མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་མང་པོས་ཐའེ་ཝན་གནོད་ཐེབས་ས་ཁུལ་དུ་སྨོན་ལམ་གསུང་འདོན་གནང་།

བོད་ཀྱི་དུས་བབ།
༢༠༢༡/༡༠/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཉིན་ཤས་གོང་ཐའེ་ཝན་གྱི་གྲོང་ཁྱེར་ཆེ་ཤོས་གཉིས་པ་ཀའོ་ཞོང་ (Kaohsiung) དུ་མེ་སྐྱོན་ཚབས་ཆེན་བྱུང་སྟེ་མི་གྲངས་ ༤༦ རྐྱེན་འདས་དང་མི་ ༤༡ ལ་རྨས་སྐྱོན་ཕོག་པའི་སྐྱོན་ཆག་བྱུང་བར་བརྟེན། དེ་རིང་ཐའེ་ཝན་ནང་གནས་བཞུགས་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་དབུ་འཁྲིད་དེ། ཆོས་བརྒྱུད་རིས་མེད་ཀྱི་མཁན་སྤྲུལ་དགེ་བཤེས་དང་དགེ་འདུན་པ་ཞལ་གྲངས་ ༦༠ ལ་ཉེ་བ་ཞིག་ཡུལ་དངོས་སུ་ཆེད་ཕེབས་ཀྱིས་བསྔོ་སྨོན་གསུང་འདོན་གནང་འདུག

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་གྱི་ས་གནས་ཀྱི་སྔ་དྲོའི་ཆུ་ཚོད་ ༢ པ་ཡས་མས་ཤིག་ལ་ཀའོ་ཞོང་ (高雄) ཁུལ་དུ་ལོ་ངོ་ ༤༠ ཡར་སྔོན་དུ་འཛུགས་སྐྲུན་བྱས་པའི་ཁང་བརྩེགས་རྙིང་པ་ཁྲིན་ཀྲོང་ཁྲིན་ (城中城) ཞེས་པ་ཞིག་ལ་མེ་སྐྱོན་བྱུང་སྟེ་མི་ ༤༦ རྐྱེན་འདས་དང་མི་ ༤༡ ཙམ་ལ་རྨས་སྐྱོན་ཕོག་ཡོད་ཅིང་། ཐེངས་འདིའི་མེ་སྐྱོན་གོད་ཆག་དེ་ནི་ཐའེ་ཝན་གྱི་འདས་པའི་མི་ལོ་ཉེར་ལྔའི་རིང་གི་ཤི་རྨས་ཚབས་ཆེ་ཤོས་བྱུང་བའི་མེ་སྐྱོན་ཞིག་ཡིན་པར་ངོས་འཛིན་བྱས་འདུག ད་ལྟའི་ཆར་མེ་སྐྱོན་འབྱུང་རྐྱེན་ཁ་གསལ་མེད་པར་ཞིབ་འཇུག་བྱེད་བཞིན་འདུག

ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་རྒྱུན་ལས་མཁན་པོ་རྫ་ཚེ་རིང་བཀྲ་ཤིས་ལགས་སུ་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། དེ་རིང་ཁྱོན་དགེ་འདུན་པ་ ༦༠ ཉེ་བ་ཞིག་གནོད་ཐེབས་ས་ཡུལ་རང་ལ་ཕེབས་ཏེ་བཟང་སྤྱོད་སྨོན་ལམ་གྱིས་མཚོན་པའི་གསོན་པོ་དག་ལ་སྐྱབས་འཇུག་དང་། འདས་པོ་རྣམས་ལ་བསྔོ་སྨོན་ཟབ་རྒྱས་གནང་གྲུབ་རྗེས། ཀའོ་ཞོང་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དང་། ཐའེ་ཝན་ནང་པའི་ལས་དོན་ཚོགས་པའི་དྲུང་ཆེ་སོགས་ཀྱང་ཆེད་ཕེབས་ཀྱིས་བོད་བརྒྱུད་ཀྱི་དགེ་འདུན་པ་རྣམ་པ་ས་གནས་དེར་དངོས་སུ་གདུང་སེམས་མཉམ་བསྐྱེད་ཆེད་དུ་ཕེབས་པར་སེམས་ཚོར་ཆེན་པོས་ཐུགས་རྗེ་ཆེ་ཞུས་འདུག་ལ། དགེ་འདུན་པ་མང་པོ་ཞིག་མ་སྐུལ་དྭང་བླངས་ཀྱིས་ཕེབས་ཡོད་པ་དང་། ཞིབ་འཇུག་ཚོགས་པ་དང་། དེ་བཞིན་འབྲེལ་ཡོད་ཆོས་ཚོགས་དག་གིས་ཀྱང་ལམ་བར་འགྲོ་སོང་དང་གསོལ་ཚིགས་སོགས་ལ་ཞལ་འདེབས་གནང་བ་སོགས་ཚང་མས་མཉམ་ཞུགས་གནང་ཡོད་སྐོར་དང་། ཐའེ་ཝན་གྱི་རྒྱལ་ཡོངས་བརྒྱུད་ལམ་ཆེ་ཁག་སན་ལཱས་ (三立) སོགས་ཀྱིས་ཀྱང་ད་ལན་བོད་ཀྱི་དགེ་འདུན་པ་རྣམ་པ་ཀའོ་ཞོང་དུ་ཆེད་ཕེབས་གནང་བའི་ཆོས་ཕྱོགས་ཀྱི་སྤྱི་ཚོགས་ཞབས་ཞུའི་ལས་དོན་ལ་དམིགས་བསལ་དོ་སྣང་བྱས་ཡོད་སྐོར་གསུངས་བྱུང་།

Firefighters and medical workers walk past a damaged residential building following a fire in Kaohsiung. Photo: Woo Swee Kay/Reuters]

ཡང་གསར་འགོད་པས་ནམ་རྒྱུན་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ངོས་ནས་ས་གནས་སུ་སྐྱོན་ཆག་འདི་རིགས་བྱུང་སྐབས་ཆོས་ཕྱོགས་ཀྱི་མཛད་པ་ག་རེ་སྐྱོང་གནང་གི་ཡོད་མེད་སྐོར་དྲིས་པར་ཁོང་གིས། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་ཞེས་པ་དེ་ནི་ཐའེ་ཝན་ལ་ཡོད་པའི་ཐའེ་ཝན་རྒྱལ་ཡོངས་རང་བཞིན་གྱི་གཞུང་འབྲེལ་ངོས་ལེན་ཡོད་པའི་ཚོགས་པ་ཞིག་ཡིན་ཞིང་། ཐའེ་ཝན་ལ་མཚོན་ན། བོད་བརྒྱུད་ནང་བསྟན་གྱི་ཚབ་མཚོན་གྱི་ཚོགས་པ་འདྲ་བོ་ཞིག་ཆགས་བསྡད་ཡོད་པ་མ་ཟད། ཚོགས་པ་དེ་བཙུགས་ནས་ད་ལྟ་བར་དུ་ལོ་ ༡༠ ལྷག་འགྲོ་ཡི་ཡོད་པ་རེད། ཞིབ་འཇུག་ཚོགས་པའི་དམིགས་ཡུལ་དང་ལས་དོན་གཙོ་བོ་གཅིག་ནི་ཐའེ་ཝན་གྱི་སྤྱི་ཚོགས་ལ་ཕན་ཐོགས་རྒྱུའི་ལས་ཀ་བྱ་རྒྱུ་དང་། ཐའེ་ཝན་གྱི་སྤྱི་ཚོགས་ནང་བོད་བརྒྱུད་ནང་བསྟན་དང་བོད་པའི་ཆེ་མཐོང་སོགས་༧གོང་ས་མཆོག་གིས་དུས་རྒྱུན་དུ་ནས་བོད་པ་ག་པར་ཡོད་རུང་བོད་པ་མི་རེ་ངོས་རེ་ནས་བོད་མིའི་ངོ་ཚབ་མཚོན་གྱི་ཡོད་པ་གསུངས་པ་ལྟར། སོ་སོའི་ཆོས་དང་རིག་གཞུང་དེ་ཚོ་མི་རིགས་གཞན་གྱི་ཁྱབ་ཁོངས་ལ་སྤེལ་དགོས་པ་དང་། མི་རིགས་གཞན་གྱི་སྤྱི་ཚོགས་སུ་རྒྱུན་གནས་བྱ་དགོས་དུས། ས་གནས་དེ་གའི་སྤྱི་ཚོགས་ལ་སེམས་ཁུར་བྱ་རྒྱུ་དེ་གནད་འགག་ཞིག་མཐོང་སྟེ། ཕྱི་ལོ་ ༢༠༡༡ དང་ ༢༠༡༢། ༢༠༡༣ ལོར་ཐའེ་ཝན་ནང་རང་བྱུང་གི་གནོད་འཚེ་ས་ཡོམ་དང་། གནམ་གྲུ་ལྷུང་བ། མེ་འཁོར་དོན་རྐྱེན་སོགས་བྱུང་སྐབས། ཞིབ་འཇུག་ཚོགས་པའི་སྤྱི་ཚོགས་ཞབས་ཞུ་ཚན་པས་སྣེ་ཁྲིད་དེ་ཐའེ་ཝན་ལ་ཡོད་པའི་བླ་མ་དང་དགེ་འདུན་པ་སོགས་བོད་བརྒྱུད་ནང་བསྟན་ཚོགས་པ་ཡུལ་དངོས་སུ་ཕེབས་ཏེ་ཞལ་འདོན་བཏོན་པ་དང་གདུང་སེམས་མཉམ་བསྐྱེད་གནང་ཡོད་པ་རེད། ཞིབ་འཇུག་ཚོགས་པས་དེ་སྔོན་སྤེལ་བའི་སྤྱི་ཚོགས་ཞབས་ཞུ་དང་འབྲེལ་བའི་ལས་འགུལ་ལ་ཐའེ་ཝན་གྱི་སྲིད་འཛིན་ཚེ་ཡེན་ཝུན་(蔡英文)མཆོག་གིས་བསྟོད་བསྔགས་གནང་བ་དང་། གསར་འགྱུར་བརྒྱུད་ལམ་ཁག་གིས་དོ་སྣང་གནང་བ་སོགས་ཐེངས་མང་བྱུང་ཡོད་སྐོར་སོགས་གསུངས་བྱུང།

ད་ཐེངས་མེ་སྐྱོན་ཕོག་སའི་ཐོག་བརྩེགས་ ༡༣ ཅན་གྱི་ཁང་བརྩེགས་ཁྲིན་ཀྲོང་ཁྲིན་གྱི་ཐོག་བརྩེགས་ ༡ ནས་ ༥ བར་དུ་ཚོང་ཁང་དང་གློག་བརྙན་ཁང་སོགས་ཡོད་ཅིང་། ཐོག་བརྩེགས་ ༧ ནས་ ༡༡ བར་དུ་ཁྱིམ་ཚང་གི་སྡོད་ཁང་ ༡༢༠ ཡོད་འདུག ཁང་བརྩེགས་དེར་ཕྱི་ལོ་ ༡༩༩༠ ལོའི་ནང་མེ་སྐྱོན་བྱུང་བའི་རྐྱེན་གྱིས་ཚོང་ཁང་དང་གློག་བརྙན་ཁང་ཚང་མ་སྒོ་བརྒྱབ་ཡོད་ཅིང་། དུས་དེ་ནས་བཟུང་ད་བར་ཁང་བརྩེགས་དེ་འཚོ་བ་ཅུང་ཞན་པའི་མི་ཉམ་ཐག་མང་པོ་ཞིག་ལ་ཁང་གླ་དམའ་བོའི་ཐོག་གཡར་པོ་བྱས་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༨ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༨ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༨ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༩ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese