མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཚོ་སྔོན་ཕྱོགས་ཀྱི་དགེ་འདུན་པ་མང་པོ་དགོན་པ་ནས་ཕྱིར་ཕུད་བཏང་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

མཚོ་སྔོན་ཕྱོགས་ཀྱི་བྱ་ཁྱུང་དགོན་དང་དྷི་ཚ་དགོན་གཉིས་ཀྱི་དགེ་འདུན་པ་བརྒྱད་ཅུ་ལྷག་དགོན་པ་ཕྱིར་ཕུད་བཏང་བ་དང་དགོན་པར་དམག་མི་འགྲེམས་འཇོག་གིས་དགེ་འདུན་པའི་མི་འབོར་ལ་ཚོད་འཛིན་བྱེད་ཀྱི་ཡོད་པ་རེད།

དེ་རིང་འདི་གའི་གསར་འགོད་པར་འབྲེལ་ཡོད་བོད་མི་ཞིག་གིས་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། ཕྱི་ཟླ་ ༡༠ ཚེས་ ༢༡ དང་ ༢༢ བར་ལ་རྒྱ་ནག་གཞུང་གིས་ལོ་བཅོ་བརྒྱད་མ་ལོན་པའི་བྱིས་པ་ཚོ་གྲྭ་བ་བྱས་མི་ཆོག་ཟེར་ནས། བོད་མཚོ་སྔོན་ཁོངས་ཀྱི་བྱང་གི་དགོན་ཆེན་བཞིའི་ཡ་གྱལ་བྱ་ཁྱུང་དགོན་པ་དང་། དྷི་ཚ་དགོན་པ་གཉིས་ཀྱི་གྲྭ་བ་ཁྱོན་ ༨༠ ལྷག་དགོན་པ་ནས་ཕྱིར་ཕུད་བཏང་ཡོད་པ་རེད།

འདི་གར་མཁོ་གཏོང་གནང་བའི་གནས་ཚུལ་ནང་། ཟླ་སྔོན་མའི་ཚེས་ ༢༡ དང་ ༢༢ གཉིས་ལ། རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་བྱེད་དངོས་སུ་བྱ་ཁྱུང་དགོན་པ་དང་དྷི་ས་དགོན་པ་གཉིས་ལ་ཡོང་ནས། བྱ་ཁྱུང་དགོན་པའི་གྲྭ་བ་ ༢༠  ལྷག་དང་དྷི་ཚ་དགོན་པའི་གྲྭ་བ་ ༥༠  བཅས་ཁྱོན་དགོན་པ་གཉིས་ནས་གྲྭ་བ་ ༨༠ ལྷག་རང་རང་སོ་སོའི་ཁྱིམ་དུ་བསྐྱལ་སོང་། ཞེས་བརྗོད་འདུག་པ་དང་། ད་ལྟ་རང་ལོ་བཅོ་བརྒྱད་མ་ཟིན་པའི་བྱིས་པ་ཚོ་དགོན་པར་ཞུགས་མི་ཆོག་པའི་སྲིད་ཇུས་དེ། མཚོ་སྔོན་ཁུལ་གྱི་མཚོ་ཤར་བ་ཡུན་རྫོང་ཁོངས་ཡོངས་སུ་ལག་བསྟར་བྱེད་མུས་ཡིན་པ་རེད།

གནས་ཚུལ་མཁོ་གཏོང་བ་ལྟར་ན། ད་ལྟ་རྒྱ་གཞུང་ཉེན་རྟོག་པས་ཕྱིར་ཕུད་བཏང་བའི་བྱ་ཁྱུང་དགོན་དང་ངྷི་ཚ་དགོན་གཉིས་ཀྱི་དགེ་འདུན་པ་ ༨༠ ལྷག་སླར་ཡང་དགོན་པར་མི་ཡོང་བའི་ཆེད་དུ། དགོན་ནང་དུ་དམག་མི་འགྲེམས་འཇོག་གིས་ལྟ་སྲུང་དང་བཀག་འགོག་བྱས་ནས་བསྡད་ཡོད་པ་མ་ཟད། ཕྱིར་ཕུད་བཏང་བའི་དགེ་འདུན་པ་དག་རང་ཁྱིམ་དུ་འབྱོར་ཉིན་ནས་གྲྭ་ཆས་གྱོན་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག

ད་ལྟ་རྒྱ་ནག་གིས་མཚོ་ཤར་བ་ཡུན་རྫོང་ཁོངས་ཡོངས་སུ་དགོན་པའི་དགེ་འདུན་པའི་གྲངས་འབོར་ལ་ཚོད་འཛིན་གྱི་སྲིད་ཇུས་དེ་ལག་བསྟན་བྱེད་མུས་ཡིན་ནའང་། བྱ་ཁྱུང་དགོན་དང་དྷི་ཚ་དགོན་གཉིས་ཀྱི་ཕྱིར་ཕུད་བཏང་བའི་དགེ་འདུན་པའི་གནས་སྟངས་ལས། ས་གནས་གཞན་གྱི་གནས་ཚུལ་ཁ་གསལ་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་། རྒྱ་ནག་གཞུང་གིས་དེ་སྔ་ནས་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པའི་གྲངས་འབོར་ལ་ཚོད་འཛིན་བྱེད་ཀྱི་ཡོད་ཀྱང་། དམིགས་བསལ་འདས་ལོའི་ཕྱི་ཟླ་ ༨ པའི་ནང་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་ཟེར་བའི་སྟེང་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཅན་དུ་བསྒྱུར་དགོས་པའི་གྲོས་གཞིར་བཟུང་དང་། སྤྱི་སྐད་ཅེས་བོད་ཀྱི་སློབ་གྲྭ་ཁག་ཏུ་བོད་ཡིག་སློབ་འཁྲིད་མཚམས་འཇོག་སོགས་དང་འབྲེལ་ནས། ད་ལྟ་བོད་ཀྱི་ཆོས་དང་རིག་གཞུང་གི་སྲོག་རྩར་གྲུབ་པའི་དགོན་པ་དང་སློབ་གྲྭ་ཁག་ལ་དམ་དྲགས་སྔར་ལྷག་བྱེད་འགོ་བརྩམས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

ཆུ་ཚོད་ ༢༠ སྔོན་ལ།
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

ཆུ་ཚོད་ ༢༡ སྔོན་ལ།
Mobile App

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ ༦༠ ཡིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕལ་ཆེར་དགུང་ལོ་ ༡༣༠ ཙམ་སྡོད་པའི་རྨི་ལམ་དང་མཚན་མ་བྱུང་ཞེས་གསུངས། 

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༧/༠༦
Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་གོ་གཅིག་ཕེབས་པར་འཚམས་འདྲི་ཞུ།

༢༠༢༦/༠༧/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese