མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་བཙོན་པའི་དྲང་བདེན་ཉིན་མོ་སྲུང་གཙི་བྱས།

བོད་ཀྱི་དུས་བབ།
༢༠༢༡/༠༨/༡༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱལ་སྤྱིའི་བཙོན་པའི་དྲང་བདེན་ཉིན་མོ་དང་བསྟུན་བོད་ཀྱི་བུད་མེད་ལྷན་ཚོགས་དབུས་ས་གཉིས་ནས་རྒྱ་ནག་གཞུང་གིས་ད་བར་ཁྲིམས་འགལ་གྱིས་བཙོན་འཇུག་བྱས་པའི་བོད་མིའི་ཐོ་གཞུང་ཕྱིར་བསྒྲགས་བྱེད་དགོས་པ་སོགས་ཀྱི་དགོས་འདུན་ཁག་ཅིག་བཏོན་འདུག

Tibetan women’s Association mark International Prisoner’s justice day at Mcloed Ganj, Dharamshala, August 10/2021 (Photo:Tibettimes.net)

དེ་རིང་དྷ་སའི་མེག་གྷན་ཁྲོམ་གཞུང་གི་བཞི་མདོ་རུ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་ས་གཉིས་ནས་རྒྱལ་སྤྱིའི་བཙོན་པའི་དྲང་བདེན་ཉིན་མོ་(International Prisoners’ Justice Day)དང་བསྟུན། རྒྱ་ནག་གཞུང་གི་བཙན་འོག་ཏུ་མནར་གཅོད་མྱངས་དང་མྱོང་བཞིན་པའི་བོད་ཀྱི་བཙོན་པ་རྣམས་ཀྱི་པར་རིས་འགྲེམ་སྤེལ་བྱས་ཏེ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་གིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་རེ་སྐུལ་ཞུས་སོང་།

དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་ཀྱིས་འདི་གའི་གསར་འགོད་པར། བོད་ནང་ཡོད་པའི་བོད་མི་ཚོར་མི་ཞིག་ཡིན་པའི་ཆ་ནས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། རང་གི་རྣམ་དཔྱོད་བེད་སྤྱོད་བྱ་རྒྱུའི་རང་དབང་མེད་པར་བོད་འདི་རྒྱའི་བཙོན་ར་ལྟ་བུ་ཞིག་ཆགས་ཡོད་སྟབས། བོད་ཀྱི་བུད་མེད་ལྷན་ཚོགས་ངོས་ནས་བོད་ནང་ཡོད་པའི་བོད་མི་ཚང་མ་ཆབ་སྲིད་བཙོན་པར་ངོས་འཛིན་བྱེད་ཀྱི་ཡོད། ཅེས་དང་། ཕྱི་ལ་ཡོད་པའི་བོད་མི་ཚོས་ལས་འགུལ་སོགས་བརྒྱུད་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་དེ་གལ་ཆེན་པོ་ཡིན་པ་དང་། དེས་བོད་ནང་གི་བོད་མི་ཆབ་སྲིད་བཙོན་པ་ཚོར་ཕན་ཐོགས་འབྱུང་གི་ཡོད་པ་མངོན་གསལ་ཡིན་སྐོར་བརྗོད་བྱུང་།

དབུས་བུད་མེད་ལྷན་ཚོགས་ཀྱི་ཡོངས་ཁྱབ་བསྒྲགས་གཏམ་ནང་། རྒྱ་ནག་གཞུང་གིས་བོད་བཙན་འཛུལ་བྱས་པ་ནས་བཟུང་དུས་ཡུན་རིང་པོར་གཞིར་ལུས་བོད་མི་ཚོས་རང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཙམ་ལག་བསྟར་བྱས་པར་དབང་ཤེད་ཀྱིས་བཙན་བཟུང་དང་མནར་གཅོད་ཚད་མེད་གཏོང་བ། དབང་མེད་ཀྱིས་གར་སོང་ཆ་མེད་དུ་གྱུར་བཅུག་པ་སོགས་ཀྱིས་གནོད་འཚེ་འཕོག་(ཕོག)ཡུལ་དུ་འགྱུར་(གྱུར)ཡོད། བཙོན་ཁང་ནང་བཙོན་པ་ཚོར་སྙིང་རྗེ་སྤུ་ཙམ་མེད་པའི་སྡུག་སྦྱོང་ཚད་མེད་བཏང་བར་བརྟེན་ནས་མང་པོ་ཞིག་བཙོན་ཁང་རང་ནང་འདས་གྲོངས་སུ་གྱུར་(འགྱུར)བཞིན་ཡོད་ཅེས་དང་། བཙོན་པའི་ནང་མི་དགའ་ཉེ་ཚོར་བཙོན་པ་གར་ཡོད་སོགས་ཀྱི་གནས་ཚུལ་མཁོ་སྤྲོད་བྱེད་ཀྱི་མེད་པ་སོགས་ཀྱི་སྐོར་བཀོད་འདུག

TWA’s President Tenzin Dolma (Photo:tibettimes.net)

དེ་རིང་གི་རྒྱལ་སྤྱིའི་བཙོན་པའི་དྲང་བདེན་ཉིན་མོ་དང་བསྟུན་ནས་དབུས་སའི་བུད་མེད་ལྷན་ཚོགས་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་འགྲོ་བ་མིིའི་ཐོབ་ཐང་གི་ཚོགས་སྡེ་ཁག་ལ་རེ་སྐུལ་ཞུས་པའི་ནང་། རྒྱ་ནག་གཞུང་ལ་༧པཎ་ཆེན་རིན་པོ་ཆེ་མཆོག་དང་ཁོང་གི་སྐུ་འཁོར་ནང་མི་དང་བཅས་པའི་གནས་སྟངས་ཕྱི་གསལ་ནང་གསལ་བཟོ་དགོས་པའི་གནོན་ཤུགས་སྤྲོད་དགོས་པ་དང་། རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་ད་བར་ཁྲིམས་འགལ་གྱིས་བཙོན་འཇུག་བྱས་པའི་བོད་མིའི་ཐོ་གཞུང་ཕྱིར་བསྒྲགས་བྱེད་དགོས་པ། བོད་རིགས་བཙོན་པ་དང་དམིགས་བསལ་བུད་མེད་བཙོན་པའི་གནས་སྟངས་རྟོག་ཞིབ་ཆེད་རྒྱལ་ཚོགས་ཀྱི་སྐུ་ཚབ་ཅིག་བོད་ནང་གཏོང་དགོས་པ། རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར་ཚོའི་ཆེད་དུ་བཙུགས་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་རྣམས་མཚམས་འཇོག་དགོས་པ་སོགས་བཀོད་འདུག

རྒྱལ་སྤྱིའི་བཙོན་པའི་དྲང་བདེན་ཉིན་མོ་ཞེས་པ་དེ་ནི་ཕྱི་ལོ་ ༡༩༧༤ ལོར་ཁེ་ན་ཌར་བཙོན་པའི་ཐོབ་ཐང་ལ་རྒྱབ་སྐྱོར་དང་བཙོན་ཁང་ནང་དུས་མིན་རྐྱེན་འདས་སོང་བའི་བཙོན་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་བྱ་བའི་ལས་འགུལ་ཞིག་གི་ཐོག་ནས་མགོ་བརྩམས་པ་ཞིག་ཡིན་ཞིང་། རིམ་པས་ཁེ་ན་ཌའི་ས་ཁུལ་མང་པོའི་ནང་བཙོན་པའི་ཚོགས་སྡེ་མི་ཉུང་བ་ཐོན་ཏེ། ཕྱི་ལོ་ ༡༩༧༩ ལོའི་ཟླ་ ༨ ཚེས་ ༡༠ ཉིན་བཙོན་པར་དོན་སྙིང་ལྡན་པའི་ལས་ཀ་དང་གླ་ཕོགས་དགོས་པའི་ཐོབ་ཐང་དང་། བཙོན་པར་དོན་ཕན་ལྡན་པའི་ཤེས་ཡོན་དང་སྦྱོར་བརྡར་དགོས་པ། སྨན་བཅོས་ཀྱི་ཐོབ་ཐང་། སྨྲ་བརྗོད་དང་ཆོས་དད་རང་དབང་གི་ཐོབ་ཐང་སོགས་གཞི་རྩའི་ཐོབ་ཐང་ཁག་དགོས་པའི་ཡོངས་ཁྱབ་རེ་འདུན་བཏོན་ཡོད་པ་རེད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 1

  1. འཕྲོད་བྱེད་དགའ་མ། says:
    ལོ་ 5 སྔོན།

    བུད་མེད་ཚོགས་པའི་ངོས་ནས་ལས་འགུལ་འདི་རིགས་སྤེལ་ན་སྤྱི་ཚོགས་ནང་ཆེ་མཐོང་སླར་གསོ་བྱེད་ཐུབ། དེ་མིན་གཞུང་གཏོར་བྱེད་ཀྱི་སྤྱི་འཏུས་༢༢དང་ཁ་མཐུན་གྱི་ཆབ་སྲིད་རྙོག་དྲ་ནང་ཞུགས་ན་ཚོགས་པ་ཉམས་རྒུད་དུ་འགྲོ་རྒྱུ་ཉག་ཅིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese