མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀྲ་ཤིས་དབང་ཕྱུག་ལགས་སུ་ད་དུང་འགྲོ་འདུག་གི་གཞི་རྩའི་རང་དབང་མེད་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༠/༢༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་སྐད་ཡིག་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་ཀློད་གྲོལ་བཏང་སྟེ་ཟླ་དགུ་ལྷག་འགྲོ་ཡི་ཡོད་ཀྱང་། ད་དུང་ཁོང་ལ་འགྲོ་འདུག་སྤྱོད་གསུམ་གྱི་གཞི་རྩའི་རང་དབང་མེད་པ་རེད།

བོད་ཀྱི་སྐད་ཡིག་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག

ཉེ་ལམ་བོད་ཀྱི་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་གནས་སྐོར་དུ་འགྲོ་ཡི་ཡོད་པའི་པར་རིས་གནས་ཚུལ་ཞིག་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཁྱབ་བརྡལ་ཕྱིན་རྗེས། ཕྱི་ཚེས་ ༡༦ ཉིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པ་ལིན་ཞའོ་ཅིན་(梁小军) གྱིས་སྒེར་གྱི་ཊུ་ཝེ་ཊར་དྲ་རྒྱའི་སྟེང་གནས་ཚུལ་ཞིག་བཀོད་དེ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་སྐུ་གཟུགས་གནས་སྟངས་སྔར་ལྷག་གི་བདེ་ཐང་ཡིན་པ་དང་མ་འོངས་པར་ཁོང་གིས་རིག་གཞུང་དང་འབྲེལ་བའི་བཟོ་ལས་ཁང་ཞིག་གཉེར་འདོད་ཡོད་སྐོར་བསྒྲགས་ཡོད།

དེ་རིང་འདི་གའི་གསར་འགོད་པར་གནས་ཚུལ་འབྱོར་བར་གཞིགས་ན། བཀྲ་ཤིས་དབང་ཕྱུག་ལགས་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༨ ཉིན་བཙོན་འཇུག་གི་དུས་ཡུན་ཚང་སྟེ་ཀློད་གྲོལ་ཐོབ་པ་ནས་བཟུང་ད་བར་དུས་ཡུན་ཟླ་ ༩ ལྷག་འགྲོ་བཞིན་ཡོད་ཀྱང་། ད་ལྟ་ད་དུང་ཡང་བཀྲ་ཤིས་དབང་ཕྱུག་ལགས་སུ་འགྲོ་འདུག་གི་རང་དབང་མེད་པ་དང་། ཉེ་ལམ་ཁོང་གནས་སྐོར་དུ་ཕྱིན་པའི་གནས་ཚུལ་དེ་ནི། ཁོས་ས་གནས་གཞུང་ལ་སྙན་ཞུ་སྤྲད་པ་དང་ས་གནས་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་བོད་ཀྱི་ས་ཁུལ་ཁག་ཅིག་ལ་གནས་མཇལ་བྱེད་པར་སོང་བ་ཞིག་ཡིན་འདུག

འདི་ལོའི་ལོ་མགོར་བཀྲ་ཤིས་དབང་ཕྱུག་ལགས་ཀློད་གྲོལ་ཐོབ་རྗེས། ཁྲིམས་རྩོད་པ་ལིན་ཞའོ་ཅིན་གྱིས་བཀྲ་ཤིས་དབང་ཕྱུག་ལ་འགྲོ་འདུག་སོགས་ཀྱི་གཞི་རྩའི་རང་དབང་ཐོབ་ཡོད་མེད་ཤེས་རྟོགས་མེད་སྐོར་བརྗོད་ཡོད་པ་དང་། དེ་རྗེས་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ལོ་ལྔའི་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་པ་དང་། འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་མེད་པའི་གནས་ཚུལ་ཕྱིར་ཐོན་ཡོད་སྟབས། དེ་རིང་གསར་འགོད་པས་བཀྲ་ཤིས་དབང་ཕྱུག་ལགས་སུ་གཞི་རྩའི་རང་དབང་ཆ་ཚང་ཐོབ་ཡོད་མེད་དྲིས་པར་གནས་ཚུལ་མཁོ་སྤྲོད་པས། རང་དབང་མེད།  ཁ་སྔོན་བཀྲ་ཤིས་དབང་ཕྱུག་གིས་ས་གནས་ཉེན་རྟོག་པར་ཆོག་མཆན་ཞུས་རྗེས་གནས་སྐོར་དུ་སོང་བ་རེད། ཅེས་བརྗོད་བྱུང་།

ཉེ་སྔོན་ཕྱི་ཚེས་ ༡༤ ཉིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཝེ་པོ་དྲ་རྒྱའི་སྟེང་། དད་པ་ནི་མིའི་རིགས་ཀྱི་བསམ་བློའི་འཚོ་བཅུད་ཡིན། རྒྱ་ནག་གི་ལས་བྱེད་གཅིག་གིས་ཀྱང་ནང་ཆོས་དར་སྤེལ་དང་ཆོས་ལུགས་དད་མོས་ཀྱི་རང་དབང་རྡོག་རོལ་གཏོང་མི་ཐུབ་ལ། ངོ་ལྐོག་རྒྱབ་མདུན་གང་ནས་ཀྱང་བོད་ཀྱི་རིག་གཞུང་དར་འཕེལ་བཀག་འགོག་བྱ་མི་ཐུབ་སྐོར་སོགས་བྲིས་ཡོད་འདུག ཕྱི་ཚེས་ ༡༦ ཉིན་ཁྲིམས་རྩོད་པ་ལིན་ཞའོ་ཅིན་གྱིས། བཀྲ་ཤིས་དབང་ཕྱུག་གིས་ཁོ་ལ་ཁ་པར་འབྱོར་བའི་གནས་ཚུལ་ཞིག་ཊུ་ཝེ་ཊར་སྟེང་བཀོད་པའི་ནང་། བཀྲ་ཤིས་དབང་ཕྱུག་རང་ཉིད་བདེ་ཐང་ངང་གནས་ཡོད་པ་དང་ཝེ་པོ་དྲ་རྒྱ་ཞིག་ཀྱང་གསར་དུ་བཟོས་ཡོད་པ། དེ་བཞིན་བོད་ཀྱི་ས་ཁུལ་ཁག་ཅིག་ལ་གནས་མཇལ་དུ་ཕྱིན་པ་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་ཡོད་པ་བཀོད་འདུག

སྤྱིར་བཏང་བོད་ཀྱི་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས། ཕྱི་ལོ་ ༢༠༡༥ ཙམ་ནས་པེ་ཅིན་དུ་གནས་སྡོད་ནེའུ་ཡོག་དུས་བབ་ཡན་ལག་གི་གསར་འགོད་པར་རྒྱ་ནག་གཞུང་གི་སྲིད་བྱུས་འོག་བོད་ཁུལ་གྱི་སློབ་གྲྭ་ཁག་ཏུ་བོད་སྐད་ཡིག་སློབ་གསོ་རྩ་མེད་བཟོ་ཡི་ཡོད་པ་དང་། བོད་ཕྲུག་བྱིས་པའི་བོད་སྐད་ཡིག་གི་གནས་ཚད་ཉེན་ཚབས་ཅན་དུ་གྱུར་ཡོད་སྟབས། ངེས་པར་དུ་རྒྱ་ནག་གཞུང་གི་མི་རིགས་རང་སྐྱོང་ཁུལ་གྱི་བཅའ་ཁྲིམས་ནང་གསལ་ལྟར་བོད་སྐད་ཡིག་སྲུང་སྐྱོབ་དགོས་པའི་འབོད་སྐུལ་བྱས་ཡོད་པ་མ་ཟད། གསར་ཁང་དང་ཁྲིམས་རྩོད་པ་སོགས་ལ་འབྲེལ་བ་བྱས་ཏེ་བོད་ཁུལ་གྱི་སློབ་གསོའི་དཀའ་ངལ་དྲིལ་བསྒྲགས་བྱེད་ཐབས་གནང་ཡོད་པར་བརྟེན། ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༧ ཉིན་ཡུལ་ཤུལ་ཉེན་རྟོག་པས་གསང་བའི་ཐོག་ནས་ཁོང་འཛིན་བཟུང་བྱས་ཏེ། ལོ་དེའི་ཕྱི་ཟླ་ ༣ ཚེས་ ༢༤ བར་ནང་མིར་ཤེས་རྟོགས་བྱུང་བཅུག་མེད་པ་མ་ཟད། ནང་མི་སྤུན་མཆེད་སོགས་ལ་ཐུག་ཏུ་མ་བཅུག་པར་བཀག་ཉར་བྱས་ཏེ་ལོ་ ༢ ལྷག་བཞག་ཡོད་པ་རེད། ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༢ ཉིན་ཡུལ་ཤུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བ་དེས། རྒྱལ་ཁབ་ཁ་བྲལ་གཏོང་ཐབས་ཀྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག བཀྲ་ཤིས་དབང་ཕྱུག་ལགས་སུ་ལོ་ ༥ བཙོན་འཇུག་ཁྲིམས་བཅད་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༤ སྔོན་ལ།
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༣ སྔོན་ལ།
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

ཆུ་ཚོད་ ༢༣ སྔོན་ལ།
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

ཆུ་ཚོད་ ༢༣ སྔོན་ལ།
Sakkar Tashi’s profile on X. Screenshot taken on 24 June 2026.
Mobile App

རྒྱ་ནག་གཞུང་གིས་ས་དཀར་བཀྲ་ཤིས་ལགས་ཀྱི་བོད་ནང་གི་ནང་མི་རྣམས་ནག་ཉེས་ཅན་གྱི་ཐོ་གཞུང་དུ་བཅུག་འདུག

ཆུ་ཚོད་ ༢༤ སྔོན་ལ།
སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་བསྒྲིལ། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༢༤
Mobile App

སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཁུལ་གྱི་ཕྱོགས་ཕེབས་མཇུག་བསྒྲིལ། 

༢༠༢༦/༠༦/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese