མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀ་ཤི་མིར་གྱི་རྩོད་རྙོག་ཁྲོད་རྒྱ་གར་དམག་མི་ལྔ་གྲོངས།

བོད་ཀྱི་དུས་བབ།
༢༠༢༡/༡༠/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་དང་པ་ཀི་སི་ཐན་བར་རྩོད་རྙོག་ཏུ་གྱུར་བའི་ཀ་ཤི་མིར་ཁུལ་དུ་དམག་མིའི་སྡེ་ཁག་ཅིག་གིས་དྲག་རྒོལ་བྱས་ཏེ་རྒྱ་གར་གྱི་དམག་མི་ལྔ་གྲོངས་ཡོད་འདུག

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཕྱི་ཚེས་ ༡༡ ཉིན་རྒྱ་གར་གྱི་ཀཱ་ཤི་མིར་དང་པ་ཀི་སི་ཐན་ཕྱོགས་ཀྱི་དྲག་དམག་གཉིས་བར་དམག་འཁྲུག་བྱུང་སྟེ། རྒྱ་གར་གྱི་དམག་མི་ ༥ དང་གོ་མཚོན་བཟུང་བའི་དམག་མི་ (Armed Militants) ༢ བཅས་འཐབ་འཛིང་ཁྲོད་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། རྒྱ་གར་གཞུང་གིས་ད་ལན་རྒྱ་གར་གྱི་དམག་མིར་གནོད་འཚེ་ཐེབས་པའི་རྒྱབ་ལྗོངས་སུ་པ་ཀི་སི་ཐན་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།

རྒྱ་གར་གྱི་དམག་མིའི་ལས་བྱེད་ཅིག་གིས། པ་ཀི་སི་ཐན་གྱི་རྒྱལ་མཚམས་སུ་ཡོད་པའི་དོགས་གཞི་ཅན་གྱི་དྲག་དམག་ཁག་ཅིག་གིས། མེ་མདའ་འཕངས་པ་ལ་བརྟེན་ནས། རྒྱ་གར་གྱི་དམག་མི་ ༥ རྐྱེན་འདས་སུ་ཕྱིན་ཡོད། ད་རེས་ནི་ཧི་མ་ལ་ཡའི་ཁུལ་དུ་རྒྱ་གར་གྱི་རྒྱལ་སྲུང་དམག་དཔུང་ལ་རྐྱེན་ངན་གོད་ཆག་ཚབས་ཆེན་བྱུང་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཅེས་བརྗོད་ཡོད་འདུག

རོའུ་ཊར་གསར་ཁང་གི་གནས་ཚུལ་ནང་། རྒྱ་གར་གཞུང་གིས། ད་ལན་ཀ་ཤི་མིར་ཁུལ་དུ་དམག་འཁྲུག་བྱུང་རྐྱེན་གཙོ་བོ་ནི། པ་ཀི་སི་ཐན་གཞུང་གིས་ས་མཚམས་ཁུལ་གྱི་དྲག་དམག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས་ཡིན་སྐོར་སྐྱོན་བརྗོད་བྱས་ཡོད། འོན་ཀྱང་། པ་ཀི་སི་ཐན་གྱིས་ཁས་ལེན་བྱས་མེད་པ་མ་ཟད། པ་ཀི་སི་ཐན་གཞུང་གིས་ཀ་ཤི་མིར་གྱི་མི་མང་ལ་གཞུང་འབྲེལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་ལན་འདེབས་བྱས་ཡོད་འདུག

ད་ལྟ་ཀ་ཤི་མིར་ཁུལ་གྱི་གནད་དོན་ཛ་དྲག་ཏུ་གྱུར་ཡོད་ཅིང་། ཉེ་སྔོན་ཕྱི་ཚེས་ ༩ ཉིན་རྒྱ་གར་ཉེན་རྟོག་པས་ཁུལ་དེའི་མི་སེར་་ ༣༠༠ ལྷག་འཛིན་བཟུང་གིས་འདྲི་རྩད་བྱས་ཡོད་པ་དང་། ད་ལན་ཀ་ཤི་མིར་ཁུལ་དུ་དྲག་པོའི་གནས་ཚུལ་ལྷག་རྐྱེན་གཙོ་བོ་ནི། ཉེ་བའི་ཉིན་ཤས་རིང་ཁུལ་དེར་དྲག་དམག་སྡེ་ཁག་དེས་རྒྱ་གར་གྱི་མི་ ༤ བསད་ཡོད་པ་དང་ད་ལོ་གཅིག་པུར་ཁྱོན་མི་གྲངས་ ༢༨ རྐྱེན་འདས་སུ་བཏང་ཡོད་པ་སོགས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ཞིང་། དྲག་དམག་སྡེ་ཁག་དེས་རྒྱ་གར་ཁོངས་གཏོགས་ཀ་ཤི་མིར་རུ་དྲག་པོའི་རྒོལ་རྡུང་གི་བྱ་སྤྱོད་བསྟུད་མར་སྤེལ་གྱི་ཡོད་འདུག

ཀ་ཤི་མིར་ནི་ཕྱི་ལོ་ ༡༩༤༧ ཙམ་ནས་རྒྱ་གར་དང་པ་ཀི་སི་ཐན་གཉིས་བར་རྩོད་རྙོག་ཏུ་གྱུར་བའི་ས་ཁོངས་ཤིག་ཡིན་པ་དང་། ས་ཁུལ་དེའི་གསུམ་ཆ་གཉིས་ཙམ་རྒྱ་གར་གྱི་འཛིན་སྐྱོང་འོག་གནས་ཀྱི་ཡོད་པ་དང་གཅིག་དེ་པ་ཀི་སི་ཐན་གྱི་འཛིན་སྐྱོང་འོག་ཚུད་ཡོད་པ་རེད་ལ། ད་བར་རྒྱ་གར་དང་པ་ཀི་སི་ཐན་གཉིས་བར་ཀ་ཤི་མིར་གྱི་རྩོད་རྙོག་དང་འབྲེལ། དམག་འཁྲུག་ཆེ་གྲས་ཐེངས་ ༦ བྱུང་ཡོད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ནམ་འཛོམས་སྐབས་པ་ཀི་སི་ཐན་དང་རྒྱ་གར་བར་ཇཱ་མོ་ཀ་ཤི་མིར་གྱི་རྩོད་རྙོག་དང་འབྲེལ་ནས་ཁ་རྩོད་ཤོར་གྱི་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ནས་ཉི་ཧོང་གི་སྲིད་བློན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༥ སྔོན་ལ།
Mobile App

བོད་རིགས་དཔོན་པོ་གཉིས་ལ་ཞིབ་བཤེར་དང་ཕྱིར་ཕུད།

ཆུ་ཚོད་ ༦ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ། 

ཆུ་ཚོད་ ༦ སྔོན་ལ།
བོད་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་དང་ལྷ་སྡེ་མི་སྡེར་སྔོག་བཤེར་བྱས་ནས་༧གོང་ས་མཆོག་གི་སྐུ་པར་བཙན་འཕྲོག་བྱེད་བཞིན་པ། པར་དུས་བབ་ཀྱི་བསྒྲིགས།
Mobile App

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་མང་པོ་བཙན་འཕྲོག་བྱས་འདུག 

༢༠༢༥/༡༠/༢༡
རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་དྷ་སར་བར་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། ༢༠༢༥།༡༠།༢༡ པར་འབྲེལ་ཡོད་མཁོ་སྤྲོད་གནང་།
Mobile App

རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་དྷ་སར་བར་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

༢༠༢༥/༡༠/༢༡
བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

གཞས་པ་ཨ་སངས་ལགས་མུ་མཐུད་བཀག་ཉར་འོག་ཡོད་འདུག

༢༠༢༥/༡༠/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese