མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རོགས་དངུལ་བསྡུ་སློང་གནང་ཕྱོགས་ཀྱི་ལམ་སྟོན།

བོད་ཀྱི་དུས་བབ།
༢༠༢༡/༠༩/༠༧
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཉམ་ཐག་དང་དཀའ་ངལ་ཅན་ལ་རོགས་རམ་གནང་མཁན་ཚོགས་སྐྱིད་དང་མི་སྒེར་གང་མང་ཡོང་གི་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༤ ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་བོད་མི་ནང་ཁུལ་དུ་དངུལ་བསྡུ་སློང་གནང་སྟེ་རོགས་རམ་གནང་སྐབས། གནས་ཡུལ་གྱི་སྐུ་ཚབ་དོན་གཅོད་དང་། ཡང་ན་ས་གནས་མགོ་འཛིན་དང་འབྲེལ་མཐུད་པ་རྣམ་པར་ཡར་ཞུས་ཏེ་མཁྱེན་རྟོགས་ཡོད་པའི་ཐོག་ནས་གནང་དགོས་སྐོར་གྱི་ལམ་སྟོན་བཀོད་ཁྱབ་ཅིག་གནང་འདུག

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བཀའ་དྲུང་སྦྲ་གཉིས་ཚེ་རྒྱལ་ལགས་ལ་ལམ་སྟོན་བཀོད་ཁྱབ་ཀྱི་དགོས་དམིགས་སྐོར་བཀའ་འདྲི་ཞུ་སྐབས་ཁོང་གིས། ཕྱི་ལོ་ ༡༩༩༧ ནས་བོད་མིའི་སྒྲིག་འཛུགས་ཀྱི་ནང་ཤེས་འཕྲོད་གསུམ་གྱིས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་བཙུགས་ནས་ད་བར་ལོ་ངོ་ ༢༤ ལྷག་ཕྱིན་ཡོད་པ་དང་། འདིའི་རིང་ལ་ས་གནས་ལ་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་ཡོད་པ་མ་ཟད། ས་གནས་ཀྱིས་ཞིབ་འཇུག་བྱས་པའི་གནས་སྟངས་དབུས་ལ་བཏང་ནས་དབུས་ཀྱིས་རྟོག་ཞིབ་བྱས་ཏེ། ས་གནས་སུ་ཕེབས་དགོས་བྱུང་རུང་ཕེབས་པ་དང་བསྐྱར་ཞིབ་གནང་སྟེ་ཉམ་ཐག་ལ་གཟིགས་རྟོག་གནང་གི་ཡོད་པ་དེ་ནི་གཞུང་གི་འོས་འགན་ཡིན་པ་འགྲེལ་བརྗོད་གནང་བ་དང་སྦྲགས་ཁོང་གིས། བར་ལམ་ནས་ཉམ་ཐག་རིགས་གཅིག་གིས་སྤྱི་ཚོགས་དྲ་རྒྱའི་ནང་བཏོན་ཏེ་རོགས་དངུལ་བསྡུ་རུབ་གནང་གི་ཡོད་རེད། དེ་འདྲའི་རོགས་དངུལ་བསྡུ་སློང་གནང་སྟངས་ཐད་ང་ཚོའི་སྤྱི་ཚོགས་ནང་དགོངས་ཚུལ་མི་འདྲ་བ་བསླེབས་ཡོང་གི་ཡོད་པས། སྤྱིར་བཏང་བོད་པས་བོད་པ་ལ་རོགས་སྐྱོར་གནང་གི་ཡོད་པ་དེ་དགའ་བསུ་ཞུ་འོས་པ་རེད་དེ་གནང་ལུགས་གནང་སྟངས་ཚང་མ་ལ་བཏང་སྙོམས་དང་ཚད་སྙོམས་པོ་བྱུང་བའི་ཆེད་དུ་བཀའ་ཤག་གིས་གཅིག་གྱུར་བྱུང་ན་བསམ་པའི་དགོངས་པ་བཞེས་ཡོད་པ་རེད། གཉིས་པ་དེ་ལ་བཙན་བྱོལ་སྤྱི་ཚོགས་ནང་ལ་ཉམ་ཐག་ལྟ་སྐྱོང་ཞུ་རྒྱུ་དེ་བོད་མིའི་སྒྲིག་འཛུགས་ཀྱི་འགན་ཡིན་པས། ཉམ་ཐག་རེ་ཟུང་ལ་ཕྱག་དངུལ་རག་གི་ཡོད་རེད་དེ། ཕྱག་དངུལ་གྱིས་མ་འདང་བའི་དཀའ་ངལ་དང་གློ་བུར་གོད་ཆག་གི་དཀའ་ངལ་འཕྲད་པའི་རྐྱེན་གྱིས། སྤྱི་ཚོགས་ནང་ཞལ་འདེབས་བསྡུས་པའི་གནས་སྟངས་ཆགས་པ་ཡིན་ན། ས་གནས་གང་རུང་ཞིག་ལ་སྐུ་ངལ་དེ་འདྲ་འཕྲད་ཀྱི་ཡོད་ན། ས་གནས་ལ་འབྲེལ་ཡོད་ལས་ཁུངས་བཙུགས་ཡོད་པ་དང་། ས་གནས་མགོ་འཛིན། སྐུ་ཚབ་དོན་གཅོད། འབྲེལ་མཐུད་པ་སོགས་ཡོད་རེད། ཁོང་ཚོས་མཁྱེན་པའི་ཐོག་ནས་རོགས་དངུལ་བསྡུ་རུབ་བྱེད་དགོས་པའི་དགོངས་པ་གཙོ་བོ་དེ་རེད། ཅེས་ཁོང་ཚོའི་འགན་ཡང་མི་མང་གི་བདེ་སྡུག་ལ་ལྟ་སྐྱོང་གནང་རྒྱུ་དེ་ཡིན་པས་གཅིག་མཚུངས་ཆགས་ཡོད་སྐོར་བརྗོད་བྱུང་།

བཀའ་ཤག་གི་ལམ་སྟོན་བཀོད་ཁྱབ་དེའི་ནང་། བོད་མིའི་སྒྲིག་འཛུགས་ནས་བོད་མི་ཉམ་ཐག་རྣམས་ལ་ལྟ་སྐྱོང་བྱེད་ཕྱོགས་ཀྱི་སྲིད་བྱུས་དང་ལམ་སྟོན་གཏན་འབེབས་གནང་དོན་ལྟར། ཕྱི་ལོ་ ༡༩༩༧ ནས་ནང་སྲིད་དང་ཤེས་ཡོན། འཕྲོད་བསྟེན་གསུམ་གྱི་ཉམ་ཐག་རྟོག་ཞིབ་ཚོགས་ཆུང་ཟུར་འཛུགས་གནང་སྟེ། ད་བར་ལོ་ངོ་ ༢༤ ལྷག་ཕྱིན་པའི་ནང་། ས་གནས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་ནས་དུས་ནས་དུས་སུ་ཉམ་ཐག་གི་གནས་སྟངས་ཐོ་འགོད་འགོད་འབུལ་བྱུང་བ་རྣམས་ལ་དབུས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་ནས་རྟོག་ཞིབ་ཀྱིས་འཚོ་སྣོན་དང་། སློབ་ཡོན། སྨན་གྲོན་སོགས་རོགས་རམ་གང་ཐུབ་གནང་གི་ཡོད་ཀྱང་། ཉམ་ཐག་རེ་ཟུང་ནས་སྤྱི་ཚོགས་དྲ་ལམ་བརྒྱུད་ཞལ་འདེབས་བསྡུ་སློང་གི་གནས་ཚུལ་བྱུང་བ་དང་། སྤྱི་ཚོགས་ནང་དུ་བསམ་ཚུལ་མང་པོ་བྱུང་གི་ཡོད་པ་དེ་དག་བོད་མི་ནང་ཁུལ་གཅིག་གིས་གཅིག་ལ་རོགས་རམ་བྱེད་ཕྱོགས་ཚད་དང་ལྡན་པ་དང་གཅིག་གྱུར་དགོས་པའང་གལ་ཆེན་ཆགས་ཀྱི་ཡོད་པ་བཀོད་འདུག་ལ། མཇུག་ཏུ་སླད་གཞིས་ཆགས་དང་ཁ་འཐོར་གནས་སྡོད་བོད་མི་སུ་འདྲ་ཞིག་གི་ཆེད་དུ་རོགས་དངུལ་བསྡུ་རུབ་བྱེད་འཆར་ཡོད་པ་རྣམས་ཀྱིས། དང་ཐོག་ནས་ཕྱི་རྒྱལ་སྐུ་ཚབ་དོན་ཁང་དང་། འབྲེལ་ཡོད་ས་གནས་མགོ་འཛིན། འབྲེལ་མཐུད་པར་ལམ་སྟོན་ཞུས་ཏེ་གནང་དགོས་སྐོར་འཁོད་འདུག

གསར་འགོད་པ།  བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

ཆུ་ཚོད་ ༡༨ སྔོན་ལ།
ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སཱི་ཤེས་ཡོན་སློབ་གསོའི་སྐོར་ལ་གསུང་བཤད་གནང་། ༢༠༢༣།༠༥།༢༥ དྲ་བརྙན་གྱི་པར།
Mobile App

སཱི་ཤེས་ཡོན་སློབ་གསོ་ནི་ཧ་ཅང་གཏིང་ཟབ་པའི་རིག་པའི་གཞུང་ལུགས་ཤིག་རེད་ཅེས་གསུངས།

༢༠༢༣/༠༥/༢༦
Mobile App

རྒྱ་ནག་གཞུང་གིས་མཐའ་མཚམས་སུ་གྲོང་ཚོ་གསར་པ་ཞིག་འཛུགས་སྐྲུན་བྱེད་བཞིན་འདུག

༢༠༢༣/༠༥/༢༦
A medical worker chooses medicinal materials at the provincial hospital of Tibetan medicine in Xining, northwest China's Qinghai Province, Feb. 26, 2020. (Xinhua/Zhang Long)
Mobile App

རྒྱ་དཀར་ནག་གཉིས་ལ་བོད་ཀྱི་གསོ་རིག་གི་བདག་དབང་མེད།

༢༠༢༣/༠༥/༢༦
རྔ་བ་ཀིརྟི་དགོན་གྱི་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས། འགྲེལ་ཡོད་ཀྱིས་འདི་གར་བོད་ནས་མཁོ་སྤྲོད་བྱས།
Mobile App

ཆབ་སྲིད་བཙོན་ཟུར་གཅེན་གཅུང་གཉིས་ཀྱི་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་འདུག  

༢༠༢༣/༠༥/༢༦
རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་རྨ་སྟོད་རྫོང་ཁོངས་སུ་བཙུགས་པའི་གཏན་འཇགས་སློབ་གྲྭ་ཞིག་གི་འཛིན་ཁང་། ༢༠༢༢།༠༥ པར་བོད་ནས་འདི་གར་མཁོ་སྤྲོད་བྱས།
Mobile App

བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས་ཟེར་བའི་ཐོག་རྒྱ་ནག་གཞུང་གིས་འཁྱོག་བརྗོད་ཆེན་པོ་བྱས།

༢༠༢༣/༠༥/༢༥

མཆན། 1

  1. རྡོ་རྗེ says:
    ལོ་ 2 སྔོན།

    འདི་མི་སྐྱོ་བོ་དང་ཉམས་ཐག་རོགས་དངུལ་རྡབ་འགྱུར་འགྲོ་བའི་ཐུག་ཁྲལ་མི་དགོས་པའི་འཕར་མའི་སེམས་ཁྲལ་མ་རུང་བ་ཉག་ཅིག་དེ་རེད་པ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist