང་བྱས་ཏེ་ཟླ་གཅིག་ཏག་ཏག་ཕྱིན་པའི་ནང་འགྲུལ་བ་ཁྲི་ ༡༠།༦ སྐྱེལ་འདྲེན་བྱས་ཡོད་ཅེས་རྒྱ་ནག་གཞུང་གིས་དྲིལ་བསྒྲགས་བྱས་འདུག་ལ་བོད་ཉིང་ཁྲི་ས་ཁུལ་དུ་དམག་དཔུང་རྒྱ་སྐྱེད་བཞིན་ཡོད་པའི་གནས་ཚུལ་ཡང་ཐོན་བཞིན་འདུག

Lhasa-Nyingchi railstation. Image:TIBET.CN

 

ཀྲུང་གོའི་བོད་ལྗོངས་དྲ་བ་ཟེར་བ་དེའི་ནང་། མྱུར་སྐྱོད་མེ་འཁོར་དེས་ཉིན་རེར་ཆ་སྙོམས་མི་གྲངས་ ༣༥༠༠ རེ་སྐྱེལ་འདྲེན་བྱེད་ཀྱི་ཡོད་སྐོར་དང་། དེ་ནི་ཡུལ་སྐོར་སྤྲོ་འཆམ་པ་དང་། ཞོར་ལས་ལ་སྐྱོད་མཁན། སློབ་མ་བཅས་ལ་གཙོ་བོ་དམིགས་ནས་མི་མང་གི་འཚོ་བར་རོགས་རམ་བྱེད་ཀྱི་ཡོད་ཚུལ་དང་། ས་གནས་མི་མང་གི་འཚོ་བར་འགྲུལ་བཞུད་སྟབས་བདེ་དང་འཚོ་བ་ཡར་རྒྱས་གཏོང་བར་ཁེ་ཕན་ཆེ་ཚུལ་བསྒྲགས་འདུག

འདི་གའི་གསར་འགོད་པས་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་སུ་ལྷ་ས་ནས་ཉིང་ཁྲི་བར་བཟོས་པའི་མེ་འཁོར་ལྕགས་ལམ་དེའི་དགོས་དམིགས་སོགས་ཀྱི་སྐོར་དྲིས་པར་ཁོང་གིས། རྒྱ་ནག་གཞུང་གིས་ལྷ་ས་ནས་ཉིང་ཁྲི་གཙོ་བོ་འགྱུར་བའི་ས་གནས་གཞན་ཁག་ལའང་མེ་འཁོར་ལྕགས་ལམ་བཟོ་སྐྲུན་བྱས་པ་དང་། ད་ལྟ་ལྷ་ས་ནས་སྐྱིད་རོང་ལའང་མེ་འཁོར་ལྕགས་ལམ་འཛུགས་རྒྱུའི་ལས་གཞི་ཞིག་འགྲོ་མུས་ཡིན་པ་དང་། བོད་ནང་དུ་རྒྱ་ནག་གཞུང་གིས་འཛུགས་སྐྲུན་གྱི་རྣམ་གྲངས་ཇེ་མང་དུ་བཏང་དོན་ནི། དབང་བསྒྱུར་དང་དོ་དམ་བྱེད་བདེ་བའི་ཆེད་དུ་རེད།  ལྕགས་ལམ་དེ་བཙུགས་ནས་མི་མང་གི་འགྲོ་འདུག་སྟབས་བདེ་ཆགས་ཡོད་ཀྱང་། ཕུགས་རྒྱང་རིང་པོའི་ཐོག་ནས་བསམ་བློ་བཏང་ན་དེའི་རྒྱབ་ལྗོངས་ལ་ཐབས་ཇུས་རང་བཞིན་ཅན་དང་། དམག་དོན་རང་བཞིན་ཅན་གྱི་གནད་དོན་ཡོད་པ་རེད།  རྒྱ་ནག་གཞུང་གིས་བོད་འདི་བརྟན་ལྷིངས་དགོས་ཟེར་ནས་མཐའ་མཚམས་ཁག་ལ་ལྟ་རྟོག་ནན་པོ་བྱེད་པ་དང་། ལྷག་པར་རྒྱ་གར་གྱི་ཨ་རུ་ཎ་ཅལ་མངའ་སྡེ་སོགས་རྒྱ་ནག་གི་ཆ་ཤས་ཡིན་པའི་འཁྱོག་བཤད་དེའི་རྫུན་རྐུབ་མི་བརྡོལ་ཆེད། མཐའ་མཚམས་ཁག་ལ་མེ་འཁོར་ལྕགས་ལམ་བེད་སྤྱད་ནས་མི་གྲངས་ཕོན་ཆེན་དབོར་འདྲེན་བྱེད་མུས་ཡིན་པ་རེད། ཅེས་བརྗོད་བྱུང་།

One soldier per family: China PLA recruiting Tibetan youth for deployment at LAC

ཁོང་གིས་མུ་མཐུད། གཉིས་ནས་ད་ལྟ་རྒྱ་དཀར་ནག་གི་འབྲེལ་ལམ་ཧ་ཅང་སྡུག་པོ་ཆགས་ཡོད་དུས། གལ་ཏེ་རྒྱ་དཀར་ནག་གཉིས་ཀྱི་བར་ལ་དམག་འཁྲུག་བྱུང་ཚེ། མེ་འཁོར་ལྕགས་ལམ་དེ་ནི་རྒྱ་ནག་གི་དམག་མི་ཕོན་ཆེན་འགྲེམས་འཇོག་དང། གོ་མཚོན་དབོར་འདྲེན་ཆེད་དུ་ཡིན་པ་རེད།  དེས་བོད་ནང་གི་ཁོར་ཡུག་ལ་དོ་ཕོག་དང་། རྒྱ་རིགས་མང་པོ་ཞིག་མཐའ་མཚམས་ཁག་ལ་དབོར་འདྲེན་བྱས་པ་དེས། རྒྱ་གར་གྱི་བདེ་སྲུང་དང་བརྟན་ལྷིངས་ལ་དོ་ཕོག་ཤུགས་ཆེན་འགྲོ་ཡི་ཡོད། ཅེས་བརྗོད་བྱུང་།

ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་དེ་ཕྱི་ལོ་ ༢༠༡༤ ལོ་ནས་མགོ་འཛུགས་བྱས་ཤིང་། སྤྱིའི་ལམ་ཐག་ལ་སྤྱི་ལེ་ ༤༣༤ ཙམ་ཡོད་ཅིང་། བོད་ཉིང་ཁྲི་ནི་རྩོད་རྙོག་ཆེ་བའི་རྒྱ་གར་གྱི་ཨ་རུ་ཎ་ཅལ་མངའ་སྡེ་དང་ས་འབྲེལ་ཆགས་ཡོད་པ་དང་། ཉིན་ཤས་གོང་དུ་འབྲེལ་ཡོད་བོད་མི་ཞིག་གིས་འདི་གའི་གསར་འགོད་པར།  རྒྱ་ནག་གཞུང་གིས་རྒྱ་དཀར་ནག་གི་མཐའ་མཚམས་ས་ཐིག་ (LAC ) ཁོངས་སུ་གཏོགས་པའི་བོད་ཀྱི་གྲོང་པའི་བྱིས་པ་དང་རྒན་འཁོགས་ཕུད། ཕོ་མོ་ཚང་མར་དམག་སྦྱོང་སྤྲད་ཡོད་པ་དང། བོད་ཀྱི་ས་མཚམས་ཁག་གི་ཁྱིམ་ཚང་རེ་རེའི་ཁྱིམ་མི་གཅིག་ངེས་པར་དུ་བཅིངས་གྲོལ་དམག་མིར་ཞུགས་བཅུག་སྟེ། ཨ་རུ་ཎ་ཅལ་དང་ལ་དྭགས་ཁུལ་གྱི་རྒྱ་དཀར་ནག་བར་རྩོད་རྙོག་ཅན་དུ་གྱུར་བའི་ས་མཚམས་སྲུང་སྐྱོབ་བྱ་དགོས་པའི་བཙན་བཀའ་བཏང་ཡོད་པ་དང་། བོད་དམག་རྣམས་ས་མཐོ་ས་དང་ས་རྒྱུས་ཡོད་སའི་རྒྱ་དཀར་ནག་གི་ས་ཐིག་ཁུལ་དུ་མངག་གཏོང་བཀོད་སྒྲིག་བྱེད་ཀྱི་ཡོད་སྐོར་བརྗོད་བྱུང་།

དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༣ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese