མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ཚོས་རྣམ་པ་འགྱུར་བའི་ཏོག་དབྱིབས་གསར་པར་སྔོན་འགོག་གཟབ་ནན་དགོས་པའི་འབོད་སྐུལ་གནང་།

བོད་ཀྱི་དུས་བབ།
༢༠༢༡/༡༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་དང་བལ་ཡུལ་ནང་གནས་སྡོད་བཙན་བྱོལ་བོད་མིའི་ཁྲོད་འདས་པའི་བདུན་ཕྲག་གཅིག་ནང་བོད་མི་ ༣༩  ལ་ཏོག་དབྱིབས་གཉན་རིམས་འགོས་ཡོད་པ་དང་བོད་མི་ ༣ འདས་གྲོངས་སུ་ཕྱིན་ཡོད་འདུག

བདུན་རེའི་རེས་གཟའ་ཕུར་བུ་འཆར་ཅན་དུ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གིས། བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་ཏོག་དབྱིབས་ནད་པའི་གནས་སྟངས་སྐོར་དྲ་ལམ་ཐད་གཏོང་བརྒྱུད་གསལ་བསྒྲགས་གནང་གི་ཡོད་པ་ལྟར།   དེ་རིང་ཉིན་རྒྱབ་ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་ ༨༨ སྤེལ་སྐབས།  འདས་པའི་བདུན་ཕྲག་གཅིག་རིང་རྒྱ་གར་ནང་གི་ས་གནས་ ༨ དང་བལ་ཡུལ་གྱི་ས་གནས་གྲངས་ ༡ ནང་རང་ཁྱིམ་ལ་ཟུར་བཀག་ཏུ་སྡོད་མཁན་བོད་མི་ ༣༢ དང་། ཚོགས་སྡེའི་ཟུར་བཀག་ཁང་དུ་མི་གྲངས་ ༨༩ བཅས་ཁྱོན་བསྡོམས་ཟུར་བཀག་ཏུ་སྡོད་མཁན་མི་གྲངས་ ༡༢༡  ཡོད་པ་དང་། འདས་པའི་བདུན་ཕྲག་ནང་མི་གྲངས་ ༣༩ ལ་ཏོག་དབྱིབས་རིམས་ནད་འགོས་ཡོད་པ་དང་མི་གསུམ་འདས་གྲོངས་སུ་ཕྱིན་ཡོད་འདུག

འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་ཀུན་བཟང་ལགས་ཀྱིས། ཉེ་ཆར་ཏོག་དབྱིབས་རིམས་ནད་ཀྱི་ངོ་བོ་གྱུར་ཡོད་སྟབས། ནད་ཡམས་ཁྱབ་གདལ་འགྲོ་ཉེན་ཆེ་བས། རྒྱ་གར་གྱི་ཕྱི་ལོག་ནས་ཕེབས་པའི་བོད་མི་རྣམས་དང་། དགུན་ཚོང་ནས་ཕྱིར་གཞིས་ཆགས་སུ་ལོག་མཁན་རྣམས་ཀྱིས། ཏོག་དབྱིབས་རིམས་ནད་འགོས་ཡོད་མེད་བརྟག་དཔྱད་བྱ་རྒྱུ་དང་། ས་གནས་ཁག་ཏུ་ཟུར་བཀག་ཏུ་སྡོད་དགོས་པ་དང་། ཐོན་ལ་ཉེ་བའི་ཕྱི་ལུགས་དང་ཡི་ཤུའི་ལོ་སར་སོགས་སུ་མི་མང་འདུ་འཛི་ཆེ་བའི་ས་གནས་ཁག་ལ་མི་འགྲོ་བ་དང་། ཚང་མས་ཁ་རས་སོགས་ཏག་ཏག་གྱོན་དགོས་པའི་འབོད་སྐུལ་གནང་སོང་།

གསར་འགོད་གསལ་བསྒྲགས་སྟེང་སྨན་པ་མཚམས་གཅོད་ལགས་ཀྱིས། རྒྱ་གར་ནང་དུ་ལོ་བཅོ་བརྒྱད་མན་གྱི་བྱིས་པ་རྣམས་ལ་སྔོན་འགོག་སྨན་ཁབ་བརྒྱག་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ཛ་དྲག་ཚོགས་ཆུང་གིས་སློབ་གྲྭ་ཁག་གི་སྨན་ཞབས་པ་དང་། སློབ་གྲྭའི་དབུ་འཛིན། དེ་བཞིན་དགོན་སྡེ་ཁག་ལ་འབྲེལ་བ་བྱས་ཏེ། བྱིས་པ་རྣམས་ཀྱི་མིང་ཐོ་འགོད་དགོས་པའི་ལམ་སྟོན་སོགས་གནང་ཡོད་པ་དང་། ཉེ་ཆར་ཏོག་དབྱིབས་གཉན་སྲིན་གྱི་རྣམ་པ་གྱུར་ནས་འགོས་ཁྱབ་སོགས་མྱུར་བ་ཡོད་པས། མི་མང་གི་སེམས་སུ་དངངས་འཚབ་ཆེན་པོ་ཡོད་ཀྱང་། གཙོ་བོ་རང་རང་གི་འཕྲོད་བསྟེན་ལ་དོ་སྣང་བྱ་རྒྱུ་དང་། ཁ་སང་འཛམ་གླིང་གཉན་ནད་རེག་དུག་གི་ཉིན་མོ་སྲུང་གཙི་བྱས་པ་དང་འབྲེལ། བོད་མི་རྣམས་ཀྱི་གཉན་ནད་སོགས་མི་འགོས་སླད། སོ་སོས་བརྟག་དཔྱད་དང་དོགས་གཟོན་བྱ་དགོས་པའི་ལམ་སྟོན་སོགས་གནང་སོང་།

དེའི་རྗེས་ཕྱི་ལུགས་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས། ཉེ་ཆར་ཏོག་དབྱིབས་གཉན་རིམས་གཉན་སྲིན་གྱི་ངོ་བོ་གྱུར་ཡོད་ཀྱང་། རྒྱལ་སྤྱིའི་ཚན་རིག་པ་རྣམས་ཀྱིས་གཉན་སྲིན་དེར་ཞིབ་འཇུག་བྱེད་མུས་ཡིན་ཀྱང་། དེའི་སྨན་བཅོས་བྱེད་ཐབས་ནི་གཅིག་པ་ཡིན་པས། ཚང་མས་གཟབ་ནན་གྱིས་སྔོན་འགོག་སྨན་ཁབ་དུས་ཐོག་ཏུ་བརྒྱག་རྒྱུ་དང་། ནད་ཡམས་སྔོན་འགོག་བྱ་དགོས་པའི་ལམ་སྟོན་སོགས་གནང་སོང་།

ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གི་གསལ་བསྒྲགས་ལྟར་ན། ད་ལྟ་བར་དུ་རྒྱ་བལ་གཉིས་ནང་བོད་མི་ཏོག་དབྱིབས་ནད་པ་མི་གྲངས་  ༦༩༣༥ བྱུང་བའི་ཁྲོད་དྲག་སྐྱེད་ཟིན་པ་ ༦༧༡༤ དང་། རྐྱེན་འདས་སུ་ཕྱིན་པ་  ༡༦༢ ། ད་ལྟ་ཏོག་ནད་ཀྱིས་མནར་བཞིན་པའི་བོད་མི་གྲངས་  ༥༩ ཡོད་འདུག དེ་བཞིན་རྒྱ་གར་ནང་ཏོག་དབྱིབས་འགོག་ཁབ་གཉིས་ཀ་བརྒྱབ་ཟིན་པའི་མི་གྲངས་ ༤༦༡༤༠  དང་། དང་པོ་བརྒྱབ་ཟིན་པའི་མི་གྲངས་ ༤༠༦༩  ཆགས་ཡོད་པ་དང་། བལ་ཡུལ་ནང་འགོག་ཁབ་གཉིས་ཀ་བརྒྱབ་ཟིན་པའི་མི་ ༦༩༨༠   ཡོད་འདུག དང་པོ་བརྒྱབ་ཟིན་པའི་མི་གྲངས་ ༤༨  ཙམ་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༡༦ སྔོན་ལ།
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༦ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese